བྲག་སྣ་བ།
བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྤྱི་ཁྱབ་བཀོད་སྒྲིག་འོག ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཕྱི་སྡོད་བོད་མི་ཚོས་ཟས་བཅུད་སྨྱུང་གནས་ཀྱི་ལས་འགུལ་ཞིག་སྤེལ་སོང་བར། རང་ཡང་བོད་མི་ཞིག་ཡིན་པའི་ངོས་ནས་མཉམ་ཞུགས་བྱས་ཤིང༌། ལས་འགུལ་མགོ་འཛུགས་སྐབས་ཀྱི་བཀའ་ཁྲིའི་གཏམ་བཤད་གནང་བ་ལ་ཡང་ནན་གྱིས་ཉན་པ་ཡིན།
ཡིན་ནའང༌། བཀའ་ཁྲིས་བོད་རིགས་ཡོངས་ཀྱིས་ཡིད་དང་ངག་གི་འཚེ་བ་གཏན་དུ་སྤོང་མ་ཐུབ་པའི་དབང་གིས་ང་ཚོའི་ད་བར་གྱི་འབད་བརྩོན་མཐའ་དག་ལ་དོན་དམ་གྱི་གྲུབ་འབྲས་ཐོབ་མེད་ཅིང༌། བོད་མི་ཚོའི་ཡིད་ཀྱི་འཚེ་བ་མངོན་གྱུར་བ་མགོ་མནོན་ཙམ་ཞིག་མ་བྱུང་གི་བར་བོད་དོན་བདེན་མཐའ་གསལ་བ་དེ་ཤིན་ཏུ་དཀའ་བ་སོགས་ཀྱི་བཀའ་སློབ་ཡ་མཚན་པ་ཞིག་གནང་སོང་བ་དེས། བདག་གི་དེ་སྔའི་གཟབ་ནན་དང༌། ལྷིང་འཇགས་ཀྱི་སེམས་ཁམས་དཀྲོག་སྟེ་ཐེ་ཚོམ་དང༌། མུན་ཐོམ་གྱི་ཀློང་ལ་ཡན་དུ་བཅུག་སོང༌།
བཀའ་ཁྲི་ལྟར་ན། བོད་དོན་འཐབ་རྩོད་འདི་ནང་སེམས་ཀྱི་ཉམས་ལེན་གྱི་འཐབ་རྩོད་ཅིག་སྟེ། རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ལ་རྒོལ་ཅིང་དེ་ལས་རྒྱལ་རྒྱའི་དམིགས་འདུན་ཅན་གྱི་འཐབ་རྩོད་ཞིག་ལས། བོད་མི་རིགས་ཀྱི་ཕྱི་ཡི་འཚོ་གནས་དགོས་མཁོར་ཕྱོགས་པའི་འཐབ་རྩོད་ཅིག་མིན་པར་དགོངས་ཀྱི་ཡོད་པ་འདྲ།
དེ་མིན་ན། ཡིད་དང་ངག་གི་འཚེ་བ་ཟེར་བ་འདི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དག་དང་འབྲེལ་ཞིང༌། བརྣབ་སེམས་དང་གནོད་སེམས། ངག་བཀྱལ་སོགས་ཡིད་ངག་གི་མི་དགེ་བ་འདི་དག་ཇི་སྲིད་སྤོང་བར་མ་གྱུར་དེ་སྲིད་ལ། བོད་དོན་བདེན་མཐའ་གསལ་ཐབས་མེད་ན། བོད་དོན་བདེན་མཐའ་ཟེར་བ་དེ། འཕྲུལ་བའི་སྣང་བ་ཙམ་དང༌། དེ་ཡིས་བསྐྱེད་པའི་སྐད་ཆའི་ཐ་སྙད་ཙམ་ལས། མངོན་སུམ་ལོངས་སྤྱོད་ཀྱི་ཡུལ་དུ་འགྱུར་རྒྱུའི་གནས་ཤིག་མིན་པ་རེད།
