བདུན་ཕྲག་གཅིག་གཉིས་ཤིག་གི་རིང་ལ་དྲ་བ་དང་སྐད་འཕྲིན་དག་ནས་བོད་ཕྱི་ནང་གི་ན་གཞོན་དག་གི་གསུང་རྩོམ་དང་གསུང་བཤད་སྐོར་ཅིག་ཀློག་རྒྱུ་དང་ཉན་རྒྱུ་བྱུང་སྟབས། དེ་ནི་འགོག་དཀའ་བའི་རྦབ་ཆུ་ཞིག་ཁ་ཤོར་ཏེ་ངའི་ལུས་དང་། ཁྱིམ། སྡེ་བ་བཅས་ཀྱི་སྟེང་དུ་འཕྱོ་བཞིན་ཡོང་གི་ཡོད་པའི་སྣང་བ་ཞིག་སྟེར་རོ།། རྦབ་ཆུ་འདིས་ང་དང་ངའི་ཁང་ཁྱིམ་སྡེ་བ་དང་བཅས་པ་འཁྱེར་ནས་བཅོམ་ཡང་། ང་དེ་ལ་དགའ་སྣང་མེད་པ་ག་ལ་ཡིན་ཏེ། རྡོ་ཕ་བོང་རེ་ཟུང་ཡང་རྦབ་ཆུའི་བགྲོད་ལམ་དུ་མ་བཞག་ཚེ། རྦབ་ཆུའི་ཝུ་བ་དེ་ཡང་བར་སྣང་མཐོན་པོར་མི་འཕྱོ་སྟབས་ཕ་བོང་རེ་ཟུང་གི་མཆོད་པ་འདི་ན་བཤམས་ཡོད་ཅིང་། དེ་ལ་ཟུང་ལྡན་གྱི་ཁ་གཡང་ཞེས་འབོད་པ་ཡིན་ནོ།།
རྦབ་ཆུ་ཁྱེད་ཀྱིས་ཕ་བོང་འདི་དག་གཟིགས་སྐབས། འཕྱོ་མཚམས་བཞག་སྟེ་ཇ་ཡུན་རེར་ངང་སྒུག་མཛོད། དེ་ནས་ཕ་བོང་དེའི་ངོས་ལ་ཤུགས་ཀྱིས་བརྡབས་ཏེ་ཝུ་བ་བར་སྣང་དུ་གཏོར་རོགས། དེའི་རྗེས་སུ་ཕ་བོང་གཞན་ཞིག་སྒུག་ཡོད་པས་ཕ་བོང་རེ་རེ་ལ་དེ་ལྟར་གནང་རོགས། ཕ་བོང་དེ་དག་ནི་མདོག་དང་དབྱིབས། རྒྱུ་ཆ་སོགས་གཅིག་ཀྱང་གཅིག་མཚུངས་མིན་ཞིང་། སྣ་ཚོགས་པ་ཡིན་སྟབས་མི་གཅིག་ཅིང་མི་འདྲ་བའི་ཆ་རེ་རེ་ལ་གཟིགས་ཞིབ་གནང་རོགས།
- ཚིག་མ་འབྲི། དོན་ཕྲིས།
- ལྟ་བ་མ་བཤད། གཞུང་ལུགས་ཤོད།
- རྩོད་པ་མ་བྱེད། བགྲོ་གླེང་བྱོས།
- སྐྱོན་རྙེད་སླ། ཡོན་ཏན་རྙེད་དཀའ།
- སྐྱོན་མ་བཙལ། ཡོན་ཏན་འཚོལ།
- དད་པ་མ་བྱེད། གུས་ཞབས་བྱོས།
- ཐམས་ཅད་མཁྱེན་པ་མ་བྱེད། གཅིག་མཁྱེན་པ་བྱོས།
- བསམ་ཚུལ་མི་གཙོ། དོན་གཙོ།
- སྤྱི་བཤད་མི་གཙོ། ཞིབ་བཤད་གཙོ།
