གསལ་བཤད།
ཉེ་ཆར་ཟམ་སྟོང་རིན་པོ་ཆེས། རྒྱ་གར་གྱི་གསར་ཤོག་ཁག་ནང་ལ། “རྒྱལ་བ་རིན་པོ་ཆེ་གལ་ཆེའམ། མང་གཙོ་གལ་ཆེ་”ཅེས་བསམ་ཚུལ་བསྡུ་མཁན་རྣམས་ལ་གསལ་བཤད་ཤིག་གནང་འདུག ཡིན་ནའང་། མི་ཁག་གཅིག་གིས་དེ་ལ་འགྲེལ་བཤད་དང་གོ་བ་འདྲ་མིན་བརྒྱབ། དེ་ཚོར་བོད་པ་ཁ་ཤས་ཀྱིས་ཁ་གཏད་ལངས་ནས། གསར་ཤོག་དང་པོད་ཁུག་ནང་བགྲོ་གླེང་མང་པོ་ཡོང་བཞིན་འདུག རྩ་བའི་ཟམ་སྟོང་རིན་པོ་ཆེས་གསུང་བཤད་གང་གནང་བ་དེ་ཉན་ཐུབ་མཁན་མང་པོ་མེད་སྟབས། རྩ་བའི་གསུང་འདི་ཡིག་ཐོག་ལ་ཕབ་ཡོད། འདི་ལ་གཟིགས་ནས་བགྲོ་གླེང་གནང་ན། གནས་ཚུལ་གསལ་པོ་ཡོང་བའི་རེ་བ་ཡིན།
གསུང་ངོ་མ་འདི་ནས་ཡིན།
“ང་ཚོའི་བསམ་བློའི་ནང་བཞེད་སྣང་ཆེན་པོ་གཅིག་ག་རེ་ཡོང་གི་ཡོད་རེད་ཟེར་ན། བོད་པའི་སྤྱི་ཚོགས་ཀྱི་ནང་ནས་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམས་ཆག་འགྲོ་ཡག་གི་ཉེན་ཁ་འདི། ལོ་རེ་ལས་ལོ་རེ་ཆེ་བ་ཡོང་གི་འདུག་བསམ་གྱི་ཡོད་རེད། དོལ་རྒྱལ་རྗེས་བྲངས་པ་ལྟ་བུ་ཞིག་ཡིན་པ་ཡིན་ན། འདི་ག་ཙམ་གྱི་གཏིང་ཟབ་ཀྱི་གཞི་རྩ་གང་ཡོད་མ་རེད། གློ་བུར་གྱི་སེམས་འཚོར་ཞིག་དང་། གློ་བུར་གྱིས་ལམ་ལོག་པ་སྟོན་མཁན་ཚོའི་བློ་བྲིད་འོག་ལ་ཕྱིན་ནས། འགྲོ་སྡད་པ་དེ། ད་དོལ་རྒྱལ་བསྟེན་སྲུང་པ་ཚོའི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུང་མཁན་མང་པོ་ཡོད། དེ་ང་ཚོ་ཞེ་དྲག་ཞེ་དྲག་ཧ་ལས་ཀྱི་མིན་འདུག ད་དེ་རིང་སང་ཉིན། བོད་ཀྱི་རྩ་དོན་དང་འབྲེལ་བ་ཆག་ནས། རང་བཙན་བསྒྲུབ་དང་མ་བསྒྲུབ། དེའི་ཆ་ནས་སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་དམད་ཞུ་མཁན། ཡང་དེང་རབས་ཀྱི་གནས་ཚུལ་ལ་བརྙས་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་བྱུང་ན། རྒྱལ་བ་རིནཔོ་ཆེ་བརྩི་མེད་བྱེད་དགོས་ཀྱི་ཡོད་པའི་ཟོ་འདྲ་པོ། དེ་འདྲས་ཀྱི་གནས་ཚུལ་གྱི་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་མཚན་དམད་ཞུ་མཁན།
སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཁ་ཤས་ལ་བལྟས་ནས། ཁོང་ལ་མཚན་དམད་ཞུ་མཁན་འདི་གས་
རྒྱ་མི་གུང་ཁྲན་དང་དོལ་རྒྱལ་རྗེས་བྲངས་བ་ཚོ་ལས་ཏོག་ཙམ་གྱིས་ཉེན་ཁ་ཆེ་བ་ཡོད་རེད་བསམ་གྱི་ཡོད།
ཉེ་ཆར་རྒྱ་གར་ནང་ལ་གསར་ཤོག་ཁག་གི་ནང་ལ། “རྒྱལ་བ་རིན་པོ་ཆེ་གལ་ཆེ་ཀྱི་རེད་པས། མང་གཙོ་གལ་ཆེ་ཀྱི་རེད་པས།” ཟེར་ནས་འདི་འདྲས་བསམ་ཚུལ་བསྡུས་པ་དེ་འདྲས་བྱུང་བཞག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོ་ཟེར་ཡག་སྐད་ཆ་བཤད་ཡག་ཡོད་པ་ཅིག་དང་། མང་གཙོའི་ཁེ་དབང་ལ་ཞེ་བོ་གཅིག་གིས་རླབས་ཆེན་པོ་བྱས་ནས་ལོངས་སྤྱད་ཐུབ་པ་འདི་སུའི་བཀའ་འདྲིན་ལ་བརྟེན་ནས་བྱུང་བ་རས། དེ་བརྗེད་འཚར་བ་རེད་པཱ། རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་མེད་པ་ཡིན་ན། ང་ཚོ་བོད་མི་སྦར་ར་གང་འདི་མང་གཙོ་ཡང་དག་པ་བྱས་ནས་བསྡད་ཀྱི་རེད་པས། བསྡད་ཐུབ་ཀྱི་རེད་པས། མང་གཙོ་འདི་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་པས། དེ་ང་ཚོ་དགོངས་པ་བཞེད་དགོས་ཡས་འདི་འདྲ་གཅིག་རེད་པཱ། ད་”རྒྱལ་བ་རིན་པོ་ཆེ་གལ་ཆེ་གི་རས་མང་གཙོ་གལ་ཆེ་གི་རས་”ཅེས་འདྲིས་དུས་སྐབས་ལ། རྒྱལ་བ་རིན་པོ་ཆེ་འདི་མང་གཙོའི་འགལ་ཟླ་ཡིན་པའི་ཟོ་འདྲ་པོ་ཞིག