གང་གིས་ཞེ་ན། བཀའ་ཁྲིའི་གསུང་གི་མངོན་ལྐོག་གཉིས་སྡོམ་གྱི་བརྗོད་དོན་གསལ་པོ་བྱས་ན། ང་ཚོས་ད་བར་ཡིད་ངག་གི་འཚེ་བ་གཏན་དུ་སྤོངས་མ་ཐུབ་པའི་དབང་གིས། ང་ཚོར་བྱང་འཕགས་སོགས་ཀྱི་གོ་འཕང་ཐོབ་མ་ཐུབ་པ་རེད་ལ། བྱང་འཕགས་ལྟ་བུའི་གོ་འཕང་ཤིག་ཐོབ་པའི་རྗེས་ལ་མ་གཏོགས། བོད་དོན་འཐབ་རྩོད་ལ་དོན་དམ་གྱི་གྲུབ་འབྲས་ཤིག་ཐོབ་མི་སྲིད་བཅས་པ་འདི་རེད་མོད། འོན་ཏེ། དེ་ལྟའི་ཡིད་དང་ངག་གི་འཚེ་བ་གཏན་ཏུ་སྤངས་པའི་བོད་མི་རིགས་ཞིག་ནམ་ཡང་འབྱུང་ཐབས་མེད་པས་ཡིན།
ཡང་བཀའ་ཁྲི་མཆོག་གིས་མུ་མཐུད་གསུང་རྒྱུར། བོད་མི་ཚོར་བོད་དོན་བདེན་མཐའ་གསལ་བའི་མངོན་འདོད་དང་ལྷག་བསམ་རྣམ་དག་ཞིག་ཡོད་ན་ང་ཚོའི་འཚེ་བ་མེད་པའི་ནུས་ཤུགས་འདི་གོང་མཐོར་གཏོང་དགོས་ཟེར། བོད་མི་ཚོར་བོད་དོན་བདེན་མཐའ་གསལ་རྒྱུའི་མངོན་འདོད་དང་ལྷག་བསམ་ཡོད་མེད་ལ། འཇིག་རྟེན་གྱི་མི་སུ་ཡང་དོགས་པ་སྐྱེས་མི་སྲིད་ལ། ཚུལ་འདིར་དྲི་བའང་འདྲི་མི་འོས། ག་རེ་ཞེ་ན། དེ་ནི་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་གཞིས་བྱེས་བོད་མི་ཚོའི་འགུལ་སྐྱོད་ཀྱི་རྐང་རྗེས་དག་གིས་ར་སྤྲོད་གསལ་པོ་བྱས་ཡོད། འདི་ལས་ལྷག་པའི་མངོན་འདོད་ཅིག་དང༌། ལྷག་བསམ་ཞིག་སུ་ཡང་མེད་པའི་ཚོད་རེད། ཡིན་ནའང༌། བཀའ་ཁྲི་དོགས་པ་སྐྱེས་འདུག་ལ། དྲི་བའང་དྲིས་སོང༌།
མདོ་དོན། ཁོང་གི་བཀའ་སློབ་འདིའི་བརྗོད་དོན་ཟབ་ཐལ་ཆེ་བས་སམ། ཡང་ན་གསུང་སྟངས་ཀྱི་ངག་གི་སྒྱུ་རྩལ་མཐོ་དྲག་པས་ཡིན་ནམ། གང་ལྟར་ཁོ་བོའི་སེམས་ངོར་ཉིན་དེའི་བཀའ་ཁྲིའི་གཏམ་བཤད་དེ་འཇགས་བདེ་མེད་པའི་རྙོག་འཛིང་ཅན་གྱི་བཀའ་སློབ་ཞིག་ཏུ་གྱུར་སོང༌།
ཟས་བཅད་དང་སྨྱུང་གནས་དོན་གཅིག་ཡིན་པས་འདིར་ཟས་བཅད་སྨྱུང་གནས་ཅེས་བསྐྱར་ཟློས་མ་བྱས་ནའང་གོ་གི།
བཀའ་ཁྲི་ལྟར་ན་བོད་ཀྱི་མི་སྐྱ་ཡོངས་ཀྱིས་ཁོང་གི་མདུན་ནས་གྲྭ་པ་དང་ཨ་ནེའི་སྡོམ་པ་ཞུ་དགོས་ཀྱི་ཡོད་པ་འདྲ། དེ་ནས་སོ་ཐར་གྱི་སྡོམ་པའི་སྟེང་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་ཞུ་དགོས་ཀྱི་ཡོད་པ་འདྲ། གང་ལྟར་སེར་མོ་བས་ཆབ་སྲིད་ཀྱི་མགོ་ཁྲིད་བྱས་ན་མཐར་ཐུག་གི་སྐད་ཆ་འདི་འདྲ་མ་གཏོགས་ཡོད་ཀྱི་མ་རེད། དེའི་ཕྱིར་ཇི་སྲིད་ཆོས་སྲིད་གཉིས་ལམ་ཐ་དད་དང་ལག་ལེན་ཐ་དད་དུ་མ་སོང་དེ་སྲིད་དུ་ཆབ་སྲིད་ཀྱི་བྱ་བ་ཆེན་པོ་དག་ལེགས་འགྲུབ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེ་ནི་འདས་དང་ད་ལྟའི་ང་ཚོའི་གནས་བབ་ཀྱིས་བསྟན་དང་སྟོན་བཞིན་ཡོད་ལ། མ་འོངས་པར་ཡང་བསྟན་ཆོག་ཆོག་རེད།
བཀའ་ཁྲིས། ལུས་ངག་ཡིད་གསུམ་གྱིས་འཚེ་བ་གཏན་སྤོངས་མ་ཐུབ་པས་བོད་དོན་བདེན་མཐའ་གསལ་མ་ཐུབ་སྐད། དེས་ན་བོད་དོན་བདེན་མཐའ་གསལ་བ་ལ་བོད་མི་ཡོངས་ཀྱིས་མ་མཐའ་ས་དང་པོ་ཐོབ་དགོས་པ་མ་ཡིན་ནམ། དེ་སྔོན་འཛམ་གླིང་ནང་དུ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་ལས་ཐར་པའི་རང་དབང་འཐབ་བརྩོད་ལ་རྒྱལ་ཁ་ཐོབ་མཁན་ཚང་མས་འཚེ་བ་གཏན་ནས་སྤོངས་པ་ཡིན་ནམ་ཡང་ན་བོད་ལ་དམིགས་བསལ་ཡིན། བསམ་གཞིགས་ནན་མོ་ཞིག་བྱས་ན་ལམ་དབུ་མའི་ཐབས་ལམ་གྱིས་བོད་དོན་འདི་ངོ་མ་སྟོང་པ་ཉིད་དུ་བསྒྱུར་ཟིན་པ་འདྲ། དོན་འདི་སྔོན་ཡང་བརྗོད་ཟིན།
དྲ་གྲོགས་གཉིས་ཀྱིས་གསུངས་པར་བརྒྱ་ཆའི་བརྒྱ་ཐམ་པར་མོས་མཐུན་ཡོད། འདི་ལྟར་བསམ་བློ་གཏོང་དུས། ང་ཚོའི་བཀའ་ཁྲིའི་སྨྱོ་ནད་ད་དུང་སངས་མི་འདུག རྒྱུ་མཚན། ཁོས་སྲིད་དོན་གྱི་སྟེགས་བུར་ཆོས་བཤད། ཆོས་ཀྱི་བགྲོ་གླེང་སྐབས་སྲིད་བཤད། མདོར་ན་འཇིག་རྟེན་ན་སྨྱོན་པ་ཟེར་བ་ཞིག་ཡོད་ན་འདི་ལས་ལྷག་ཅིག་འཚོལ་རྒྱུ་ཡོད་དམ། འདི་ལྟར་བྱས་ནས་ང་ཚོས་ཡོད་ཚད་ཤོར་ཟིན་པ་རེད། ཁོས་འདི་ལྟར་རྐྱང་བྱས་ནས་སྤྱི་འཐུས་ཚོགས་གཙོའི་དུས་ཡུན་མི་ལོ་ ༡༠ ཕར་བསྐྱལ་བ་མ་ཟད། བཀའ་ཁྲིའི་ལོ་དུས་མི་ལོ་བཅུ་ཡང་ཕལ་ཆེར་རྫོགས་ལ་ཉེ། དེ་ལྟ་བའི་རྩ་ཆེའི་དུས་ཚོད་གསེར་ལྟ་བུ་དེ། ཁོས་འདི་ལྟར་བྱས་ནས་འཕྲོ་བརླག་ཏུ་བཏང་སོང་། ད་དུང་ཁོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་ངན་སེམས་འཆིང་བཞིན་ཡོད། དྲ་གྲོགས་རྣམས་ཀྱིས་ཁོའི་ངན་སེམས་དེའི་དམིགས་ཡུལ་ཅི་ཡིན་མཁྱེན་ནམ།
