ཉི་མ་འཚོ། ནོར་གླིང༌།
ཟུར་ཞིག
༡
དགོང་དྲོ་དེར། རྒྱུན་ལྡན་ལྟར་ངས་རྟགས་འཇུག་གི་རྩ་བ་གྱེར་བཞིན་སོང༌། ཉིན་བྱེད་དབང་བོས་སླར་ཡང་མཇལ་བའི་འཛུམ་མདངས་ཤིག་སྟོན་བཞིན་འགྲོ་བར་ཉེ་ལ། མཐའ་འཁོར་ན་སྐྱེལ་མ་བྱེད་མཁན་གྱི་མཚམས་སྤྲིན་དག་འཚང་ཁ་རྒོད། དྲི་བཞོན་རྒྱུ་ཕྱོགས་ཤིག་གིས་ལུས་ཁམས་བདེ་ཞིང་ཁོར་ཡུག་སྐྱིད་པའི་སྣང་བ་ཞིག་བྱིན།
རྒན་ལགས་ཀྱི་ཤག་སྒོ་རྡུང་ཞོར་ཡང་བསྐྱར་ནམ་མཁར་བལྟས། བྱང་ཕྱོགས་ནས་སྤྲིན་ནག་མཐུག་པོ་ཞིག་གིས་སའི་གོ་ལའང་ཁྱུར་མིད་གཏོང་མི་འོང་ངམ་སྙམ་པའི་ཁྲོ་གཉེར་ཞིག་བསྡུས་ནས་ཡོང་གི་འདུག
“ཤེས་སོང་ངམ། ”“ཤེས་སོང༌། ཐུགས་རྗེ་ཆེ། ”དུས་ཚོད་ཅི་ཙམ་འགོར་བ་མི་ཚོར་མོད། མུན་ནག་གིས་སྒྲིབ་པའི་རྡ་སའི་རི་གྲོང་འདི་ཁུ་སིམ་མེར་འདུག་པར་བལྟས་ན། མཁའ་ལམ་གྱི་རྒྱུ་སྐར་མ་གཏོགས་འཇིག་རྟེན་གྱི་སེམས་ཅན་ཕལ་ཆེར་གཉིད་དུ་ཡུར་འདུག་པ་འདྲ། སྐབས་དེར་ངས་སྔར་བཞིན་རྒན་ལགས་ལ་མགོ་འདུད་ཅིག་བྱས་ཏེ་རང་ཤག་ཏུ་ཕྱོགས་པ་ཡིན་ཡང༌། རྒན་ལགས་ཀྱིས་ང་ལ་རྒྱུན་ལྡན་མ་ཡིན་པའི་མིག་མདངས་འཁོར་ལོ་མ་ཞིག་གིས་སྐྱེལ་མ་བྱས་བྱུང༌། མིག་མདངས་དེའི་རྒྱབ་ལྗོངས་ན་གསང་བ་ཞིག་ཡོད་པའི་ཚོར་སྣང་བྱུང༌།
༢
“ཤེས་སོང་ངམ།”“ཤེས་སོང༌། ཐུགས་རྗེ་ཆེ། ” ངས་ལན་བཏབ་རྗེས་མགོ་འདུད་དང་བཅས་ཕྱིར་ཡོང་རྩིས་བྱས།
“འོ། ད་དུང་ཁྱེད་ལ་འདྲི་རྒྱུ་ཞིག་ཡོད།”
“་་་་་་”ངས་རྒན་ལགས་ཀྱི་ཞལ་རས་ལ་བལྟས་པ་དང་རྒན་ལགས་ཀྱི་རྒྱུན་ལྡན་མ་ཡིན་པའི་མིག་ཟུང་འཁོར་ལོ་མ་དེ་ཐད་ཀར་ངའི་གདོང་དཀྱིལ་ལ་འཕངས་འདུག་ལ། མིག་མདངས་དེའི་རྒྱབ་ལྗོངས་ན་གསང་བ་ལས་ཀྱང་གསང་བ་ཆེན་པོ་ཞིག་ཡོད་པའི་སྣང་བ་བྱུང༌།
༣
“ཤེས་སོང་ངམ།”“ཤེས་སོང༌། ཐུགས་རྗེ་ཆེ།”
“དཀའ་ངལ་འདྲ་ཡོད་དམ།”“མེད།”
“ཁ་སང་ངས་འདྲི་འདོད་པ་དེ་ཁྱེད་ཀྱི་འཚོ་བ་ལ་དཀའ་ངལ་ཡོད་མེད་ཀྱི་སྐོར་ཡིན། ”
“མེད། གང་ཡང་མེད།”