མང་གཙོའི་འགོག་རྐྱེན་ཡིན་པ་ཟོ་འདྲ་པོ་ཞིག བསམ་བློའི་ནང་དེ་འདྲས་འཁོར་ནས་ལབ་ཀྱི་ཡོད་རེད་པཱ།”
གསུང་མཇུག་བསྒྲིལ་འདུག
ཟམ་སྟོང་རེད་དམ་ཟམ་གདོང་རེད།
ཟམ་སྟོང་མ་རེད་ཟམ་གདོང་རེད།།
དེ་ལ་དོགས་པ་ཟ་དགོས་མེད།།
འབྲི་མཁན་འདིས་ཟམ་སྟོང་ཟེར་བར་ཡང་གོ་དོན་ཞིག་འགྲེལ་དུ་ཡོད་ངེས་མོད། འདི་དང་སྒྲ་ཉེ་བ་བསམ་སྟོང་རེད། འོན་ཀྱང་ཟམ་གདོང་བླ་མ་ནི་བོད་གངས་ཅན་ཀྱི་དུས་རབས་འདིའི་མཁས་པ་ཆེན་པོ་ཞིག་ཡིན་པས་བསམ་སྟོང་ནི་ག་ལ་ཡིན།
དྲ་གྲོགས་ལགས་་་ཁྱེད་ཀྱིས་ལྷག་བསམ་བཟོད་མེད་ཀྱིས་་་བཀའ་ཁྲི་མཆོག་གིས་གསུང་ངོ་མ་དེ་
གསལ་བཤད་གནང་བར་་་གུས་པས་ཇུགས་རྗེ་ཆེ་ཞུ་།
ཤེས་ཡོན་སྦྱོངས་གོས་ཆོད་འདུག་།།
ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཟབ་གསལ་ཞིག་གནང་འདུག་པས་ཁྱེད་ཀྱིས་ཡིག་ཐོག་ཏུ་ཕབ་པར་ངོ་མ་བཀའ་དྲིན་ཆེའོ།
ཟམ་གདོང་ཞེས་མིང་དངོས་མ་བྲིས་པར་ཟམ་སྟོང་ཞེས་འབྲི་བར་རྒྱུ་མཚན་གང་ཡོད་དམ། གལ་སྲིད་ཡིད་མ་རངས་བ་འདྲ་བྱུང་ན། རྒྱུ་མཚན་གང་ཡོད་བཤད་དགོས་པ་ལས། མིང་ལོག་བྲིས་པས་ཅི་ཕན། འབྲི་ནོར་ཡིན་ན་དེ་ལུགས་གསལ་བཤད་བྱེད་རྒྱུ་གལ་ཆེ།
འདི་ཡིག་ཐོག་ལ་སུས་ཕབ་པ་རེད། དྲ་ཐོག་ལ་འགོད་མཁན་ཚངས་དབྱངས་ཁོ་རང་གིས་ཕབ་པ་རེད་དམ། གང་ལྟར་ཡིག་ཐོག་ལ་ཕབ་པ་བཀའ་དྲིན་ཆེ་ནའང་ཟམ་སྟོང་ཞེས་བྲིས་པས་མཚོན་ཡིག་ནོར་མང་བ་འདི་ཡག་པོ་ཞིག་མི་འདུག ཡིག་ནོར་གྱིས་གོ་ལོག་ཐེབས་པ་ཇེ་མང་དུ་འགྲོ་སྲིད། དེ་ལས་དྲ་ཐག་བརྒྱུད་གསུང་བཤད་ཀྱི་གཟུགས་སྒྲ་ངོ་མ་ལ་བལྟ་ཉན་བྱས་ན་དགེ་མཚན་ཆེ།
༧རྒྱལ་བ་རིན་པོ་ཆེར་དད་གུས་རྩེ་གཅིག་ཞུ་རྒྱུ་དེ་གལ་ཆེན་པོ་རེད། དེ་ནི་ནང་གི་ཆིག་སྒྲིལ་དང་ཕྱིའི་སྲུང་སྐྱོབས་ཀྱི་ལྕགས་རི་རེད། རྒྱལ་སྤྱིའི་ཐོག་གི་བོད་ཀྱི་སྟོབས་ཤུགས་དང་རིག་གཞུང་གི་སྲོག་ཤིང་རེད། ༧རྒྱལ་བ་རིན་པོ་ཆེར་དད་པ་ནི་༧རྒྱལ་བ་རིན་པོ་ཆེ་གཅིག་པོར་དད་པ་ཙམ་མ་ཡིན་པར་། གོང་གི་གནད་དོན་གལ་ཆེན་འདི་དག་ལ་ཤ་ཞེན་བྱེད་པ་དང་གཅིག་རེད། དེའི་༧རྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་ནི་བླ་མ་སྒེར་ཞིག་ལ་ཁེ་བཟང་སྤྲད་པ་དེ་འདྲ་མ་རེད། རྒྱལ་བ་རིན་པོ་ཆེ་སྒེར་ལ་མཚོན་ན་དད་པ་བྱེད་དང་མི་བྱེད་ལ་ཁྱད་པར་ཡོད་མ་རེད།
ཡིག་ཐོག་ལ་འབེབ་མཁན་ཚངས་དབྱངས་ཡིན། ཡིག་ནོར་འདུག་ན་བཅོས་རོགས། ཟམ་སྟོང་རིན་པོ་ཆེས་གང་གསུངས་པ་འདི་ཇི་མ་ཇི་བཞིན་ཕབ་པ་ལས་སྒྱུར་བ་ཅི་ཡང་བཏང་མེད། གསུང་བཤད་འདི་ངག་ཐོག་ནས་གནང་བ་ལས། ཡིག་ཐོག་ལ་མིན་སྟབས། ཁ་སྐད་གཙོ་བོར་གཞིགས་ཏེ་ཕབ་པ་ཡིན།
ཟམ་གདོང་ལ་ཟམ་སྟོང་བྲིས་པ་དེར་དགོས་པ་ཡོད།