བཀའ་ཁྲི་མིང་ཅན་གཟམ་གདོང་ནི་མི་ ༣༠ ཐམ་པ་་ན་མཐོ་སློབ་དུ་རང་འདོད་གང་ཡོད་དང་སྣང་བ་གང་དྲན་བྱས་ནས་བསྡད་པ་དེས་བག་ཆགས་ཀྱིས་བོད་གཞུང་དུ་ཡང་ཁོས་སྣང་བ་གང་དྲན་བྱས་ནས་བསྡོད་ཀྱི་ཡོད་པ་རེད། འོན་ཀྱང་ཁོའི་སྤྱོད་ངན་གྱི་ལེ་ལེན་ཕྱེད་རྒྱ་གར་གཞིས་ཆགས་ནང་གི་བོད་མི་བོད་གཞུང་གིས་མུན་ཁུངས་སུ་བཅུག་ནས་ཉར་ཡོད་པ་དེ་ཚོ་ལ་ཡོད་པ་རེད། གང་ལྟར་གཟམ་གདོང་ནི་འུ་ཐུག་གི་བཀའ་ཁྲི་ཙམ་ལས་དོན་ལ་མི་དམངས་ཀྱི་འགོ་འཁྲིད་ཐུབ་པའི་ཤེས་ལྗོན་གང་ཡང་མེད་མཁན་ཞིག་རེད།
ཁོ་སྔོན་རྡོ་རྗེ་ཤུགས་ལྡན་ལ་དགའ་དྲག་ནས་རྡ་ས་མཚན་ཉིད་སློབ་གྲའི་རྒན་བློ་བཟང་རྒྱ་མཚོ་ལ་དགྲར་བཟུང་ནས་བརྩོད་པ་མང་པོ་རྒྱབ་མྱོང་བ་དང་། ་་ན་མཐོ་སློབ་ཏུ་ཕྱོགས་འཐེན་གྱི་ལས་ཀ་ཤ་སྟགས་བྱས་པ་རེད། དེང་སང་ཤར་དགའ་ལྡན་ནས་ཆད་པའི་ཤུགས་ལྡན་པའི་གྲ་ཚང་གསར་པ་དེའི་ཁྲི་པ་དེ་ཡང་སྔར་གཟམ་གདོང་ནས་་ན་མཐོ་སློབ་ཏུ་དགེ་རྒན་གྱི་གོ་གནས་སྤྲད་པ་རེད།
གཞུང་གིས་བཤད་ན་དམངས་ཀྱིས་ལན་པ་འདྲ༎
དམངས་ཀྱི་སེམས་ན་གཞུང་གིས་ཉེས་པར་བསམ།
གཞུང་དམངས་གཉིས་ཀྱི་ཁ་ལན་སློག་རེས་ཁྲོད།། སྟོང་ལོའི་འོས་ལངས་ཆེན་མོར་མཇུག་བསྡོམས་བརྒྱབས།།
མཁས་དབང་འཛམ་གླིང་ལགས། ཁྱེད་རྒྱུ་མཚན་གང་ཞིག་གིས་འདོད་པ་མ་གང་ནས་བཙན་བྱོལ་བོད་གཞུང་དང་ཟམ་གདོང་སྤྲུལ་སྐུ་ལ་སྒྲོ་འདོགས་སྐུར་འདེབས་བྱེད་བཞིན་ཡོད་མི་ཤེས་མོད། གང་ལྟར་གཏིང་ནད་ཚབ་ཆེན་ཞིག་ཡོད་པ་འདྲ་བས་ཁྱོད་དེང་རབས་ཀྱི་ཤེས་རྒྱ་ཅན་ཞིག་གིས་བོད་གཞུང་དང་ཟམ་གདོང་ཁྲིམས་ཁང་དུ་བསྐྱལ་ན་ཅིས་ཕྱིར་མི་ཆོག་པ་རེད་། ཁྱོད་དང་ཁྱོད་འདྲ་བ་རེ་ཟུང་ལ་ང་དངོས་གནས་ཞེད་ཀྱིན་འདུག
སྤོབས་པ་ལགས་ཁྱེད་རང་འབད་དེ་མི་གསར་པ་རེད་འདུག་ག རྡ་སའི་བོད་གཞུང་དང་ཁྲིམས་དཔོན་བཅས་ཚང་མ་སིམ་ལ་མངའ་སྡེའི་ཁྲིམས་ཁང་དུ་ལོ་མཐུད་ནས་ཁྲིམས་མཇལ་དུ་འགྲོ་བ་ཁྱེད་ནས་མ་ཤེས་སམ། ཉེ་ཆར་གཟམ་གདོང་ལྡི་ལི་ཁྲིམས་ཁང་དུ་ཡང་བསྐྱལ་ཡོད་པ་རེད། ལས་ཀ་དེ་ཚོ་བྱེད་མཁན་རྒྱ་དྲ་འདིར་ཡོང་འདོགས་ཁ་པོ་མ་རེད་ལ་དུས་ཚོད་ཀྱང་ཡོད་ཀྱི་མ་རེད། དྲ་རྒྱ་འདིར་ང་ཚོ་ལས་མེད་ཁ་ཤས་ཤིག་ཁ་སྟོང་པ་དར་བ་ཙམ་རེད།