རྒན་ལགས་ཀྱི་ཐུགས་ཁུར་ཚད་མེད་ཀྱི་གསུང་ཚིག་དེས་ང་ལ་དད་པ་དཔག་མེད་སྐྱེས་བྱུང༌། རྒན་ལགས་ནི་ཕ་མའི་ཚབ་ཡིན་ཞེས་པའི་ཆུང་དུས་ཀྱི་ཨ་མའི་བསླབ་བྱ་དེ་ཡང༌དྲན་བྱུང༌། མ་ཟད་བསླབ་བྱ་དེ་ཚད་མ་ཡིན་པའི་ཡིད་ཆེས་ཀྱང་གཞི་ནས་རྙེད་བྱུང༌། ཡིན་ན་ཡང༌། རྒན་ལགས་ཀྱི་རྒྱུན་ལྡན་མ་ཡིན་པའི་མིག་མདངས་འཁོར་ལོ་མ་དེ་ད་དུང་ཡང་ངའི་མཐོང་ལམ་ན་ལྕི། དེའི་རྒྱབ་ལྗོངས་ན་གསང་བ་ཆེན་པོ་ལས་ཀྱང་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་བྱུང༌།
༤
“འདི་ཐུངས་དང༌། གཟུགས་སྟོབས་ལ་ཕན་ངེས།”
“ཐུགས་རྗེ་ཆེ”་ཤེལ་ཕོར་ཆེན་པོ་དེ་ལག་ཏུ་ལེན་ཞོར་རྒན་ལགས་ལ་ལྟ་སྐབས་མིག་མདངས་འཁོར་ལོ་མ་དེ་ཡང་བསྐྱར་ངའི་གདོང་ལ་འཕངས་བྱུང༌། དེ་ནས་མགོ་ཀླད་རྩེ་ནས་འོག་རྐང་མཐིལ་བར་འཁོར་བྱུང༌།
“སྐར་མ་བཅུར་ངལ་གསོས་དང༌། དེ་ནས་སློབ་འཁྲིད་བྱ།”
“ལགས་སོ།” ངས་ལན་འདེབས་སྐབས་རྒན་ལགས་ཀྱི་མིག་མདངས་འཁོར་ལོ་མ་དེ་བྲེལ་འཚུབ་ངང་ངའི་ལུས་ཀྱི་གང་སར་འཁོར་བྱུང༌།
༥
ངས་མིག་ཟུང་ཕྱེ་བ་ན། སྐྱ་རེངས་ཤར་འདུག ཡང་བསྐྱར་མིག་ཆེན་པོ་གདངས་ནས་གང་སར་བལྟས་པ་ན། རྨི་ལམ་རྨི་བཞིན་པ་ལྟ་བུའི་ཚོར་སྣང་བྱུང༌། ལག་པས་མིག་ཟུང་ཕྱིས་ནས་ཞིབ་ཏུ་བལྟས་པ་ན་རྨི་ལམ་མ་རེད། ཁང་པའི་གྱང་ངོས་ན་ཡོད་པའི་རྒན་ལགས་ཀྱི་སྐུ་པར་དེ་མངོན་སུམ་ཡིན་པའི་དཔང་རྟགས་རེད་འདུག་ལ། མིག་མདངས་འཁོར་ལོ་མ་དེ་འཁོར་མ་ཐག་ཡིན་པའི་ཚོར་སྣང་བྱུང༌། སྔས་མགོའི་བརྡ་སྤྲོད་དེབ་ཀྱི་ཁྲིད་མཚམས་ལ་བལྟས་པ་ན། གང་ཡང་ཁྲིད་མེད་པ་ར་སྤྲོད་བྱུང་བས། མདང་ནུབ་ཀྱི་བྱུང་རིམ་ལ་ཕྱིར་དྲན་བྱས། ངས་གང་ཡང་དྲན་གྱི་མི་འདུག རྒན་ལགས་ཀྱིས་གནང་བའི་གསོལ་ཇ་ཕོར་བ་གང་འཐུང་པ་ནས་བཟུང་སྐད་ཆ་གཅིག་ཀྱང་བཤད་མེད་པ་ལྟ་བུའི་བག་ཆགས་ཤིག་འདུག་ཀྱང༌། རྨི་ལམ་ཐན་ཐུན་དེ་དག་དྲན་དུས་འོས་འཚམས་ཀྱི་ཐག་གཅོད་ཅིག་ང་ལ་མི་འདུག
༦