དཔེར་ན། དམངས་གཙོ་ལ་མང་གཙོ་དང་། རིག་གཞུང་ལེགས་བྱང་སོགས་ཟམ་གདོང་རིན་པོ་ཆེས། བོད་ཡིག་གི་ཐ་སྙད་ལ་རང་སྣང་གང་ཤར་གྱིས་སྒྱུར་བ་བཏང་ནས། མི་དམངས་ཀྱི་བསམ་ཚུལ་དང་། སྐད་ཡིག་གི་གཏན་འབེབ་ལ་རྩ་བ་ནས་གུས་ཞབས་མི་བྱེད་པ་འདིས། བོད་ཀྱི་སྐད་ཡིག་གཅིག་འགྱུར་ཡོང་བར་རྩ་བའི་གནོད་སྐྱོན་ཆེན་པོ་ཡོང་། བྱས་ཙང་ངས་ཀྱང་རང་སྣང་གང་ཤར་གྱིས་རིན་པོ་ཆེའི་མིང་གི་དག་ཆ་སྒྱུར་བ་གཏོང་བཞིན་ཡོད། ཁོང་གིས་ཁྱོད་ཅིའི་ཕྱིར་ངའི་མིང་གི་དག་ཆར་སྒྱུར་བ་གཏོང་ཟེར་ན། ངས་རིན་པོ་ཆེ་ཁྱེད་ཀྱིས་ང་ལ་བསྟན་བྱུང་། ཁྱེད་ཀྱིས་བོད་ཀྱི་ཐ་སྙད་ལ་ཡང་རང་གར་སྒྱུར་བ་གཏོང་བཞིན་པ་མ་ཡིན་ནམ་ཟེར།
རྒྱུ་མཚན་གཞན་མེད། དེའི་སྐོར་ལ་ཞིབ་ཕྲ་རྗེས་མ་འབྲི་བར་བྱའོ།
སྟག་འཁྱེར་ཤོག་ཟེར་ན་རྟ་འཁྱེར་ཡོང་གི་རེད་མ་གཏོགས་སྟག་འཁྱེར་ཡོང་གི་མ་རེད་བའི་དོན་ལས་མ་འདས། གསལ་བཤད་བྱས་བའང་སྤྱི་མཁར་དཔལ་ལྡན་དོན་འགྲུབ་གྱི་གསལ་བཤད་ལས་མེད་པས། མ་ཡིག་ངོ་མ་བཀོད་ན་ཕན།
ཚངས་དབྱངས་ཀྱིས་༼ཡིག་ནོར་འདུག་ན་བཅོས་རོགས།༽ཟེར་སྟངས་ལ་བལྟས་ན་ཁོ་རང་གིས་བཅོས་མ་ཤེས་པར་སྣང། དེས་ན་ངས་བཅོས་ཆོག ངས་བཅོས་པ་རྣམས་ཡིག་ནོར་སོ་སོའི་མཇུག་ཏུ་རྟགས་འདིའི་༼༽ནང་བཀོད་ཡོད། དགོས་ཡག་ཟེར་བ་དང་། ཆེ་གི་རེད་ཟེར་བ་དང་། རེད་པས་ཟེར་བ་སོགས་ནི་ཡོངས་གྲགས་ཀྱི་འབྲི་སྟངས་ལྟར་བྲིས་ཡོད། ཆད་ལྷག་རེ་ཟུང་ཡང་འདུག་པ་མཆན་རྗེས་མའི་ནང་འགོད་ཀྱི་ཡིན།
ནོར་བཅོས།
༄། ཉེ་ཆར་ཟམ་སྟོང་༼གདོང་༽རིན་པོ་ཆེས། རྒྱ་གར་གྱི་གསར་ཤོག་ཁག་ནང་ལ། ”རྒྱལ་བ་རིན་པོ་ཆེ་གལ་ཆེའམ། མང་གཙོ་གལ་ཆེ་”ཅེས་༼ཞེས་༽བསམ་ཚུལ་བསྡུ་༼སྡུད༽མཁན་རྣམས་ལ་གསལ་བཤད་ཤིག་༼ཅིག༽གནང་འདུག ཡིན་ནའང་། མི་ཁག་གཅིག་༼ཅིག་༽གིས་དེ་ལ་འགྲེལ་བཤད་དང་གོ་བ་འདྲ་མིན་བརྒྱབ༼བརྒྱབས༽། དེ་ཚོར་བོད་པ་ཁ་ཤས་ཀྱིས་ཁ་གཏད་ལངས་ནས། གསར་ཤོག་དང་པོད་ཁུག་ནང་བགྲོ་གླེང་མང་པོ་ཡོང་བཞིན་འདུག རྩ་བའི་ཟམ་སྟོང་༼གདོང༽རིན་པོ་ཆེས་གསུང་བཤད་གང་གནང་བ་དེ་ཉན་ཐུབ་མཁན་མང་པོ་མེད་སྟབས། རྩ་བའི་གསུང་འདི་ཡིག་ཐོག་ལ་ཕབ་ཡོད། འདི་ལ་གཟིགས་ནས་བགྲོ་གླེང་གནང་ན། གནས་ཚུལ་གསལ་པོ་ཡོང་བའི་རེ་བ་ཡིན།
གསུང་ངོ་མ་འདི་ནས་ཡིན།
“ང་ཚོའི་བསམ་བློའི་ནང་བཞེད་༼ཞེད་༽སྣང་ཆེན་པོ་གཅིག་ག་རེ་ཡོང་གི་ཡོད་རེད་ཟེར་ན། བོད་པའི་སྤྱི་ཚོགས་ཀྱི་ནང་ནས་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམས་ཆག་འགྲོ་ཡག་གི་ཉེན་ཁ་འདི། ལོ་རེ་ལས་ལོ་རེ་ཆེ་བ་ཡོང་གི་འདུག་བསམ་གྱི་ཡོད་རེད། དོལ་རྒྱལ་རྗེས་བྲངས་༼འབྲང་༽པ་༼བ༽ལྟ་བུ་ཞིག་ཡིན་པ་ཡིན་ན། འདི་༼དེ་༽ག་ཙམ་གྱི་གཏིང་ཟབ་ཀྱི་གཞི་རྩ་གང་ཡོད་མ་རེད། གློ་བུར་གྱི་སེམས་འཚོར་༼ཚོར༽ཞིག་དང་། གློ་བུར་གྱིས་༼གྱི་༽ལམ་ལོག་པ་སྟོན་མཁན་ཚོའི་བློ་༼བསླུ༽བྲིད་འོག་ལ་ཕྱིན་ནས། འགྲོ་སྡད་༼བསྡད༽པ་དེ། ད་དོལ་རྒྱལ་བསྟེན་སྲུང་༼གསོལ་༽པ་ཚོའི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུང་༼ཞུ༽མཁན་མང་པོ་ཡོད། དེ་ང་ཚོ་ཞེ་དྲག་ཞེ་དྲག་ཧ་ལས་ཀྱི་མིན་༼མི༽འདུག