ཤེལ་དཀར་ལྷག་པ།
དེ་རིང་ཁོ་བོས་དྲྭ་ཉུལ་བྱས་དུས་ཟླ་བ་ཚེ་རིང་སྤྱི་འཐུས་འོས་མི་རུ་གསལ་བསྒྲགས་བྱས་པ་མཐོང་འཕྲལ་ང་ནི་ཧང་སང་སོང་། ཁོ་ད་དུང་ཡང་རང་གིས་ངོས་ལེན་མེད་པའི་གཞུང་དེའི་འཐུས་མི་རུ་བཞེངས་པར་བརྟེན་ཧང་སང་སོང་། མཚམས་འདིེར་ང་ལ་ཚོེར་སྣང་སྐྱེན་པོ་ཞིག་གི་རྐྱེན་བྱས་ནས་ཟླ་བ་ཚེ་རིང་གི་སྔ་ཕྱིའི་གནས་ཚུལ་མང་པོ་ཞིག་གླེང་འདོད་སྐྱེས་བྱུང་།
དྷ་སའི་ཡོངས་གླིང་སློབ་གྲྭ་ནི་ཐོག་མར་༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་མ་ཐེབས་བཞག་ནས་གསར་འཛུགས་གནང་ཡོད་པ་དང་། རིམ་པ་བཞིན་དྷ་སའི་ཕ་མའི་ཚོགས་ཆུང་གིས་རྩིས་ལེན་དང་འཛིན་སྐྱོང་བྱས་ཡོད། སྐབས་དེར་ཟླ་བ་ཚེ་རིང་ཡང་ཕ་མའི་ཚོགས་ཆུང་གི་ཚོགས་མི་གྲས་ཡིན་འདུག་ཅིང་། རིམ་པ་བཞིན་ཁོས་སློབ་གྲྭ་ལ་ལག་པ་འཆང་རྒྱུར་ཇེ་མང་དུ་སོང་སྟེ། མཐར་ཁོ་སློབ་གྲྭའི་འགན་འཛིན་དུ་གྱུར་ཡོད། སྐབས་དེ་དག་ཏུ་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་སོགས་མཛད་སྒོ་ཆེ་ཁག་སར་སློབ་གྲྭ་དེ་ཁོས་གསར་འཛུགས་བྱས་པ་ཡིན་ཚུལ་སོགས་གླེང་པར་མ་ཟད། མཐར་ཟླ་བ་ཚེ་རིང་དྷ་སའི་བདེ་དོན་སྐབས་དབང་ཆ་བེད་སྤྱོད་བྱས་ནས་སློབ་གྲྭ་ཡོངས་རྫོགས་ཁྱུག་མིད་བཏང་འདུག བདེ་དོན་བརྗེ་ལེན་སྐབས་སློབ་གྲྭ་བདེ་དོན་གསར་པ་ལ་རྩིས་སྤྲོད་མ་བྱས་པ་སོགས་ཀྱི་རྙོག་དྲ་ཆེན་པོ་བྱུང་བ་བརྟེན་ ༢༠༠༡ ལོར་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་གིས་བོད་གཞུང་ཁྲིམས་ཞིབ་ཁང་ལ་ཟླ་བ་ཚེ་རིང་གིས་ཡོངས་གླེིང་སློབ་གྲྭའི་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པའི་སྐོར་ཞུ་གཏུག་བྱས་པ་བཞིན་ཁྲིམས་ཞིབ་ཁང་གིས་གྱོད་གཞི་དེར་ལོ་ངོ་བཞི་ཡི་རིང་ཞིབ་འཇུག་གནང་ཏེ་ ༢༠༠༤ ལོར་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་ར་སྤྲོད་བྱུང་ཏེ་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པའི་བཅད་ཁྲ་བཏང་ཡོད་པ་རེད། འོན་ཀྱང་ཟླ་བ་ཚེ་རིང་གིས་ཁྲིམས་ལ་དྭང་ལེན་དང་ཉེས་པ་ལ་འགྱོད་བཤགས་བྱ་རྒྱུ་ཕར་ཞོག་བོད་གཞུང་ཁྲིམས་ཞིབ་ཁང་ས་གནས་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་བསྐྱལ་ཡོད་པ་དང་། ལོ་དེ་ནས་བཟུང་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ཁ་མཆུ་ཡི་འགྲོ་གྲོན་དོན་དུ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་འབུམ་ ༢༦ ལྷག་ཞུས་ནས་འགྲོ་སོང་བཏང་གི་ཡོད་པ་རེད། ཡོང་སྒོ་ཆུང་ཞིང་འགྲོ་གྲོན་ཆེ་བའི་བོད་གཞུང་གི་དངུལ་བབ་དེ་དག་རྩ་དོན་ཐོག་གཏོང་ན་ག་ཚོད་ཕན་ནུས་ཐོན་གྱི་རེད་དམ།
ཀུན་གྱིས་མཁྱེན་གསལ་ལྟར་བོད་མི་མང་སྤྱི་འཐུས་ནི་ཁྲིམས་བཟོ་ལྷན་ཚོགས་པ་ཞིག་ཡིན་པས་ཁྲིམས་ཀྱི་བཟོ་གྲྭ་རེད། བཅའ་ཁྲིམས་ལ་བརྩི་བཀུར་མེད་པའི་མི་ཞིག་ཁྲིམས་བཟོ་བར་འོས་སམ། ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ བོད་ཀྱི་ཡུལ་མིའི་ལག་འགན། ནང་གསེས་༢ པ། བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང། ཉམས་ལེན། ཞེས་འཁོད་པ་དང་འགལ་ཡོད་པར་མ་ཟད། ཁོས་བོད་ཀྱི་བཅའ་ཁྲིམས་རྩིས་མེད་རྡོག་རོལ་བཏང་པར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་སྤྱི་འཐུས་ཀྱི་འོས་ཆོས་དང་ཡོངས་སུ་འགལ་བ་སྟེ། བཅའ་ཁྲིམས་ དོན་ཚན་ ༣༨ པ། སྤྱི་འཐུས་ཀྱི་འོས་ཆོས། ནང་གསེས་ ༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། སྒྲིག་གཞིའི་རིགས་དང་མི་འགལ་བ་བཅས། །ཞེས་པ་དང་ཡང་འགལ་ཡོད། ད་དུང་སྤྱི་འཐུས་ཀྱི་འོས་ཆོས་ནང་ཁྲིམས་ཁང་ནས་ནག་ཉེས་ཕོག་པ་མ་ཡིན་པར་ཞེས་པ་ཡང་ཡོངས་སུ་འགལ་ཡོད།
