ཁ་བའི་ལྷ་མོ།
ཞོགས་པ་ནི་ཁྱེད་ཉིད་ཀྱི་རྒྱན
ཁྱེད་ལ་རོ་བཅུད་ལྡན
ཁྱེད་ཀྱི་ཐིགས་པ་རེ་རེ
ཁྱེད་ཀྱི་འོད་ཟེར་རེ་རེ
ཞོགས་པའི་ལང་ཚོ་ཡིན་ལ
ལང་ཚོའི་སྒེག་ཉམས
ལང་ཚོའི་མེ་ཏོག
ལང་ཚོའི་རྦ་རླབས་དེའང་ཡིན
ཟིལ་བས
ཞོགས་པའི་ངོ་གདོང་གཙང་མར་ཕྱིས་ཏེ
དཀར་གཙང་གི་ཤོག་བུ་ཞིག་དང་མཚུངས་བར
སྐྱ་རེངས་དང་ཉི་ཟེར་ལ་སྨོན
ཟིལ་བས
བདག་ལ་དཀར་གཙང་གཙང་གི་སེམས་པ་ཞིག་སྦྱིན་ཡོད
བྲིས་མི་ཚར་བའི་སྙན་ངག་གི་བྱིན་འཐུ་གནང་ཡོད
ཞོགས་པ་དང་ཟིལ་བ
འོད་ཟེར་དང་ཟེགས་མ
སྐྱ་རེངས་དང་ཉི་ཤར་ནི་ཚེ་སྲོག་ཅིག་ཡིན།
23/08/15