- ཚང་མ་མ་བཤད། གཅིག་ཤོད།
- བཤད་པ་མ་ངོམ། བསྒྲུབས་པ་ངོམས།
…
དེ་ནས་རྣམ་པ་ཚོས་མུ་མཐུད་ནས་གསུངས་རོགས།
ཞོར་དུ་རེ་སྐུལ་ཞིག་ཞུ་རྒྱུ་ལ། ངས་དེབ་གཅིག་ཀློག་སྐབས། “ཐོ་མོའུ་”དང་། “སྒྱོང་”ཟེར་བའི་ཡི་གེ་ཞིག་མཐོང་། དེ་ནི་ “Tom” དང་“John” ཟེར་བའི་སྒྲ་གདངས་བྲིས་པ་ཞིག་རེད་འདུག “Tom” དང་“John” ཟེར་བའི་སྒྲ་གདངས་དེ་ཨིན་ཇི་ནས་རྒྱ་སྐད་དང་། རྒྱ་སྐད་ནས་བོད་སྐད་ལ་སླེབས་སྐབས་དེ་འདྲ་ཞིག་ཆགས་འདུག དེང་སང་མཐུན་རྐྱེན་ཡོད་སྟབས། སྐད་ཡིག་ཨ་མའི་སྒྲ་གདངས་དེ་ཐོན་ཐབས་བྱེད་རྒྱུ་ནི་ཁྱེད་ཀྱི་མཛུབ་རྩེ་བསྐྱོད་མ་བསྐྱོད་ཅིག་ལ་ཐུག་སྟབས་འདི་རིགས་ཐུགས་ལ་འཛིན་འཚལ་ལོ།།
སྙན་ངག་གི་ཕ་ཁྱིམ་ནང་ན་བོད་ཕྱི་ནང་གི་སྙན་ངག་པ་ཆེ་ཆུང་མང་པོའི་ཁར་མི་མགོ་བརྒྱ་ཁ་ལོངས་པ་ཞིག་ཡོད་པ་རེད། གཟའ་སྤེན་པར་”ཆེད་མཁས་པ་”ཞིག་གདན་འདྲེན་ཞུས་ནས་གཏམ་བཤད་གནང་གི་ཡོད་པ་རེད།
ཡིན་ནའང། སྙན་དངགས་ཟེར་པ་དེ་ག་རེ་ཡིན་མིན་རྩད། སྙན་དངགས་ལ་འགྲེལ་བཤད་རྒྱག་དུས་རིང་ལུགས་རྣལ་མ་ཞིག་མེད་སྟབས། བོད་ཀྱི་སྙན་དངགས་ཟེར་པ་དེ་བར་མ་བར་ནས་བོར། དེའི་མཚམས་སུ་བསྡུས་གྲྭའི་རིགས་ལམ་ཁྱེར་ནས་གང་ཟག་བྱེ་བྲག་པ་གཅིག་སྙན་དངགས་པ་ཡིན་མིན་དང་ཁོའི་བརྩམས་ཆོས་སྙན་དངགས་ཡིན་མིན་བརྩད་བསྡད་ཡོད་སྐབས། མཁས་དབང་རབ་གསལ་ཚང་གིས་འདི་ལྟར་ཟུང་ལྡན་མིག་ཁ་ཕྱེ་བ་ལྟ་བུའི་ལམ་སྟོན་ཞིག་གནང་འདུག་པ་འདི་དངོས་གནས་ཡག་པོ་འདུག
ཡིན་ནའང། འདི་སྤྱིའི་ཆིངས་ལྟ་བུ་ཞིག་ལས་བྱེ་བྲག་བོད་མིས་བོད་ཀྱི་སྙན་དངགས་གླེང་སྟངས་ཐད་ཐུགས་འཛེམ་གནང་ནས་གསུངས་མེད་པ་དེས་ཡིད་ཕངས་སོང།