ད་དེ་རིང་སང་ཉིན། བོད་ཀྱི་རྩ་དོན་དང་འབྲེལ་བ་ཆག་༼ཆགས༽ནས། རང་བཙན་བསྒྲུབ་དང་མ་བསྒྲུབ། དེའི་ཆ་ནས་སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་དམད་༼སྨད༽ཞུ་མཁན། ཡང་དེང་རབས་ཀྱི་གནས་ཚུལ་ལ་བརྙས་༼བསྙད་༽ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་བྱུང་ན། རྒྱལ་བ་རིནཔོ་ཆེ་བརྩི་༼རྩིས༽མེད་བྱེད་དགོས་ཀྱི་ཡོད་པའི་ཟོ་༼བཟོ༽འདྲ་པོ། དེ་འདྲས་༼འདྲའི༽ཀྱི་༼ཀྱི་འདི་མི་དགོས༽གནས་ཚུལ་གྱི་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་མཚན་དམད༼སྨད༽་ཞུ་མཁན།
སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཁ་ཤས་ལ་བལྟས་ནས། ཁོང་ལ་མཚན་དམད་༼སྨད༽ཞུ་མཁན་འདི་གས་༼ཀོ ?༽
རྒྱ་མི་གུང་ཁྲན་དང་དོལ་རྒྱལ་རྗེས་བྲངས་༼འབྲང་༽བ་ཚོ་ལས་ཏོག་ཙམ་གྱིས་ཉེན་ཁ་ཆེ་བ་ཡོད་རེད་བསམ་གྱི་ཡོད།
ཉེ་ཆར་རྒྱ་གར་ནང་ལ་གསར་ཤོག་ཁག་གི་ནང་ལ། ”རྒྱལ་བ་རིན་པོ་ཆེ་གལ་ཆེ་ཀྱི་༼གི༽རེད་པས། མང་གཙོ་གལ་ཆེ་ཀྱི་༼གི༽རེད་པས།” ཟེར་ནས་འདི་འདྲས་༼འདྲའི༽བསམ་ཚུལ་བསྡུས་པ་དེ་འདྲས་༼འདྲ༽བྱུང་བཞག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོ་ཟེར་ཡག་སྐད་ཆ་བཤད་ཡག་ཡོད་པ་ཅིག་༼ཞིག༽དང་། མང་གཙོའི་ཁེ་དབང་ལ་ཞེ་བོ་༼ཞེད་པོ༽གཅིག་༼ཞིག༽གིས་༼གི༽རླབས་ཆེན་པོ་བྱས་ནས་ལོངས་སྤྱད་ཐུབ་པ་འདི་སུའི་བཀའ་འདྲིན་༼དྲིན༽ལ་བརྟེན་ནས་བྱུང་བ་རས༼རེད༽། དེ་བརྗེད་འཚར་༼ཚར་༽བ་རེད་པཱ། རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་མེད་པ་ཡིན་ན། ང་ཚོ་བོད་མི་སྦར་ར་༼སྦར་བ༽གང་འདི་མང་གཙོ་ཡང་དག་པ་བྱས་ནས་བསྡད་ཀྱི་རེད་པས། བསྡད་ཐུབ་ཀྱི་རེད་པས། མང་གཙོ་འདི་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་པས། དེ་ང་ཚོ་༼ཚོས་༽དགོངས་པ་བཞེད་༼བཞེས་༽དགོས་ཡས་༼ཡག༽འདི་འདྲ་གཅིག་༼ཞིག༽རེད་པཱ། ད་”རྒྱལ་བ་རིན་པོ་ཆེ་གལ་ཆེ་གི་རས་༼རེད༽མང་གཙོ་གལ་ཆེ་གི་རས་༼རེད༽”ཅེས་འདྲིས་༼དྲིས༽དུས་སྐབས་ལ། རྒྱལ་བ་རིན་པོ་ཆེ་འདི་མང་གཙོའི་འགལ་ཟླ་ཡིན་པའི་ཟོ་༼བཟོ༽འདྲ་པོ་ཞིག མང་གཙོའི་འགོག་རྐྱེན་ཡིན་པ་༼པའི༽ཟོ་༼བཟོ༽འདྲ་པོ་ཞིག བསམ་བློའི་ནང་དེ་འདྲས་༼འདྲ༽འཁོར་ནས་ལབ་ཀྱི་ཡོད་རེད་པཱ།”ཞེས་སོ།།
དེ་ལྟར་ཡིག་ནོར་གྲངས་ 52 འདུག
མཆན་གོང་མའི་འཕྲོས།
ཚངས་དབྱངས་ཀྱིས་ཡིག་ཐོག་ཕབ་པ་རང་འཇགས་ཐོག་ཆད་ལྷག་རིགས་ངས་བཅོས་པ་རྣམས་གོང་ལྟར་རྟགས་འདིའི་༼༽ནང་བཀོད་ཡོད།
ཆད་ལྷག་གི་ནོར་བཅོས།
