གཡུ་རྩེ།
སྔོ་ལྟེམ་མེར་བསིལ་རླུང་གིས་གཡོ་ཞིང་བསྐྱོད་པའི་འབྲས་ཞིང་ཁའི་སྔོ་ལྗང་ལྗང་གི་ཚུགས་ཀ་དེ་འགྱུར་སོང་ཞིང་། ལག་ཏུ་ཟོར་བ་རྣོན་པོ་ཐོགས་པའི་ཞིང་བདག་ཡིན་ཟེར་མཁན་གྱི་སྐྱེས་ཕོ་མོ་ཚོས། སྟོན་ཁ་བརྔ་ཞིང་། སྟོན་ཁ་འབྲེག་པའི་ཚེ་སྲོག་གི་ཉམས་ཉེས་ཤིག་མཐོང་གིན་མྱོང་གིན། སྟོན་ཟླ་དཀར་པོ་ལའང་དོགས་པ་ཞིག་ངང་གིས་འཁོར་རོ།།
དབྱར་ཉི་ཚ་ཚ་དྲག་དྲག་དེ་ཡིས་བསྲེགས་ཤིང་། ཆར་དུས་ཀྱི་ཆར་ཆུ་སྔོ་མེར་མེར་དེ་ཡིས་སླར་ཡང་ནེམ་ཡོད་པའི་འབྲས་ཞིང་ཁ། རང་གི་ལྗང་མདོག་གི་ལང་ཚོ་ཡལ་བར་དོར་བ་མ་ཡིན་ཡང་། ནམ་དུས་ཀྱི་མཆེ་བ་རྣོ་ངར་ཅན་གྱི་བར་ན། འབྲས་ལྡན་དུས་ཞེས་ཞིང་ཁའི་འབྲས་ནས་རྣང་མའི་རྩྭ་རྩི་བར་དུ་སྣོད་དུ་འཇུག་གིན་འཁྱེར་གྱིན། འབྲས་ཞིང་ཁའི་ལང་ཚོ་འཇོམས་བཞིན་པའི་རྔམ་སྲེད་ཀྱི་སྟོན་ཁ་ཞིག་གིས་། སྟོན་ཁ་ཞིག་གི་ཤུན་སྐོགས་བཤུ་ཞིང་། སྟོན་ཁ་ཞིག་གི་ནང་སྙིང་འགོག་པའི་བསམ་སྦྱོར་མཐོང་གིན་མྱོང་གིན། སྟོན་ཟླ་རྒྱས་པ་ཟེར་ཡང་། སུ་ཞིག་གི་བཙན་དྲག་གི་བསམ་སྦྱོར་གྱིས་གཅེར་བུར་འབུད་པའི་མྱ་ངམ་གྱི་ཐང་ཆེན་ཞིག་མཐོང་པས། སྟོན་ཟླ་རྒྱས་པ་རེད་དམ། སྟོན་ཟླ་དཀར་པོ་རེད་དམ།
སྔ་དགོང་གི་ནམ་ཟླ་ཇེ་འཁྱག་ལ་འགྲོ་ཞིང་གྲང་རླུང་ཤུར་ཤུར་ཞིག་གིས་མདུན་ནས་འགོག་ཅིང་རྒྱབ་ནས་འདེད་པས། ཁང་བརྩེགས་མཐོ་དམན་གང་ཞིག་གི་ནང་ནས་བསྡད་རུང་། ཕྱི་ལ་བུད་ཀྱང་ལུས་སེམས་ཀྱི་དྲོད་གྲང་མི་སྙོམ་པར་འདར་འདར་ལྕུག་ལྕུག་བྱེད་དུས། སྟོན་ཟླའི་བཀྲག་མདངས་ཇི་འདྲ་གྲང་ཨང་། དབྱར་ཉི་དྲིན་ཆེན་དེ་ཇི་འདྲ་དྲན་ཨང་།
གཡུ་ཡི་གཞོང་བ་ལྟ་བུའི་ཕྱི་སྣོད་ཀྱི་འཇིག་རྟེན་ཞིག་བཤིག་གིན་འཐོར་གྱིན་པའི་ངང་ཚུལ་ལ་རྔམ་བཞིན་འཇིག་གིན། སྔོན་མོ་སྤང་ལྗོངས་འདྲ་བའི་སེམས་པ་ཞིག་རྩབ་རལ་ཏུ་གཏོང་བཞིན་འགྲོ་བཞིན་པའི་སྣང་བ་སྐྱོ་བཞིན་སྡུག་གིན། མིག་ལ་འཚེར་བའི་ཟླ་བ་དཀར་པོ། སེམས་ན་ཡོད་པའི་ཟླ་བ་དཀར་པོ། སུ་ཞིག་གི་བྲང་གཞུང་ན་ཁྱེད་རང་དཀར་པོ་ཡིན་ནམ།
དྲན་ཤེས་ཀྱི་ནམ་མཁའ་རུ་ཅེར་ཅེར་ནས་། མཛེས་སྡུག་གི་འཇིག་རྟེན་ཞིག་གི་སྣང་བ་རྙིང་གིན་འགག་གིན་པའི་ཡི་ག་ཇེ་ཆེར་སོང་གིན་འགྲོ་བཞིན། མིག་ཡ་གཅིག་བཙུམ་པ་འདྲ་བས། དོ་ནུབ་སྔོ་ཐིང་ཐིང་གི་མཁའ་དབྱིངས་སུ་འོད་དཀར་ཀྱི་ཟེགས་མ་ཤག་ཤག་ཏུ་འཇོ་བའི་སྟོན་ཟླ་རྒྱས་པ་འདི་ལ་ཅེར་རེར་ལྟ་བཞིན་མཐོང་གིན། ཟླ་བ་དཀར་པོ་ཨེ་རེད་འདོད་མཁན་ང་ཁོ་ན་ཡིན་ནམ། འཛུམ་ལྷུག་ལྷུག་དང་འོད་ཆེམ་ཆེམ་གྱི་སྐར་ཚོགས། སུ་ཞིག་ལ་ཁྲེལ་དགོད་ཤོར་བ་རེད་དམ། གང་ཞིག་ལ་ཁོང་འཛུམ་ལངས་པ་རེད་དམ།
ནག་པོ་རེད།
ཟླ་བའི་ཁ་དོག་དཀར་པོ་ཡིན་ཡང་སྤྲིན་པའི་གཡོག་ན་ནག་པོ་ཆག་འགྲོ།
གངས་རིའི་ཁ་དོག་དཀར་པོ་ཡིམ་ཡང་མཁྲིལ་ནད་བྱུང་ན་སེར་པོ་སྣང་ཞིང།
རླུང་སོགས་ན་ཚ་གཞན་དང་གཞན་གྱིས་དབང་གི་སྔོ་སེར་སོགས་སུ་སྣང་བ་ཡིན།
གང་ལ་གང་སྣང་དེ་ལ་དེ་དང་དེར་ཚད་མར་ཞེན་ན་དེ་དངོས་གནས་མིན་ནམ།
རྣ་བ་བརྒྱད་པའི་ཚིགས་བཅད་འདི་ལ་མངོན་པར་བསྟོད་དོ།།
འཚམས་སྤྲིན་དམར་པོའི་གསེང་ནས་དམར་མདོག་འོད་ཀྱིས་སྤྲས་པའི་ཟླ་རྒན་ཞིག་གིས་སྐྱེ་འགྲོ་ཡོངས་ལ་བསིལ་བའི་དགའ་བདེ་སྦྱིན་འདོད་ཀྱིས་ཨུ་ཚུགས་ཇི་ལྟར་བྱས་རུང་ས་སྟེང་འདི་རུ་འོད་དཀར་ཟེགས་མའི་ཆ་ཤས་ཙམ་སྤྲོ་མ་ནུས་པ་ཅི་ཡི་གནང། སྟོན་ཟླ་དཀར་པོ་མིན་པས་ཡིན་ནམ་མདོག་རོ་ངན་པའི་སྤྲིན་སྨུགས་སྟུག་པོས་སྒྲིབ་པར་བྱས། གང་ལྟར་འོད་གསལ་གྱིས་དབེན་པའི་ཟླ་བ་ཞིག་དང་བསིལ་བའི་བྲོ་བཅུད་བྲལ་བའི་འོད་མདངས་འཕོན་ཆེན་ཞིག་ལས་མ་འདས་མོད།
དྲི་བ་འདི་ཁ་བརྡའི་མགྲོན་པོ་ཚོར་བརྙས་བཅོས་ཙམ་རེད་འདོད།
དབྱར་དུས་ན་ལྗང་ཞིང་ལྡེམ་པའི་ཞིང་ཁ་གྲུ་བཞི་།
སྟོན་དུས་ཀྱི་བ་མོའམ་ཞིང་པ་རྒན་པོས་།
སྐྱ་ཅག་ཅག་དུ་བཟོས་པའི་འཇག་མའི་རྩ་ཐང་།
སྟོན་ཟླ་ཁྱོད་དགོང་པ་མ་ཚོམ་།
འོ་མའི་མདོག་ནག་པོ་ཨེ་རེད།
ཉི་མ་ཡོད་དུས་ཉི་མས་དྲོད་ཁོལ་སྟེར།
ཉི་མ་མེད་དུས་ཉི་མས་བསིལ་གྲིབ་སྟེར།
ཟླ་བ་འདི་ཡང་མཚན་མོ་སྙིང་མ་རྗེ།
ཉི་མའི་འོད་ལ་དུངས་པ་གཅིག་པ་རེད།
འོད་ལ་ཁ་མདོག་སྣང་བའི་རིག་རྒོད་ཚོ།
ཟླ་བར་ཁ་མདོག་ཡོད་པ་གང་ན་གསལ།
ཉིད་འོད་མེད་པའི་མཁའ་ལམ་སྐར་མའི་རིགས།།
ད་ལྟ་མ་གསལ་འོད་མེད་མདོག་མེད་མང་།