གསར་འགོད་གསལ་བསྒྲགས། བོད་རང་བཙན་སློབ་ཕྲུག་ཚོགས་པ།
བལ་ཡུལ་གཞུང་ངོས་ནས་ཉེ་ལམ་བོད་རང་བཙན་ཉིན་མོ་སྟེ། ཕྱི་ལོ་༢༠༡༣་ལོའི་ཟླ་༢་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་རྒྱལ་སར་བོད་བསྟན་སྲིད་ཀྱི་ཆེད་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བཏང་གནང་མཛད་མཁན་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་ཕྱིར་ས་གནས་བོད་མི་ཚོར་རྩིས་སྤྲོད་མ་གནང་བར་གསང་བའི་སྒོ་ནས་སྲེག་སྦྱང་བྱས་པའི་བྱེད་ལས་དེས་བོད་མི་ཚོའི་སེམས་ལ་བློ་ཕམ་དང་སྐྱོ་གདུང་གི་རྨ་ཁ་བཟོས་ཡོད། དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་ཕྱི་འབྲེལ་མི་སྣའི་རེ་སྐུལ་ཁག་སྣང་མེད་དུ་བཞག་པ་མ་ཟད། རྒྱ་ནག་གཞུང་གི་དྲག་ཤུགས་ཀྱི་བཙིར་གནོན་ལ་ཁ་གཏད་གཅོག་མ་ནུས་པར་བལ་ཡུལ་གཞུང་གིས་དཔའ་བོ་སྒྲུབ་ཚེ་མཆོག་གི་སྐུ་ཕུང་ཉིན་གཉིས་ཀྱི་སྔོན་དུ་བལ་ཡུལ་གྱི་པེ་ཞུ་པཏི་ནའི་སྲེག་སྦྱང་བྱེད་སའི་གནས་སུ་མེར་བསྲེགས་བཏང་འདུག
ཡིད་སྐྱོ་བའི་ད་ཐེངས་ཀྱི་བལ་ཡུལ་ནང་གི་གནས་ཚུལ་འདིས་རྒྱ་ནག་གཞུང་ཕྱོགས་ནས་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་དམར་རྗེན་དུ་བཏོན་ཡོད་ལ། བོད་ནས་བལ་ཡུལ་ནང་བཙན་བྱོལ་དུ་ཕེབས་བའི་བོད་མི་སྐྱབས་བཅོལ་བ་ཚོའི་ངེས་གཏན་མེད་པའི་འཚོ་བ་དང་ཁོང་ཚོའི་ཉེན་ཁའི་གནས་བབ་གསལ་བཤད་བྱས་ཡོད་པས། བལ་ཡུལ་ནང་རྒྱ་ནག་གི་བཙན་འཛུལ་གྱི་ཤུགས་རྐྱེན་ལ་སྟངས་འཛིན་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་བྱེད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་སྔར་ལས་ལྷག་པའི་མཉམ་རུབ་ཀྱི་ནུས་ཤུགས་སྤུངས་པའི་འབོད་སྐུལ་བྱེད་ཀྱི་ཡོད།
ཟླ་༤་པའི་ཚེས་༣་ཉིན་ནི། རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་སྐུ་འདས་ནས་(ཉིན་ཞག་༤༩་)་དགོངས་ཞག་ཚང་གི་ཡོད་སྟབས། གོང་གི་གནས་ཚུལ་ཁག་ལ་གཞི་བཞག་ནས། ང་ཚོས་འཛམ་གླིང་གི་ས་ཕྱོགས་གང་སར་ཉིན་གཅིག་དུས་གཅིག་ལ་སྐུ་འདས་དཔའ་བོ་ཁོང་གི་ཆེད་དུ་འདས་མཆོད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་འཆར་