“རྒན་ལགས། མདང་ནུབ་སློབ་ཁྲིད་བྱས་སམ།”“བྱས་མེད། ཁྱེད་རང་གཉིད་ལ་ཤོར་སོང་བས་ང་ཕྱི་ལ་ཕྱིན་པ་ཡིན།” ངས་རྒན་ལགས་ཀྱི་གསུང་དེ་ཐོས་མ་ཐག་གདོང་མདོག་དམར་པོར་གྱུར་བ་མ་ཟད། ཁ་ནས་ཚིག་གཅིག་ཀྱང་བཏོན་མ་ཐུབ།ངས་མིག་ཟུང་ལྐོག་ཏུ་འཕངས་ཏེ་རྒན་ལགས་ལ་ག་ལེར་བལྟས་པ་ན་མིག་ཟུང་འཁོར་ལོ་མ་དེ་ཁོང་གི་རྐང་རྩེ་ལ་གཏད་འདུག་ལ། རྐང་པའི་རྩེ་མོ་ན་ཟློས་གར་གང་མང་གི་སྒྱུ་རྩལ་འཕྱུར་ནས་ཡོང་གི་ཡོད་པ་བཞིན་རྩེ་གཅིག་གིས་བལྟས་འདུག ང་ཁུ་སིམ་སིམ། རྒན་ལགས་ཀྱང་ཁུ་སིམ་སིམ།
༧
ཕྱིར་ཉིན་རྒན་ལགས་ཀྱི་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་འདུག ཕྱིར་འགྲོ་རྩིས་བྱེད་སྐབས་ཤག་མཚེས་གྲྭ་བ་དེ་ཡོང་ནས་ང་ལ་དེབ་ཅིག་སྤྲད་སོང༌། རྒན་ལགས་ཀྱིས་གནང་བའི་ཕྱག་དེབ་རེད་ཟེར། མ་ཟད་རྒན་ལགས་གྲྭ་སར་ཕེབས་སོང་ཟེར།
༨
“བྱང་ཆུབ་སྒྲོལ་མ་ལགས། བདེ་མོ་བྱོས། དེ་རིང་ནས་བཟུང་ངས་རྒན་ལགས་ཞེས་པའི་མིང་དེ་གོ་འདོད་རྩ་བ་ཉིད་ནས་མེད་པས། ང་འཚོལ་བར་མ་ཡོང་རོགས། གལ་སྲིད་ངས་ཁྱེད་ལ་ཕན་ཞིག་ཐོགས་ཡོད་ན་བཀྲ་ཤིས་བདེ་ལེགས་དང༌། གནོད་ཅིག་སྐྱེལ་ཡོད་ན་དགོངས་པ་མ་འཚོམས་རོགས། བདེ་མོ་བྱོས།”
ཕྱག་དེབ་སྲུབ་ནས་རྙེད་པའི་བརྗོད་པ་ཐུང་ཐུང་དེས་དྲི་བ་བརྒྱ་ཚོགས་ཀྱི་དཔུང་ཁག་སྒྲིག་ནས་ངའི་སེམས་ཁམས་སུ་འཇབ་རྒོལ་བྱས་བྱུང༌། ང་འདུག་བཟོད་བདེ་བ་གཏན་ནས་མི་འདུག“གལ་སྲིད་ཕན་ཞིག་ཐོགས་ཡོད་ན་བཀྲ་ཤིས་བདེ་ལེགས་དང༌། གནོད་པ་སྐྱེལ་ཡོད་ན་དགོངས་པ་མ་འཚོམས་རོགས།” ངའི་མཐོང་ལམ་དུ་ཡིག་ཕྲེང་འདི་ད་དུང་ཡང་ཝ་ལེར་ཤར་ཡོང་གི་འདུག
༩
“ཟླ་མཚན་མ་བབ་པར་ཟླ་བ་གསུམ་འགོར་སོང༌།” ངས་ཤག་རོགས་ལ་བཤད་པ་ཡིན།
“ཡག་རྟགས་མ་རེད།ཕལ་ཆེར་ནད་རྟགས་ཤིག་གམ་ཡང་ན་མངལ་འཁོར་བའི་རྟགས་རེད།” ཤག་རོགས་ཀྱིས་འདི་ལྟར་བཤད་སོང༌། ཁྱིམ་སྤོང་བའི་བཙུན་མ་ཞིག་ལ་མངལ་འཁོར་མི་སྲིད་པས་ཕལ་ཆེར་ན་ཚ་ཞིག་འགོས་པའི་རྟགས་མཚན་ཡིན་པ་འདྲ་སྙམ་ནས་སྨན་ཁང་དུ་སོང་བ་ཡིན།