༄། ཉེ་ཆར་ཟམ་སྟོང་རིན་པོ་ཆེས། རྒྱ་གར་གྱི་གསར་ཤོག་ཁག་ནང་ལ། ”རྒྱལ་བ་རིན་པོ་ཆེ་གལ་ཆེའམ། མང་གཙོ་གལ་ཆེ་”ཅེས་བསམ་ཚུལ་བསྡུ་མཁན་རྣམས་ལ་གསལ་བཤད་ཤིག་གནང་འདུག ཡིན་ནའང་། མི་ཁག་གཅིག་གིས་དེ་ལ་འགྲེལ་བཤད་དང་གོ་བ་འདྲ་མིན་བརྒྱབ། དེ་ཚོར་བོད་པ་ཁ་ཤས་ཀྱིས་༼ཀྱིས་འདི་མི་དགོས༽ཁ་གཏད་༼དུ༽ལངས་ནས། གསར་ཤོག་དང་པོད་ཁུག་ནང་བགྲོ་གླེང་མང་པོ་ཡོང་བཞིན་འདུག རྩ་བའི་ཟམ་སྟོང་རིན་པོ་ཆེས་གསུང་བཤད་གང་གནང་བ་དེ་ཉན་ཐུབ་མཁན་མང་པོ་མེད་སྟབས། རྩ་བའི་གསུང་འདི་ཡིག་ཐོག་ལ་ཕབ་ཡོད། འདི་ལ་གཟིགས་ནས་བགྲོ་གླེང་གནང་ན། གནས་ཚུལ་གསལ་པོ་ཡོང་བའི་རེ་བ་ཡིན།
གསུང་ངོ་མ་འདི་ནས་ཡིན།
“ང་ཚོའི་བསམ་བློའི་ནང་བཞེད་སྣང་ཆེན་པོ་གཅིག་ག་རེ་ཡོང་གི་ཡོད་༼པ༽རེད་ཟེར་ན། བོད་པའི་སྤྱི་ཚོགས་ཀྱི་ནང་ནས་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམས་ཆག་འགྲོ་ཡག་གི་ཉེན་ཁ་འདི། ལོ་རེ་ལས་ལོ་རེ་ཆེ་བ་ཡོང་གི་འདུག་བསམ་གྱི་ཡོད་༼པ༽རེད། དོལ་རྒྱལ་རྗེས་བྲངས་པ་ལྟ་བུ་ཞིག་ཡིན་པ་ཡིན་ན། འདི་ག་ཙམ་གྱི་གཏིང་ཟབ་ཀྱི་གཞི་རྩ་གང་༼ཡང་༽ཡོད་༼པ༽མ་རེད། གློ་བུར་གྱི་སེམས་འཚོར་ཞིག་དང་། གློ་བུར་གྱིས་ལམ་ལོག་པ་སྟོན་མཁན་ཚོའི་བློ་བྲིད་འོག་ལ་ཕྱིན་ནས། འགྲོ་སྡད་པ་དེ། ད་དོལ་རྒྱལ་བསྟེན་སྲུང་པ་ཚོའི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུང་མཁན་མང་པོ་ཡོད། དེ་ང་ཚོ་ཞེ་དྲག་ཞེ་དྲག་ཧ་ལས་ཀྱི་མིན་འདུག ད་དེ་རིང་སང་ཉིན། བོད་ཀྱི་རྩ་དོན་དང་འབྲེལ་བ་ཆག་ནས། རང་བཙན་བསྒྲུབ་དང་མ་བསྒྲུབ། དེའི་ཆ་ནས་སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་དམད་ཞུ་མཁན། ཡང་དེང་རབས་ཀྱི་གནས་ཚུལ་ལ་བརྙས་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་བྱུང་ན། རྒྱལ་བ་རིནཔོ་ཆེ་བརྩི་མེད་བྱེད་དགོས་ཀྱི་ཡོད་པའི་ཟོ་འདྲ་པོ། དེ་འདྲས་ཀྱི་གནས་ཚུལ་གྱི་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་མཚན་དམད་ཞུ་མཁན།
སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཁ་ཤས་ལ་བལྟས་ནས། ཁོང་ལ་མཚན་དམད་ཞུ་མཁན་འདི་གས་
རྒྱ་མི་གུང་ཁྲན་དང་དོལ་རྒྱལ་རྗེས་བྲངས་བ་ཚོ་ལས་ཏོག་ཙམ་གྱིས་ཉེན་ཁ་ཆེ་བ་ཡོད་༼པ༽རེད་བསམ་གྱི་ཡོད།
ཉེ་ཆར་རྒྱ་གར་ནང་ལ་གསར་ཤོག་ཁག་གི་ནང་ལ། ”རྒྱལ་བ་རིན་པོ་ཆེ་གལ་ཆེ་ཀྱི་རེད་པས། མང་གཙོ་གལ་ཆེ་ཀྱི་རེད་པས།” ཟེར་ནས་འདི་འདྲས་བསམ་ཚུལ་བསྡུས་པ་དེ་འདྲས་བྱུང་བཞག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོ་ཟེར་ཡག་སྐད་ཆ་བཤད་ཡག་ཡོད་པ་ཅིག་དང་། མང་གཙོའི་ཁེ་དབང་ལ་ཞེ་བོ་གཅིག་གིས་རླབས་ཆེན་པོ་བྱས་ནས་ལོངས་སྤྱད་ཐུབ་པ་འདི་སུའི་བཀའ་འདྲིན་ལ་བརྟེན་ནས་བྱུང་བ་རས། དེ་བརྗེད་འཚར་བ་རེད་པཱ། རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་མེད་པ་ཡིན་ན། ང་ཚོ་བོད་མི་སྦར་ར་གང་འདི་མང་གཙོ་ཡང་དག་པ་བྱས་ནས་བསྡད་ཀྱི་རེད་པས། བསྡད་ཐུབ་ཀྱི་རེད་པས། མང་གཙོ་འདི་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་པས། དེ་ང་ཚོ་དགོངས་པ་བཞེད་དགོས་ཡས་འདི་འདྲ་གཅིག་རེད་པཱ། ད་”རྒྱལ་བ་རིན་པོ་ཆེ་གལ་ཆེ་གི་རས་མང་གཙོ་གལ་ཆེ་གི་རས་”ཅེས་འདྲིས་དུས་སྐབས་ལ། རྒྱལ་བ་རིན་པོ་ཆེ་འདི་མང་གཙོའི་འགལ་ཟླ་ཡིན་པའི་ཟོ་འདྲ་པོ་ཞིག མང་གཙོའི་འགོག་རྐྱེན་ཡིན་པ་ཟོ་འདྲ་པོ་ཞིག བསམ་བློའི་ནང་དེ་འདྲས་འཁོར་ནས་ལབ་ཀྱི་ཡོད་༼པ༽རེད་པཱ།” ཞེས་སོ།།
