ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །རྒྱལ་སྲས་ཞི་བ་ལྷའི་སྨོན་ལམ།
བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །དམན་པ་རྣམས་ལ་སྦྱིན་པ་གཏོང་ནུས་ཤོག །མ་ཅིག་ལབ་སྒྲོན་གྱི་གཅོད་གཞུང་ལས།
དྲ་ངོས་རྩོམ་སྒྲིག་པས་འདྲ་པར་འདི་ཚོ་ལྟ་བདེ་བོ་ཞིག་བཟོ་རོགས་ཞུ།
ཟ་འཕྲོ་དེ་ལས་ངན་གྲོག་མ་ཚོར་སྦྱིན་པ་བཏང་ནས་སྨོན་ལམ་གལ་ཆེ་པོ་དེ་འདྲ་སྐྱོར་རིན་ཨེ་ཡོད་ན། ཧ་ཧ་ཧ། ཀུ་རེ་བྱས།
སྐྱོན་ཡོད་ནི་མ་རེད། མཆོད་པ་དང་སྦྱིན་པ་ལ་དངོས་བཤམས་དང་ཡིད་སྤྲུལ་ཟེར་བ་གཉིས་ཡོད་ནི་རེད། ད་རུང་། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ །ཞེས་གསུངས་ཡོད་ནི་རེད། ཁྱོས་ཀྱང་ཚོད་ལྟ་ཞིག་བྱེད་རོགས། སྐུ་མཁྱེན། གྲོག་མ་ལས་དེ་ཚོས་མཚམས་རེར་ཉི་མ་ཉིན་གང་རེར་འདུར་རྒྱུགས་བྱས་ན་ཡང་ཅི་ཡང་རག་གི་མི་འདུག ཆུ་ག་གོན་གྱི་རོ་མངར་ཞིང་རྒྱུ་ཆ་རླན་གཤེར་ལྡན་པས་གྲོག་མ་འདི་ཚོ་ཧ་ཅང་དགའ་ནི་རེད།
ཆད་པ། ལས། ལས་ངན་
མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བ་ལས། གྲོག་སྦུར་ཚང་གི་སྒོ་དག་ཏུ། །ཟས་དང་ཆུ་དང་འབྲུ་མར་དང་། །འབྲུ་ཡི་ཕུང་པོ་རྟག་པར་ནི། །ཐུགས་བརྟན་མི་རྣམས་བགྱིད་དུ་གསོལ། །ཞེས་ཞུ་བ་འཐེན་གནང་ཡོད་པ་རེད།
རེད་རེད། ཡིད་ཀྱིས་སྤྲུལ་ཏེ་རྣམ་སྲས་བང་མཛོད་ནས་འབྲུ་རིགས་སྣ་ལྔའི་སྦྱིན་པ་ཨ་ཧྥི་རི་ཁའི་ནང་དུ་གཏོང་རོགས། དེས་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་ངེས་རེད།
ཡེ་ཤེས་ཟེར་བ་ཁྱེད་ཁ་སྔོན་དྲ་ཐོག་ཏུ་། རྒྱ་ཝང་ལི་ཞུང་བཀའ་བློན་ཁྲི་པ་བྱས་ན་ལེགས་་། ཞེས་བསམ་ཚུལ་འདོན་མཁན་དེ་འི་ཡིན་། ཁྱེད་རང་ངོ་མ་གཉེན་རང་ཕྱོགས་རིས་མེད་པའི་ཆོས་བ་ཞིག་ཡིན་ས་རེད་།
དེ་མིན། དེ་དྲ་དཔོན་གྱིས་ཤེས་ཀྱི་རེད། ཡེ་ཤེས་དེ་ཉིག་ཡོར་དུ་སྡོད་མཁན་ཞིག་རེད་ཅེས་དྲ་དཔོན་གྱིས་ཟེར།
ཟས་ལྷག་དེ་སྐྱོ་བོ་ཞིག་ལ་སྤྲད་ནས་དེས་སྐྱག་པ་ཞིག་བཏང་བ་ཡིན་ན་དེས་སེམས་ཅན་ག་ཚོད་གསོ་ཐུབ་གི་ཡོད་ན། ཟས་ལྷག་དེ་བཟས་པ་ཡིན་ན་སྲིན་འབུ་ག་ཚོད་ཅིག་ལ་ཤི་གོད་ཐེབས་གི་ཡོད་ན། ཡང་ལུས་ཁམས་ཀྱི་སྲིན་འབུ་ག་ཚོད་ཅིག་གསོ་གི་ཡོད་ན། ག་ཚོད་ཅིག་གསོད་གི་ཡོད་ན།
གསལ་བཤད་གནང་སོང་པས་དགའ་བོ་བྱུང་། ཐུགས་རྗེ་ཆེ་།