“ཁྱེད་ལ་མངལ་འཁོར་འདུག” སྨན་པས་གཟབ་ནན་གྱིས་བཤད་བྱུང༌།
“ཡིན་མི་སྲིད། ཕ་མེད་པར་ཕྲུ་གུ་ཞིག་ག་ནས་སྲིད།” ངས་མགོ་བོ་འཕྲེད་དུ་གཡུག་པ་ཡིན།“དངོས་གནས་རེད། ཁྱེད་ཀྱིས་བསམ་བློ་ཐོངས་དང༌། ནོར་འཁྲུལ་ཆེན་པོ་ཤོར་འདུག་པས་ད་དུང་དྲན་མི་སྲིད་པ་ཡོད་དམ།”
“ང་་་་་་”
༡༠
ང་དྲན་པ་སོས་དུས། བཙུན་རོགས་མང་བོས་མཐའ་ནས་བསྐོར་འདུག་ལ། རང་ཉིད་གང་ཞིག་ཏུ་ཡོད་པ་གཏན་ནས་ངོས་འཛིན་མ་ཐུབ། རང་ཉིད་ཀྱི་གྲོད་ཁོག་ལ་བལྟས་པས་རི་རབ་བཞིན་ཆེན་པོ་ཡོད་པའི་སྣང་བ་ཞིག་འཁོར་བ་མ་ཟད། སྙིང་གི་འཕར་ལྡིང་རེ་རེ་དང་འགྲོགས་ནས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བའི་སྣང་བ་ཞིག་འདུག དེ་བཞིན་ང་ནི་ཕལ་ཆེར་འཇིགས་སྣང་གི་གྲུ་ཁ་ཞིག་ན་ཡོད་པའི་སྣང་བ་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར།
༡༡
བསམ་བློ་བཏང་བཏང་བའི་མཐར། ངས་དྲན་བྱུང༌། ངས་གཞི་ནས་དྲན་བྱུང༌། རྨི་ལམ་གྱི་བྱུང་བ་དག་རེ་རེ་བཞིན་དྲན་བྱུང༌། རྒན་ལགས་ཀྱིས་གསོལ་ཇ་གནང་བའི་མཚན་མོ་དེའང་དྲན་བྱུང༌། མ་ཟད་སྐབས་དེར་སློབ་ཚན་མ་ཁྲིད་པའི་རྒྱུ་མཚན་དང་ཕྱག་དེབ་སྲུབ་ཀྱི་བརྗོད་པ་ཐུང་ཐུང་དེའི་ནང་དོན་སོགས་གསལ་བོ་རྟོགས་བྱུང༌། འོ་ད་དུང༌། མིག་ཟུང་འཁོར་ལོ་མ་དེའི་རྒྱབ་ལྗོངས་ཀྱང་དྲ་ཡོལ་ཕྱེ་པ་བཞིན་མཐོང་བྱུང༌།
ཀློག་པ་པོ་ལགས། གྲོགས་པོ་མང་བོས་གྲྭ་སར་ཁ་པར་དང་ཡི་གེ་བརྒྱུད་ནས་བྱང་ཆུབ་སྒྲོལ་མ་མ་བུ་གཉིས་ལ་བདག་སྐྱོང་ཡོང་བར་སློབ་གསོ་དང་རེ་སྐུལ་བྱས་ཀྱང་ཆུའི་ནང་རྡོ་འཕངས་བ་བཞིན་གོ་མེད་ཚོར་མེད་དུ་གྱུར། རྗེས་སུ་བྱང་ཆུབ་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་བའི་གསར་འགྱུར་ཞིག་རྡ་སའི་རི་གྲོང་ནས་ཡང་ཡང་ཐོས་ཀྱི་འདུག
ཉི་མ་འཚོ།
ཁྱེད་ཀྱིས་ཐོག་དང་པོ་སྒྲུང་འདི་དངོས་བྱུང་ཞིག་ཡིན་མིན་ཐོག་གསལ་བཤད་ཅིག་ངེས་པར་དུ་བྱེད་རོགས།