འཛམ་གླིང་ལགས་
ཟམ་གདོང་ནི་དེ་འདྲ་བའི་སྐྱོན་ལྡན་ཞིག་ཡིན་ན་ད་བར་དུ་ཁྱོད་ནག་ཁུང་གང་དུ་ཁ་ཙུམ་ནས་བསྡད་པ་ཡིན།
ངས་ལྟོས་ན་ཁྱོད་ཡང་སྐྱོན་ཀུན་ལྡན་ཡོན་ཏན་གུན་ཕུང་ཞིག་ཡིན་སྙམ།
དེ་འདྲ་མིན་ན་རྒྱུ་མཚན་གང་ཡོད་གསལ་བོ་དག་པོ་འབྲི་རོགས་སྤྱི་ཚོགས་སྒྲོགས་གཏམ་ཙམ་གྱི་་མི་ཕེན།
ཨ་བོ་ཚོ། ངས་ཁྱེད་རྣམས་ནས་བརྟག་དཔྱད་གནང་ན་ཡག་ལེ་རེད་བསམ་ནས་བྲིས་པ་ཡིན། དེ་མིན་སྤྱི་ཚོགས་ནང་བོད་རྒྱ་ཆེ་མི་མང་འབུམ་གཅིག་གིས་འོས་ཐོག་ནས་གདམས་པ་ཡིན་ལེ་ཡིན་དུས་གཟམ་གདོང་བླ་མར་ཡོན་ཏན་མང་པོ་ཡོད་པ་ཐག་ཆོད་རེད། དེང་སང་འཛམ་གླིང་ནང་སྲིད་དོན་གྱི་ཐོག་ནས་དབང་འཛིན་པ་དེ་ཚོ་མང་ཆེ་བ་ཡང་སྐྱོན་མེད་མ་རེད། དབང་འཛིན་པ་དེ་ཚོའི་སྐྱོན་ཡར་བསྟོན་ལེ་དེ་ཚོ་མར་མི་མང་གི་ལས་དོན་ཡག་ལེ་གཏོང་ཆེད་ཕན་གྱི་ཡོད་ལེ་རེད། ཁྱད་པར་དུ་སྲིད་དོན་གྱི་དབང་འཛིན་པ་དེ་རྣམས་ཁ་བདེ་ལོད་དང་། རྒྱུ་ཆེ་ཆུང་ ། དྲིལ་བསྒྲགས་དང་རྒྱབ་སྐྱོར་བ་མང་ལོད་ཀྱི་ཐོག་ནས་དབང་ཆ་ལེན་གྱི་ཡོག་རེད། ང་འཛམ་གླིང་ནས་ཁྱོད་རྣམས་འཛམ་གླིང་ཆ་ཚང་མཐོང་ཐུབ་པར་གནང་ནས་དྲ་རྒྱ་འདིར་སྐད་ཆ་བཤད་ན་ཡག་ལེ་རེས་བསམ་གྱི་འདུག ལྐུག་པས་ཨུ་ཚུགས་དང་༸ཐྲྤཀླད་ཆུང་གི་སྐད་ཆ་འདི་ན་བཤད་ན་སྤྱི་ཚོགས་ལ་གནོད་པ་རེད། སྤྱི་ཚོགས་དཀྲུག་ཡག་པོ་ཐུབ་ན་ཞོ་དཀྲུག་ནས་མར་ཟེར་ལེ་དེ་ཡོང་གི་ཡོག་ལེ་རེད། ཧ་གོ་གི་ཨེ་འདུག
འཛམ་གླིང་གི་ཡིག་གཟུགས་མཐོང་གི་མི་འདུག ཁྱེད་ཀྱི་ཡིག་གཟུགས་གཏགས་པ་གཞན་གྱིས་ྐློག་མི་ཐུབ་པ་དེ་ཡང་ཟམ་གདོང་སྤྲུལ་སྐུས་མཐུ་བཏང་བར་སྐྱོན་འཛུགས་བྱ་རྒྱུ་ཡིན་ནམ།
བུ་ཆུང་འཛམ་གླིང་། ཟམ་གདོང་ལ་སྐྱོན་འཛུགས་བྱས་ན་དམངས་གཙོ་ལ་རྒྱབ་གཏོད་བྱས་པ་རེད་ལ་བོད་གཞུང་ལ་ཚིག་མཚོན་བཏབ་ན་རྒྱལ་བ་རིན་པོ་ཆེ་ལ་དགག་པ་བརྒྱབ་པ་རེད། གང་གི་ཕྱིར་ཡིན་པ་མ་ཤེས་ན་ཞིབ་རྒྱས་རྗེས་སུ་གླེང་ཆོག ཕོ་གོ་བ་ཅན་ལ་བརྡ་ཡིས་ཆོག་སྙམ་ནས་མདོར་བསྡུས་ཤིག་བརྗོད་པ་ཡིན།