ཡོད། ནང་པའི་རྗེས་འཇུག་པ་ཚོས་གང་ཟག་ཅིག་འདས་ནས་ཉིན་ཞག་ཞེ་དགུ་ལོན་པའི་རྗེས་སུ་རྣམ་ཤེས་ཀྱིས་སྐྱེ་བ་རྗེས་མ་ལེན་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་རྫོགས་བདུན་ཕྲག་རྗེས་མའི་(ལྷག་དཀར་)གཟའ་ལྷག་པའི་ཉིན་གྱི་རྒྱལ་སྤྱིའི་རང་བཞིན་གྱི་བྱ་འགུལ་ནང་འཛུལ་ཞུགས་གནང་ཐོག རང་ཉིད་གནས་སའི་ས་ཁུལ་གང་རུང་དུ་མར་མེ་ཁྲོམ་སྐོར་བཀོད་སྒྲིག་བྱེད་པ་དང་། བལ་ཡུལ་གཞུང་ཚབ་ཁག་ལ་ཞལ་པར་བཏང་ནས་དཔའ་བོ་སྒྲུབ་ཚེ་ལགས་ཀྱི་གནས་ཚུལ་སྐོར་ལ་བློ་ཕམ་བྱུང་སྐོར་གྱི་བརྗོད་ཚིག་སྤེལ་བ། རྒྱ་ནག་གཞུང་ཚབ་ཁག་གི་མདུན་དུ་མི་མང་རྒྱས་འཛོམས་ཐོག་ངོ་རྒོལ་སྐད་འབོད་སོགས་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད།
བལ་ཡུལ་གཞུང་གི་ངོས་ནས་ད་ཐེངས་ང་ཚོར་བློ་ཕམ་བྱེད་དགོས་པའི་ལས་ཀ་སྒྲུབ་ཟིན་མོད། འོན་ཀྱང་བློ་ཕམ་གྱི་གནས་ཚུལ་འདིས་ང་ཚོར་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་དང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་འཛམ་གླིང་མི་མང་ལ་གསལ་སྟོན་བྱེད་པའི་ལམ་ཁ་འཕར་མ་ཞིག་སྤྲད་ཡོད་ལ། ཕྱི་ལོ་༢༠༠༩་ནས་དུས་ད་ལྟའི་དབར་བོད་ནང་ནས་བོད་མི་༡༡༤ལྷག་གིས་རང་ལུས་མཆོད་པ་ཕུལ་ཡོད་པས། ང་ཚོའི་ངོས་ནས་བོད་མི་ཡོད་དོ་ཅིག་གིས་ད་ཐེངས་ཀྱི་གོ་སྐབས་འདི་དམ་འཛིན་བྱས་ནས་ལས་འགུལ་འདྲ་མིན་སྤེལ་བའི་རེ་སྐུལ་བྱེད་ཀྱི་ཡོད།
མཐའ་དོན། ང་ཚོས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ། ད་དུང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་ཚོགས་པའི་ཚོགས་མི་ཡོངས་ཀྱི་ངོས་ནས་རང་ནུས་ཅི་ལྕོགས་སྒོས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་ཅི་རིགས་རྩོམ་པར་སྙིང་ནས་བཀའ་དྲིན་ཞུ་གི་ཡོད།
ཡོང་ཡ་མེད་པའི་སྐད་ཆ་བལ་ཡུལ་གཞུང་ལ་ང་ཚོས་གནོན་ཤུགས་གང་གིས་ལམ་ནས་སྤྲོད་དགོས་རེད། མི་ཚེ་གཅིག་ལ་ཡོང་ཡ་མེད་པའི་སྐད་ཆ་རང་བཤད་ནས་བོད་མིས་ཚེ་སྲོག་ཆོས་དང་རིགས་གཞུང་མེད་པ་བྱས་ཡ་རེད་འདུག། བལ་ཡུལ་གཞུང་གིས་བོད་མིས་ཐོག་ལ་དང་བསྒྲགས་དང་གནོན་ཤུགས་མ་སྤྲོད་བར་དུ་ཁྱོད་ཚོ་གཞོན་ནུས་དྲག་པའི་ལམ་ནས་༧རྒྱལ་བའི་བཀའ་ལ་མ་རྩིས་ནས་རྩོལ་བ་རེད། ད་ལན་ཡང་བར་ཡུལ་གཞུང་གིས་མེ་སྲེད་བརྒྱུད་བསྐུར་བྱས་ཉན་གཞོན་ནུ་རེད་ལོབ་སོང་ངང། རེ་བ་ཞུ་ཡ་གཅིག་ལ་་་སྐུ་ཆེ་་་་བོད་མིས་ཚེ་སྲོག་ལ་བརྩེ་མོ་མ་བརྩེ་རོག་ཁྱོད་ཚོས།
