སྤྱན་ཆེན་པོ།
མུན་ནག་གི་མཚན་མོའི་འུག་སྐད་དེས
ང་རང་གཉིད་ལས་བསླངས་སོང
འོན་ཀྱང ང་གཅིག་པུ་བསླངས་པ་ག་ལ་ཡིན
འཇིག་རྟེན་འདི་སྔོན་མ་ནས་སྨག་རུམ་གྱིས་གཡོགས་ཡོད་པས
མུན་པ་ནི་ཁོང་ཚོའི་རྩེད་ར་ཡིན་ལ་གཡུལ་ས་ཡང་ཡིན
སྐྱི་གཡའ་བའི་གཡུལ་ས་འདིའི་ཁྲོད་ནས
གཡོ་འཛུམ་དང་ལྐོག་ཇུས་ཀྱི་ངོ་གདོང་ལས་མཐོང་དཀའ་བས
ངོ་གདོང་དེ་དག་གི་ཕག་ནས
འཛུམ་ཟེར་གྱི་དྲོད་ཁོལ་ནི་ཉིན་མོའི་སྐར་མ་ལྟར་རོ
༢༠༡༥-༣-༢༦མཚན་མོར།