དེ་ལྟར་ལྷག་པ་ ༡ དང་ཆད་པ་ ༧ འདུག
འཇིགས་མེད་བཀྲིས་ལགས་སུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཚངས་དབྱངས་ནས།
འཇིག་མེད་བཀྲ་ཤིས་ནས་མ་ཡིག་བཀོད་པ་ཐུགས་རྗེ་ཆེ།
ཟམ་མདོང་བླ་མས་སྐད་ཆ་དེ་འདྲ་ཞིག་བཤད་ཡོད་རེད་ཅེས་སྔོན་མ་ནས་གོ་ཐོས་བྱུང་ཡང་། དངོས་ཡོད་གནས་ཚུལ་ཡིན་པར་ངོས་འཛིན་གཏན་ནས་བྱས་མེད། ད་ལན་དངོས་སུ་མིག་མཐོང་ལག་ཟིན་བྱུང་བས་ངོ་མ་ཧ་སང་སོང་། རང་གཞུང་གི་བཀའ་བློན་ཁྲི་པ་ལའང་བསམ་ཚུལ་དེ་འདྲ་ཞིག་ཡོད་པར་ཞེད་སྣང་དགོས་པ་ཞིག་རེད། དོན་རྐྱེན་འདིས་འདས་ཟིན་པའི་གནས་ཚུལ་མང་པོ་ཞིག་དྲན་གསོ་བཏང་སོང་། ཁོང་གིས་ཞབས་སྟེགས་མཐོན་པོའི་ཆེད་དུ་རང་གི་རྩ་དོན་རྒྱུན་མཁྱོངས་མ་ཐུབ་པ་མ་གཏོགས། སྔོན་མར་༧གོང་ས་༧མཆོག་གིས་དབུ་མའི་ལམ་གྱི་གྲོས་འཆར་གཏོན་པའི་རྗེས་སུ་ “བདེན་པའི་ཨུ་ཚུགས”ཀྱི་ལས་འགུལ་ཞིག་སྤེལ་རྩིས་བྱས་པ་རེད། ཕལ་ཆེར་དུས་ཁོང་གིས་༧གོང་ས་༧མཆོག་གི་ཁ་གཏད་དུ་སྡོད་རྒྱུའི་ཀུན་སློང་སྐྱེས་ཡོད་ཤས་ཆེ།
མ་ཟད་ཁོང་གིས་ “བོད་པའི་སྤྱི་ཚོགས་ཀྱི་ནང་ནས་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམས་ཆག་འགྲོ་ཡག་གི་ཉེན་ཁ་འདི། ལོ་རེ་ལས་ལོ་རེ་ཆེ་བ་ཡོང་གི་འདུག་བསམ་གྱི་ཡོད་རེད། ” ཅེས་བཤད་འདུག གནས་ཚུལ་འདི་ཕྲན་གྱིས་མཐོང་་ཚུལ་ལ་བདེན་གཏམ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་མེད། གང་ཡིན་ཞེ་ན། སྔོན་མར་༧གོང་ས་༧མཆོག་གིས་དོལ་རྒྱལ་བསྟེན་གསོ་དམ་བསྒྲགས་གནང་བའི་སྐབས་སུ་མི་ཉན་འཇོག་མི་བྱེད་མཁན་ཧ་ཅང་མང་པོ་ཡོད་ཀྱང་། རིམ་བཞིན་ཇེ་ཉུང་དུ་ཕྱིན་ཏེ་དེང་སྐབས་གྲངས་ཀ་རྒྱབ་ན་མཛུབ་མོའི་གོང་དུ་གྲངས་འདྲེན་ཐུབ་པ་ཞིག་ལས་མེད་པས། གནད་དོན་འདི་ཁོ་ནའི་སྟེང་ནས་ཟམ་མདོང་བླ་མ་ལ་ལན་འདེབས་གསལ་པོ་ཞིག་བྱས་ཡོད་སྙམ། ད་དུང་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་བསྩལ་གནང་སྐབས་སུ། པགས་རིགས་དང་རྒྱན་ཆའི་སྐོར་བཀའ་སློབ་གནང་ཐེངས་གཅིག་གིས་འཛམ་གླིང་ནང་དུ་འགྱུར་བ་གང་འདྲ་ཞིག་བཏང་སོང་། འདི་དག་ནི་ང་ཚོའི་སྤྱི་ཚོགས་ནང་དུ་༧གོང་ས་༧མཆོག་གི་བཀའ་གསུང་སྤྱི་བོར་བླངས་པའི་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་བདེན་དཔང་ཡིན།
མ་གཞི་ཁོང་གིས་རང་གི་ཁེ་ཕན་གྱི་ཆེད་དུ་ཆབ་སྲིད་ཀྱི་ཟློས་གར་འདྲ་མིན་འཁྲབ་ཟིན་པ་རེད། སྔོན་མ་ཁོང་ཚོགས་གཙོ་ཡིན་པའི་སྐབས་སུ་དོལ་རྒྱལ་དམ་བསྒྲགས་ཀྱི་སྐོར་གསུང་བཤད་ཅིག་གནང་སོང་། གསུང་བཤད་ནང་དུ་ཁོང་གིས་་་ངས་ཀྱང་སྔོན་མར་བསྟེན་མྱོང་། བོད་གཞུང་དགའ་ལྡན་ཕོ་བྲང་དང་མ་འགྲིག་པ་མ་གཏོགས། དཀར་ཕྱོགས་ཀྱི་ལྷ་ཞིག་དང་ཏན་ཏན་རེད་འདུག དཔེར་ན། སྤྱན་མི་བཟང་རྒྱལ་ཆེན་རིགས་བཞིའི་ནང་ནས་གཅིག་ཡིན་ཀྱང་། ལས་སྨོན་གྱི་དབང་གིས་ང་ཚོ་ལ་ཐད་ཀར་བལྟས་ན་བཀྲ་མི་ཤེས་པ་ཡོང་གིན་ཡོད་རེད། ་་་་་་་་་་་ཅེས་བརྗོད་སོང་། དེ་དང་དེ་བཞིན་སྐབས་སྟོབས་ཀྱིས་སྲིད་དོན་གྱི་ཁེ་ཕན་གོ་སྐབས་བླངས་པའི་བྱ་སྤྱོད་མང་པོ་རེད།