བལ་གཞུང་ནི་ཁྲིམས་མེད་ཀྱི་གཞུང་ཞིག་དང་། བལ་པོའི་རྒྱལ་ཁབ་ནི་མིང་རང་བཙན་ཡིན་ཀྱང་དོན་རྒྱ་ནག་གི་དབང་འོག་ཡོད་པའི་རྒྱལ་ཁབ་ཞིག བལ་པོའི་མི་སྣ་རིང་དེ་ཚོ་ནི་ངོ་ཚ་མེད་པ་། རྐུ་ཇག་ཚོ་ཞིག་རེད།
བལ་པོ་མེད་ན་བཙན་བྱོལ་དུ་ཡོང་ས་མེད་ལ་་་བལ་པོ་མེད་ན་་་ཕ་ཡུལ་ལོག་ས་མེད་ལ། བལ་པོ་མེད་ན་གཞིས་བྱེས་མཉམ་འཛོམ་གྱི་ལམ་ཁ་ཡང་མེད། རྒྱ་གར་དང་འབྲུག་་་པ་ཀིས་ཏན་ལས་སོགས་ཀྱི་བོད་མི་གཅིག་ཀྱང་གཏོང་གི་མེད། དེ་ལའང་བའམ་གཞིགས་བྱེད་དགོས་ངེས་རེད།
བསམ་གཞིགས་ཅེས་བཅོས་རོགས
བརྒྱ་བཤད་སྟོང་བཤད་ཀྱིས་བོད་གཞུང་དམངས་གཉིས་ལ་སྐྱོན་བརྗོད་གང་ཐུབ་བྱས་ན་ཡང་། བོན་པོ་ནམ་ཡང་རོ་ལངས་རྒྱག་མི་ཐུབ།
བལ་པོ་མེད་ན་བཙན་བྱོལ་ལ་ཡོང་བདེ། བལ་པོ་མེད་ན་ཕ་ཡུལ་ལ་ལོག་བདེ། བལ་པོ་མེད་ན་གཞི་བྱེས་མཉམ་འཛོམ་གྱི་ལམ་ཐག་ཉེ།
བལ་པོ་མེད་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བཀག་པས་གང་ནས་འགྲོ།
བལ་པོ་མེད་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བཀག་པས་གཞིས་བྱེས་མཉམ་འཛོམས་གང་ནས་འབྱུང།
བལ་པོ་མེད་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བཀག་པས་བསྔོ་རྟེན་སྐྱབས་རྟེན་གང་ནས་འབུལ། དཔེར་ན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་དྭགས་དང་ཁུ་ནུ་དྷེ་རུ་དྷུན་ལས་སོགས་བཞིན་ནོ།
བན་དེ་བ་གོ་རྒྱུ་མེད་འདུག བལ་པོ་མེད་ན་བོད་ཀྱི་ས་མཚམས་བརྒལ་ན་རྒྱ་གར་དུ་སླེབས་ཟིན་པ་རེད། རྒྱ་ལག་ནས་ཐར་ཡང་བལ་པོས་བཟུང་ནས་རྒྱ་ལ་རྩིས་སྤྲོད་པའི་དཀའ་ངལ་དེ་མེད།
བོད་ལ་ཞེན་ཟེར་བ་ཁོའི་ག་རེ་བཤད་གི་ཡོད་རེད བརྗོད་བྱའི་དོན་མི་ཤེས་ག་བོན་པོའི་ཁྱོད་ལ་ག་རེ་བྱས་སོང ག་རེ་བྱས་ནས་བོན་པོ་ལ་རེ་བ་མེད་ནི་རེད་སྐད་ཆ་བསམ་ནས་ཤོད་ ཟས་ལྡད་ནས་མིད་དགོས་རེད་ རྡོ་གནམ་ལ་འཕངས་ན་རང་མགོ་གཅོག་བྱེད་རེད་ལོ་