དེ་མིན་ན་མཆན་བཏབ་ཀྱང་དོན་མེད་ལ་བསྐུལ་འདེབས་དང་། སྐྱེས་པའམ་རྒན་ལགས་ལ་སྨྲ་འབེབ་ཀྱང་མི་ཆགས་པའི་ངེས་པ་མེད་ངེས་ཡིན
སྐད་ཆ་ཆེན་འདི་ཚོ་ཐག་གཅོད་ཏན་ཏན་དགོས།
དེ་མིན་དེང་སང་དྲྭ་ལམ་དུ་སྒྲུང་འདྲ་མིན་བཟོ་གིན་ཡོད་པས་ཡིད་ཆེས་གཙང་མ་ཞིག་ཡོང་རེ་ཁག་པོ་སྣང་ངོ་།
རང་འཆར་བྲིས་རེད་དང་དངོས་འབྱུང་སྒྲུང་རེད།་ གསལ་བཤད་ཅིག་གནང་རོགས་ཉི་མ་འཚོ་ལགས།
རྗིས་མ་མཇལ་ཆོག། ࿌ད་བདེ་མོ།
རྒན་ལགས་ལ་ཞབས་ཞུ་ཞིག་དང་། འདུན་ལམ་ཞིག་འཚོལ་བསམ་ནས་རྨི་ལམ་ཞིམ་པོ་གཏོང་ནས་གཉིད་སད་སྐབས་བྱང་ཆུབ་སྒྲོལ་མ་ལ་ཕ་མེད་བུ་ཞིག་བཙལ་བ་དེ། ཡ་མཚན་པ་གང་ཡང་མ་རེད། རྒྱུ་རྐྱེན་ཚང་ན་འབྲས་བུ་སྨིན་པ་རང་བཞིན་མ་རེད་བས།
གོང་གི་སྒྲུང་དེའི་མི་སྣ་གྲྭ་བ་དེ་ལ་ཁྲིམས་འགལ་གྱི་ནག་ཉེས་མ་འདྲ་བ་ཁ་ཤས་བསྟན་འདུག ༡ བཙན་གཡེམ། ༢ མི་ལ་དོན་མེད་གཉིད་སྨན་བླུད་པ། ༣ ཨ་ནེ་ཁྱིམ་པར་ཕབས་པ། ༤ སྐྱེས་སྨན་དེའི་མདུན་ལམ་ལ་འགན་མ་ཁས་པ། ༥ ཁོ་རང་གྲྭ་བ་ལོག་པ། ༦ གྲྭ་རྫུན་ཡིན་བཞིན་དུ་གྲྭ་སར་གྲྭ་བ་ཡིན་མདོག་བསྟན་ནས་སྡོད་པ། ༧ རང་གི་ཤ་ལས་མཆེད་པའི་ཕྲུ་གུར་འགན་མ་ཁས་པ་བཅས་བསྟན་འདུག ཕལ་ཆེར་དངོས་ཡོད་ཀྱི་གནས་ཚུལ་ཅིག་བཅོས་སྒྲུང་གི་ལམ་ནས་བྲིས་པའི་རྣམ་པ་འདུག འོན་ཀྱང་དོགས་པ་ཡོད་པ་གཅིག་ནི། བུད་མེད་ལ་ཆགས་བདེ་མ་མྱོང་ན་ཡང་བྱིས་པ་ཆགས་འགྲོ་གི་ཡོད་མེད་འདི་གསལ་བྱེད་བྱེད་རོགས།
བུད་མེད་ལ་རེག་བདེ་མ་མྱོང་ཡང་ཕྲུག་གུ་ཆགས་ཐུབ་པ་ནི། དེང་སང་ཤིན་ཏུ་མངོན་གསལ་དོད་པོ་དང་སྔོན་གྱི་ལོ་རྒྱུས་སྦམ་དགའ་མོས་འཆར་ཀའི་ཤམ་ཐབ་དཀྲུས་ནས་ཕྱིན་ཆོད་ཉེ་དུ་མ་ཡིན་པས་དགེ་སློང་གི་གོ་ཟས་འཁྲུད་མི་ཆོག་པ་བཅས་པ་དེ་དྲན་གྱིན་མི་འདུག་པས།
གལ་སྲིད་དངོས་ཡོད་ལོ་རྒྱུས་མིན་ཞིང་བཅོས་སྒྲུང་ཡིན་ན་འདི་འདྲ་ལ་ངོས་ལེན་མེད་པའི་ཐོག ཆོས་བྱེད་དགེ་འདུན་ལ་དམའ་འབེབས་ཚད་མེད་གཅིག་བྱས་འདུག་པས། ཉི་མ་འཚོ་ལ་ཕ་མེད་ཕྲུག་གུ་ཞིག་བཟོ་དགོས་ངེས་ཅན་རེད།