ཕྲན་གྱིས་མཐོང་ཚུལ་བྱས་ན། བོད་པའི་སྤྱི་ཚོགས་ནང་དུ་ཁོང་ལ་རྩིས་མཐོང་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་རེད། དཔེ་མཚོན་འཚམ་ཤོས་ཤིག་ཏུ། སྔོན་མར་སྤྱི་འཐུས་འོས་ཤོག་འཕེན་སྐབས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ག་ཚོད་ཡོད་རེད། ད་ལན་འོས་ཤོག་ནང་དུ་ཁོང་གི་གྲངས་འབོར་ག་ཚོད་སླེབས་འདུག གནད་དོན་འདི་གཉིས་ཞིབ་བསྡུར་བྱས་ན་གསལ་པོ་ལྷང་ལ་བུད་ངེས་རེད།
རང་བཙན་འཐབ་རྩོད་བྱེད་པར་དེ་འདྲའི་ཉེན་ཁ་ཆེན་པོ་ཡིན་པའི་རྒྱུ་མཚན་མཐོང་གིན་མི་འདུག ང་ཚོས་ཤོར་བ་དེ་རང་བཙན་ཡིན་པས། དེ་ཚུར་དགོས་ཞེས་བཤད་ཀྱིན་ཡོད་རེད། འདི་དེ་འདྲའི་ཉེན་ཁ་ཡིན་དོན་གང་ཡིན་ནམ། བོད་ནང་དུ་རང་བཙན་གྱི་ཆེད་དུ་སྐུ་སྲོག་དོར་མཁན་ཤིན་ཏུ་མངས་ཤིང་། ད་ལྟར་བཙོན་ཁང་དུ་བཞུགས་པའི་དཔའ་བོ་དང་དཔའ་མོ་གྲངས་ལས་འདས་པ་ཞིག་ཡོད་པས། གནས་ཚུལ་འདི་ཁྱབ་བརྡལ་ཕྱིན་པ་ཡིན་ན། ཁོང་ཚོར་བློ་ཕམ་ག་ཚོད་ཡོང་གིན་རེད། ད་དུང་དེ་དང་དེ་འདྲ་བར་་་་་་་་་་་་་་་་་་་་་་་་་་་་་གཡུགས་ཞོག བཤད་འདོད་མི་འདུག
ཟམ་གདོང་གིས་གང་བཤད་དང་ཤུགས་ལྡན་གྱི་ངོ་བོ་གང་ཡིན་སོགས་རེ་ཞིག་མི་མངོན་པའི་དབྱིངས་སུ་སྦས་རན། ༢༠༠༨ བོད་ནང་དུ་དཔའ་བོ་དང་དཔའ་མོ་ཚོས་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ་སྐབས། ང་ཚོ་བཙན་བྱོལ་བའི་ཁྲོད་དུ་མཐོང་རྒྱུ་མེད་པའི་ལྷ་འདྲེ་ཞིག་གི་ཐོབ་ཐང་རྩོད་ནས་ལོ་རྒྱུས་སྐྱུག་བྲོ་བ་དྲྭ་ལམ་བཏོན་མི་ཐུབ་པ་དག་བཟོས་ཡོད།
དམ་ཚིག་ཟེར་བ་དེ་ཧ་ཅང་མགོ་རྙོགས་པོ་ཞིག་རེད། དང་པོ་བླ་མའི་མདུན་ནས་དབང་ཞུ་དུས་དབང་ཐོབ་ཡོད་མེད་ཐེ་ཚོམ་རེད། ང་རང་ཚོའི་སྤྱི་ཚོགས་འདིའི་ལུགས་སྲོལ་ལ་དབང་གྲལ་དུ་ཞུགས་ནས་དབང་རྫས་ཐོབ་པ་ཙམ་ལ་དབང་ཐོབ་སོང་ཞེས་བཤད་ཀྱིན་ཡོད། དོན་དངོས་གསང་སྔགས་གཞུང་རང་ནས་གསུངས་པ་ལྟར་ན་དབང་ཐོབ་པའི་ཚད་དེ་ཙམ་མིན། འོན་ཀྱང་ང་ཚོའི་ལུགས་སྲོལ་གྱི་དབང་ཐོབ་པའི་ཚད་དེ་ཙམ་གྱིས་ཆོག་པ་འདྲ།
དབང་ཐོབ་རྗེས་སུའང་བསྲུང་རྒྱུ་རྩ་བ་དང་ཡན་ལག་དམ་ཚིག་མང་དུ་ཡོད། ཡན་ལག་གི་ཚིག་ལ་ང་ཚོར་མི་དགོས་པ་འདྲ། ཧ་ཧ། རྩ་བའི་དམ་ཚིག་ལའང་བླ་མ་དང་མཆེད་ཀྱི་དམ་ཚིག་མང་དུ་ཡོད་པ་ཤེས་དགོས་ཀྱི། བླ་མ་དང་མ་འགལ་ན་མཆེད་གྲོགས་དང་འགལ་ཀྱང་ཆོག་པའི་གསང་སྔགས་ཀྱི་དབང་ཞིག་བསྐུར་རྒྱུ་གང་ན་ཡོད་ཚོད་མི་འདུག ༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་དབང་གྲལ་དུ་ཞུགས་ནས་དབང་རྫས་ཐོབ་ཚད་དབང་ཐོབ་པའི་གྲངས་སུ་བགྲངས་ཤིང་། དབང་ཞུས་པ་ཙམ་གྱིས་ཁོང་རྩ་བའི་བླ་མར་བརློམས་པའི་བོད་སྲོལ་འདི་ལྟར་ན། མཆེད་ལྕམས་རྣམས་ནང་འཁྲུགས་དང་ནང་མི་འཆམས་ག་ཚོད་བྱུང་བ་དེ་ཙམ་ཞིག་དམ་ཚིག་ཉམས་སུ་འགྲོ་བར་ཁས་ལེན་དགོས་པ་འདྲ། བསམ་ཚུལ་འདི་ནི་ཟམ་གདོང་ལ་བདེན་པ་སྟེར་འདོད་མིན་ལ་ཡེ་ཤེས་རབ་རྒྱས་ལ་དགག་པ་རྒྱབ་འདོད་ཀྱང་མིན། དེས་ན་གསང་སྔགས་རང་གཞུང་དང་མཐུན་པའི་དམ་ཚིག་སྐོར་གླེང་ན་ངོས་གནས་འཇིགས་སྣང་སྐྱེ་དགོས་པའི་ཚད་དུ་བསླེབས་ཡོད། འོན་ཀྱང་ང་ཚོར་བོད་པར་ལུགས་སྲོལ་ཙམ་གྱིས་དམ་ཚིག་བསྲུང་ཚུལ་ཡོད་པའི་རེ་ཞིག་བློ་བདེ་བར་གནས་ཆོག དེ་ལྟ་ནའང་རྣམ་སྨིན་གྱི་འབྲས་བུ་ནི་ལུགས་སྲོལ་གྱི་རྗེས་སུ་མི་འགྲོ་བར་དོན་གྱི་རྗེས་སུ་འགྲོ་རྒྱུ་ཡིན་པས་ནམ་ཞིག་འཇིགས་སྣང་དེའི་ར་བ་ལས་བརྒལ་ཐབས་མེད།
ཟམ་གདོང་གིས་གང་བཤད་དང་ཤུགས་ལྡན་གྱི་ངོ་བོ་གང་ཡིན་སོགས་རེ་ཞིག་མི་མངོན་པའི་དབྱིངས་སུ་སྦས་རན། ༢༠༠༨ བོད་ནང་དུ་དཔའ་བོ་དང་དཔའ་མོ་ཚོས་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ་སྐབས། ང་ཚོ་བཙན་བྱོལ་བའི་ཁྲོད་དུ་མཐོང་རྒྱུ་མེད་པའི་ལྷ་འདྲེ་ཞིག་གི་ཐོབ་ཐང་རྩོད་ནས་ལོ་རྒྱུས་སྐྱུག་བྲོ་བ་དྲྭ་ལམ་བཏོན་མི་ཐུབ་པ་དག་བཟོས་ཡོད། དད་པ་དང་དམ་ཚིག་ཟེར་བ་དེ་ཧ་ཅང་མགོ་རྙོགས་པོ་ཞིག་རེད། དང་པོ་བླ་མའི་མདུན་ནས་དབང་ཞུ་དུས་དབང་ཐོབ་ཡོད་མེད་ཐེ་ཚོམ་རེད། ང་རང་ཚོའི་སྤྱི་ཚོགས་འདིའི་ལུགས་སྲོལ་ལ་དབང་གྲལ་དུ་ཞུགས་ནས་དབང་རྫས་ཐོབ་པ་ཙམ་ལ་དབང་ཐོབ་སོང་ཞེས་བཤད་ཀྱིན་ཡོད། དོན་དངོས་གསང་སྔགས་གཞུང་རང་ནས་གསུངས་པ་ལྟར་ན་དབང་ཐོབ་པའི་ཚད་དེ་ཙམ་མིན། འོན་ཀྱང་ང་ཚོའི་ལུགས་སྲོལ་གྱི་དབང་ཐོབ་པའི་ཚད་དེ་ཙམ་གྱིས་ཆོག་པ་འདྲ། དབང་ཐོབ་རྗེས་སུའང་བསྲུང་རྒྱུ་རྩ་བ་དང་ཡན་ལག་དམ་ཚིག་མང་དུ་ཡོད། ཡན་ལག་གི་དམ་ཚིག་ང་ཚོར་མི་དགོས་པའི་དབང་དུ་བཏང་། ཧ་ཧ།
རྩ་བའི་དམ་ཚིག་ལའང་བླ་མ་དང་མཆེད་ཀྱི་དམ་ཚིག་མང་དུ་ཡོད་པ་ཤེས་དགོས་ཀྱི། བླ་མ་དང་མ་འགལ་ན་མཆེད་གྲོགས་དང་འགལ་ཀྱང་ཆོག་པའི་གསང་སྔགས་ཀྱི་དབང་ཞིག་བསྐུར་རྒྱུ་གང་ན་ཡོད་ཚོད་མི་འདུག ༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་དབང་གྲལ་དུ་ཞུགས་ནས་དབང་རྫས་ཐོབ་ཚད་དབང་ཐོབ་པའི་གྲངས་སུ་བགྲངས་ཤིང་། དབང་ཞུས་པ་ཙམ་གྱིས་ཁོང་རྩ་བའི་བླ་མར་བརློམས་པའི་བོད་སྲོལ་འདི་ལྟར་ན། མཆེད་ལྕམས་རྣམས་ནང་འཁྲུགས་དང་ནང་མི་འཆམས་པ་ག་ཚོད་བྱུང་བ་དེ་ཙམ་ཞིག་དམ་ཚིག་ཉམས་སུ་འགྲོ་བར་ཁས་ལེན་དགོས་པ་འདྲ། བསམ་ཚུལ་འདི་ནི་ཟམ་གདོང་ལ་བདེན་པ་སྟེར་འདོད་མིན་ལ་ཡེ་ཤེས་རབ་རྒྱས་ལ་དགག་པ་རྒྱབ་འདོད་ཀྱང་མིན། གསང་སྔགས་རང་གཞུང་དང་མཐུན་པའི་དམ་ཚིག་སྐོར་གླེང་ན་ངོས་གནས་འཇིགས་སྣང་སྐྱེ་དགོས་པའི་ཚད་དུ་བསླེབས་ཡོད། འོན་ཀྱང་ང་ཚོར་བོད་པར་ལུགས་སྲོལ་ཙམ་གྱིས་དམ་ཚིག་བསྲུང་ཚུལ་ཡོད་པའི་རེ་ཞིག་བློ་བདེ་བར་གནས་ཆོག དེ་ལྟ་ནའང་རྣམ་སྨིན་གྱི་འབྲས་བུ་ནི་ལུགས་སྲོལ་གྱི་རྗེས་སུ་མི་འགྲོ་བར་དོན་གྱི་རྗེས་སུ་འགྲོ་རྒྱུ་ཡིན་པས་ནམ་ཞིག་འཇིགས་སྣང་དེའི་ར་བ་ལས་བརྒལ་ཐབས་མེད།