ཟླ་བ་ཚེ་རིང་གིས་གོང་གསལ་བཅའ་ཁྲིམས་དང་ལས་རྒྱུ་འབྲས་ཡོངས་སུ་འགལ་བའི་ལས་ངན་བརྩམས་ཡོད་ན་ཡང་། ད་དུང་ངོ་ཚ་དང་རང་གི་བྱས་ཉེས་ལ་ངོས་ལེན་མེད་པར་ཧམ་པ་ཆེན་པོས་གྲོས་ཚོགས་ནང་དཔུང་པ་གཡས་བརྫེས་་གཡོན་བརྫེས་ཀྱིས་༧གོང་ས་མཆོག་གི་བཀའ་ཞེས་བཤད་པ་དེ་ཁོ་ནས་༧གོང་ས་མཆོག་ལ་དོན་དམ་པའི་བཀའ་གསུང་དྭང་ལེན་ཡོད་མེད་ཀྱང་ཤེས་སླ།
ང་ཡ་མཚན་པ་ཞིག་ལ་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ནག་ཉེས་དང་བཅའ་ཁྲིམས་ལ་བརྩི་བཀུར་མེད་པ། བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ས་གནས་ཡུལ་མིའི་ཁྲིམས་ཁང་དུ་བསྐྱལ་བ་དང་། ལྷག་པར་དུ་དེ་ལྟ་བུའི་ནག་ཉེས་གསོག་པའི་ཉེས་ཅན་པ་རྣམས་བོད་ཀྱི་གྲོས་ཚོགས་འཐུས་མི་རུ་བསྐོས་མི་ཆོག་པར་ཤེས་བཞིན་དུ་ཟླ་བ་ཚེ་རིང་གི་གདོང་ལ་འཛུབ་མོ་བཙུགས་མི་ཕོད་པ་དེ་དཔུང་ཤུགས་དང་རྒྱུ་ཤུགས་གང་ལ་སྐྲག་པ་ཡིན་ནམ།
ད་དུང་བོད་ཀྱི་རྩ་ཁྲིམས་ཁས་མི་ལེན་པ་ནི་བོད་གཞུང་ཁས་མི་ལེན་པ་རེད། འོན་ཀྱང་བོད་གཞུང་གི་ཤེས་རིག་བཀའ་བློན་དང་ཤེས་རིག་དྲུང་ཆེ་སོགས་གཞུང་འབྲེལ་ཐོག་ནས་སྤྱི་རྒྱུ་སྒེར་བདག་བྱས་པའི་སློབ་གྲའི་མཛད་སྒོར་སྐུ་མགྲོན་དུ་སོང་བ་དེ་ཁྲིམས་དང་སྒྲིག་གཞི་མཐུན་ནམ།
ཕྱོགས་གཅིག་ནས་བལྟས་དུས་བོད་གཞུང་གི་བཅའ་ཁྲིམས་ཟེར་བའི་གཉའ་ཤིང་དེ་བོད་མི་ཉམ་ཆུང་ཚོའི་མགོ་བོ་གནོན་བྱེད་ཁོ་ན་རེད་འདུག ཧམ་པ་དང་རྒྱབ་རྩ་རྒྱུ་ཤུགས་ཡོད་མཁན་ཚོའི་ཐོག་ལ་ནི་འཇམ་པོ་རི་བོང་གི་སྤུ་རང་རེད།
དེས་ན་བོད་གཞུང་གི་བཅའ་ཁྲིམས་ཟེར་བ་དེ་ཁ་བཤད་ལག་ལེན་མཐུན་པར་བཙན་བྱོལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་གཅུན་བྱེད་ཡིན་ན་ཟླ་བ་ཚེ་རིང་ལ་བརྡ་ལན་གཅིག་སྤྲོད་རན་འདུག དེ་ལྟར་མིན་ན་གོང་དུ་བཤད་པ་བཞིན་ཁྲིམས་ཟེར་བ་དེ་ཉམ་ཆུང་མགོ་བོ་གཅུན་ས་ཁོ་ནར་སྤྱད་ན་ནམ་ཞིག་བཅའ་ཁྲིམས་ཟེར་བ་དེ་ཤོག་བུའི་ཐོག་གི་སྟག་རང་ཆགས་སྲིད་ལ། སྐབས་དེར་ད་ལྟ་བོད་གཞུང་ཞེས་གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱན་དང་མིག་གིས་གཟིགས་ཕྱོགས་མཉམ་པར་ཁས་བླངས་པའི་གཞུང་དེ་ཡང་རིན་ཐང་ཇི་ཙམ་འཇོག་མིན་ཡང་བཤད་དཀའ་འོ།