སྐུ་ངོ་ཟླ་གཞོན་ལགས།
མངལ་ཆགས་པར་ཆགས་པའི་སྐབས་སུ་བུད་མེད་ཀྱིས་ཆགས་བདེ་མྱོང་མི་དགོས། ངེད་ཚོས་ཁ་སྐད་དུ་”སྐྱེ་དམན་ལ་བླུག་བ་ཡིན་”ཟེར་བ་ལྟར་ཕོའི་ཁམས་དཀར་གྱི་(sperm)དེ་མོའི་མངལ་ནང་གི་(egg)་ནང་དུ་འཛུལ་ཐུབ་པ་ཞིག་དགོས། བླུག་ཟེར་བ་སྐབས་འདིར་སྐྱེ་དམན་ལ་མཐོང་ཆུང་གི་སྐད་ཆ་མིན།
ཟླ་མཚན་བབ་པའི་དུས་ཚོད་ལ་གཞིགས་ནས་མོ་ལ་མངལ་ཆགས་པའི་གོ་སྐབས་ལེགས་པ་དང་ཞན་པའི་དུས་ཡོད། ཟླ་མཚན་བབ་བའི་ཉིན་དང་པོ་ནས་རྩིས་ན་ཉིན་བཅུ་པ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་དུ་མངལ་ཆགས་པའི་དུས་ཚོད་ལེགས་ཤོས་སུ་རགས་རྩིས་བྱེད།
ཟླ་མཚན་བབ་པ་འདི་ནི་མོ་ཡིས་ཟླ་བ་རེ་རེ་ལ་(ཆ་མཉམ་བྱས་ན་ཞག་ཉེར་བརྒྱད་)་མངལ་ཆགས་རྒྱུའི་གྲ་སྒྲིག་བྱས་ཀྱང་ཕོའི་ཁམས་དཀར་(sperm) དང་(egg) གཉིས་མ་ཕྲད་པས་མངལ་མ་ཆགས་ནས་གྲ་སྒྲིག་བྱས་པ་དེ་འཕྲོ་བརླག་ཕྱིན་པ་ལྟ་བུ་ལུས་ཀྱི་ཕྱི་རོལ་དུ་གཏོང་གི་ཡོད། གལ་སྲིད་མངལ་ཆགས་ན་ཟླ་མཚན་འགག་འགྲོ་གི་ཡོད།
ཕོ་ཡིས་ཆགས་བདེ་མ་མྱོང་ན་ཁམས་དཀར་ཐོན་ཐུབ་ཀྱི་ཡོད་དམ། དེ་ངས་གསལ་བོ་ཤེས་ཀྱི་མེད།
མེ་སྒྱོགས།
ཁྱེད་ཀྱིས་མོའི་ཟླ་མཚན་འབབ་དུས་མངལ་ཆགས་སྟངས་ནས་བཟུང་
གཞོན་ནུ་ཟླ་མེད་ལ་ཁོ་བའང་ཡག་པོ་སྤྲད་གནང་འདུག
འདི་ཚོ་ལ་བསམ་ནས་དཔྱད་དུས་ཁྱེད་ནི་ཁྱད་མཁས་སྨན་པ་ཞིག་མིན་ན་བསམ་བ་བྱུང་།
ཡིན་ནའང་ཡར་འགྲོ་དུས་མར་ཕྱི་འཐེན་མཁན་ཞིག་ཁྱེད་ལ་འདུག
གང་ཡིན་ངོས་བཟུང་ན། དེ་ཡང་སྨན་གཞུང་སོགས་ནས།
༡་གདོན་གྱི་གནོད་པས་ཐོན་པ། ༢ཆགས་སྲེད་ཀྱི་རྨི་ལམ་ནང་ཐོན་པ། ༣ཁམས་འཕེལ་ནས་ཐོན་པ། མཁལ་དྲོད་ཉམས་ནས་ཐོན་པ་སོགས་གསུངས་ཡོད། དེའི་ནང་གི་ཟུངས་ཟད་ཀྱི་མཁལ་ནད་ཅན་ཚོ་རང་དབང་དང་ཆགས་བདེ་སོགས་གང་ཡང་མེད་པ་མཚམས་རེར་གཅིན་པའི་ལྷན་དུ་དང་། མཚམས་རེར་རང་གར་ཐོན་པ་སོགས་ཀྱི་གནས་ཚུལ་ཡོད་དོ།
མེ་སྒྱོགས།
བུ་མོའི་སྐོར་ནས་ཁྱེད་ལ་རྒྱུས་མངའ་ཆེ་སྟངས་དང་། བུའི་སྐོར་གྱི་གནས་དོན་ལ་ཆ་རྒྱུས་མེད་ཚུལ་འདིས་ཁྱེད་ཀྱང་དྲ་ཐོག་གི་བུ་མིང་འཛིན་པ་ཙམ་ཡིན་སྙམ་བྱུང་།
ཡིན་ནའང་དེ་གལ་ཆེན་དང་གླེང་དགོས་པ་ཞིག་མིན་ནོ།
ཉི་མ་འཚོའི་སྒོ་ར་ནང་མི་མང་གིས་གཏམ་སྒུག་ནས་བསྡད་ཡོད།
སྐད་གཏང་ཐེངས་མང་པོ་ཡིན།
ད་རུང་ཕྱིར་ཐོན་ཡ་མི་འགི་ཅི་རེད།
རྨི་ལམ་ནང་གི་བྱི་ཕྲུག་དེར་གཉོམ་སྐྱོང་བྱས་ནས་ཁོམས་པ་མེད་ཡིན་འགྲོ
གང་འགྱོགས་མདུན་དུ་ཐོན་ནས་ང་ཚོའི་དྲིས་པའི་གཏམ་ལ་ལན་ཁ་གསལ་བྱེད་དགོས་ཡོད།
ཧཧཧཧཧཧ
ཁྱེད་ཞེད་སྣང་མ་བྱེད་དང་། འདི་ནི་ངའི་སྐད་ཆ་བཤད་སྟངས་ཤིག་ཡིན།
སེམས་ཀྱིས་དྲན་སྟངས་ཤིག་མིན།
གང་ལྟར་ལན་ལ་ངང་སྒུག་བྱས་ཡོད་་་་་་
དེ་ནས་གླེང་རྒྱུ་མང་པོ་ཞིག་ཡོད་།
དེའི་ནང་གི་གཅིག་
༡་་་་་་་་་་་་་ད་རྗེས་ལ་ཡིན་་་་་་་་་་་་་
ཉི་མ་མཚོའི་སྒྲུང་དེ་དང་ཆ་འདྲ་བ་ཞིག་རྣ་བས་ཐོས་པ་མ་ཟད། མིག་གིས་དངོས་སུ་མཐོང་མྱོང་།
འོན་ཀྱང་དེ་ཚོའི་སྐོར་སྤྱི་ཚོགས་ལ་གླེང་རིན་མེད་པ་དང་། གླེང་ཡང་ངལ་བའི་རྒྱུ་རེད་བསམ།
མི་ཚེ་སྟོང་ཟད་དུ་གཏོང་ན།། གེ་སར་ཤོབ་སྒྲུང་ལ་ལྟོས་ཤིག། ཟེར་བ་ཞིག་ཡོད་པ་རེད། འདི་ཚོའི་རིགས་ཀྱིས་ཅི་བྱེད།
ཧུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨ་རོ་གཡུ་དྲུང་།
ཨ་ཁ་རོག་བསྡད་ན་ཁ་མཆུ་མེད་ད་་་་་་་་་་
དངོས་ཡོད་འཚོ་བའི་ནང་དུ་ཡོད་པ་ཞིག་ཡིན་ན། དངོས་བྱུང་དང་སྦྱར་ནས་གོ་བ་ལེན་ཆོག་ལ། གཏན་ནས་མེད་པ་ཞིག་ཡིན་ན་མ་ཉེས་ཁ་གཡོགས་བྱས་སོང་ཟེར་ནས་དག་སེལ་གནང་ནའང་འགྲིག་གི་རེད།
འོན་ཀྱང་ཤེས་དགོས་རྒྱུ་ཞིག་ལ་ངས་བྲིས་པ་འདི་སྒྲུང་རེད་མ་གཏོགས་གསར་འགྱུར་མ་རེད།
དོན་གྲུབ་བཀྲ་ཤིས་ལགས། དུས་ཚོད་ཡོད་དུས་ཤིག་ལ། སྒྲུང་འདིའི་ཚན་པ་དག་བསྐྱར་སྒྲིག་ཅིག་གནང་རོགས། གང་སར་འཐོར་འདུག
གཉན་མདང་ཕོ་ཉ་ལགས། ཁྱེད་ཀྱིས་གསུངས་པར་འདི་དག་བོད་ཀྱི་གསོ་བ་རིག་པ་ནས་རེད་པས། ངས་སྐྱེ་དངོས་རིག་པ་ལས་མིའི་གཟུགས་ཁམས་གཙོ་འདོན་གྱིས་སློབ་སྦྱོང་བྱས་མྱོང་བ་ཙམ་རེད། མང་པོ་བཤད་ན་ངའི་མིང་སྐད་གྲགས་ཅན་འདི་ཡང་ཞིག་འགྲོ་ཉེན་ཆེ། ཧཧཧཧ།
ཉི་མ་འཚོ་ལགས་ཀྱིས་དངོས་ཡོད་ལ་གཞིགས་ནས་བཅོས་སྒྲུང་འདི་འདྲ་མུ་མཐུད་འབྲི་བའི་རེ་བ་ཡོད།
ཉི་མ་འཚོ་ལགས། ཕྱི་དྲོར་ངེད་ལ་འཛིན་གྲ་གཉིས་ཡོད། དེ་ཚོ་གྲོལ་ཚར་རྗེས༌། བསྐྱར་སྒྲིག་ཅིག་བྱས་ཆོག
ངེད་རང་སྒེར་ནས་འཐོར་ཡོད་པ་དེར་དོ་སྣང་མ་བྱུང༌། ཉིད་ཀྱིས་འཐོར་འདུག་གསུངས་བ་དང་ལམ་སེང་ཅིག་བལྟས་བ་ཡིན།
བདེན་པ་རེད་འདུག (Mozilla Firefox) སྒང་ནས་བལྟས་ནས་འཐོར་འདུག (Internet Explorer) སྒང་ནས་བལྟས་ན་འཐོར་མི་འདུག
དེ་ཙམ་ཞུ།
དོན་བཀྲ་ངས་བཤད་པ་དེ་ཡི་གེ་འཐོར་འདུག་ཟེར་བ་མ་རེད། ལེའུ་རེ་རེའི་ཨང་ཀི་དེ་ཚོ་འབྲེལ་མེད་དུ་གནས་འདུག ལེའུ་༥།༦།༧ ནི་ལེའུ༥༦༧དུ་གྱུར་འདུག ལེའུ་༢།༣།༤གསུམ་འབྲེལ་མེད་དུ་རྩོམ་ཡིག་གི་གཤམ་དུ་གནས་འདུག དེ་བཟོ་བཅོས་བྱེད་པར་སྟབས་བདེ་མེད་ན་ཁྱེད་པར་མི་འདུག
ཨ་རོ། ཁ་སང་ངས་ལེན་དུས། དུས་བབ་སྒང་ན་ཡང་ཨང་ཀི་དེ་ཚོ་དེ་ལྟར་འཐོར་འདུག དེ་དུས་ཞིབ་ཚགས་བྱས་ནས་བལྟ་རྒྱུ་མ་བྱུང༌།
ད་ལྟ་བསྐྱར་དུ་ཁྱེད་ཀྱི་ཟིན་བྲིས་ལ་སོང་ནས་ཅིག་བལྟས་བ་ཡིན། ཨང་ཀི་དེ་ཚོ་གྲལ་བསྒྲིགས་འདུག
ངེད་ཀྱིས་འདི་རུ་བཅོས་ཆོག དོ་དགོང་ང་ཅུང་ཙམ་ར་བཟི་འདུག་རུང་ལས་ཀ་དེ་ཕལ་ཆེར་བྱེད་ཐུབ་པ་འདུག
གནས་སྐབས་ལ་དེ་ཙམ་ཡིན།
ད་ཕལ་ཆེར་ཨང་ཀི་དེ་ཚོའི་གོ་རིམ་ནོར་མེད། ངེད་ཀྱིས་བཅོས་གནང་ཚར་ཡོད།
ཁྱེད་ཀྱིས་ཅིག་བལྟ་རོགས། ཨོ་ཡ། ད་གཉིད་གི་ཡིན་མ་གཏོགས་སང་ཉིན་འཛིན་གྲའི་རྗེས་ཟིན་དཀའ་རྒྱུ་རེད།
བདེ་མོ་བྱོས། རྗེས་སུ་མཇལ་ཡོང༌།
སློབ་གྲོགས་དོན་གྲུབ་བཀྲ་ཤིས་ལ་ཐུགས་རྗེ་ཆེ་ཞུ། གཟིམ་ས་བདེ།
I heard nuns sleep with Indians in Norburlongka but I didn’t hear nuns sleep with Tibetan monks.