(བཀུར་འོས་རྩོམ་སྒྲིག་པ་ལགས་སུ
རྩོམ་ཡིག་འདི་ཡི་ཁག་ཐེག་རང་ཉིད་ཀྱིས་བྱ་ཆོག་པས་དྲ་ཐོག་ན་བཀོད་རོགས་ཞུ། དཔར་ཡང་ལྷན་དུ་སྦྱར་ཡོད་པས་འགོད་རོགས་ཞུ།
གུས་པ་ སྟོད་ཤེལ་དཀར་བ་ལྷག་པ་ཚེ་རིང་ནས།)
ད་བསམ་ཚུལ་འགོད་དང་། ཁ་བརྡ་ཚང་གི་ཁ་ནག་ཚོར་བོད་བསྟན་སྲིད་དང་འབྲེལ་བའི་དགག་བཞག་མཐོང་དུས། ར་ལུག་གིས་སྤྱང་ཀི་མཐོང་བ་ནང་བཞིན་ཆགས་འགྲོ་གི་རེད། དོན་མེད་ཕྱོགས་འཐེན་དང་མཁན་བླ་ཆོས་ལུགས་འདྲ་དུས་འཛེམ་འཛེམ་ཐོགས་ཐོགས་མེད་པ་འདི་ཚོ་རྣམ་རྟོག་མིན་ན་ཅི་རེད། ད་ཐོན་ཤོག་དང་། མིང་རྫུན་ནས་ཀྱང་ཐོན་མི་ཕོད་པ་ཤ་ཚ། སྙིང་རྗེ། སྟོད་ཤེལ་དཀར་ཀྱི་ཕོ་རྒོད་ཐུགས་རྗེ་ཆེ།
ཟླ་བ་ཚེ་རིང་འདྲ་བའོ་་སྤྱི་འཐུས་ལ་དཀོན་ན་བོད་གཞུང་རླུང་རྟ་ཆག་སྟེས་རེ་
བདེ་དོན་ཟླ་བ་ཚེ་རིང་ལགས་ངས་དེ་སྔོན་མི་ལྷག་བསམ་ཅན་ཞིག་ལ་ངོས་འཛིན་བྱེད་གི་ཡོད། ཡོངས་གླིང་སློབ་གྲ་དེ་ཁོ་རང་གི་ཕྲུག་གུའི་མིང་ཐོག་མཐོ་འགོད་བྱས་ཡོད་པ་མ་ཟད་བོད་གཞུང་ཁྲིམས་ཁང་ལ་རྩི་འཇོག་མ་བྱས་པར་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པ་དེས་ང་ཧང་སངས་སོང་།
སྒེར་ནད་ཡོད་ན་དེར་ཟད། དེ་མིན་སྤྱི་འཐུས་ཚོའི་ནང་ན་ཟླ་བ་ཚེ་རིང་འཇོན་ཐང་ཆེ་ཤོས་རེད། ད་སྡུག་སྐད་མ་རྒྱག
སྤྱི་འཐུས་ཚོའི་ནང་ན་ཟླ་བ་ཚེ་རིང་འཇོན་ཐང་ཆེ་ཤོས་རེད། བོད་གཞུང་འོས་བསྡུ་ལས་ཁུངས་ཀྱིས་ཞིབ་འཇུག་ཞིབ་ནན་གནང་ཡོད་པ་རེད། འོས་ཆོས་ཚང་སོང་བ་རེད། ད་ཐབས་ཤེས་ཡོད་པ་མ་རེད། འོས་ཆོས་ཚང་སོང་བ་ཡིན་དུས། ག་ཚད་བཤད་ཀྱང་མ་བཤད་ཀྱང་། དོན་ལ་གླེང་གཞི་གང་ཡང་མེད་པར་ངོས་འཛིན་ཐོབ་ཟིན་པ་རེད། ད་སྡུག་སྐད་མ་རྒྱག འདིའི་ཕན་གི་འཇོན་པོ་ཞིག་འཁྲིད་ཤོག་ལབ་ན་དཀའ་ལས་རེད། ཟླ་བ་ཚེ་རིང་འདི་སྔོན་གྱི་བདེ་དོན་ཟླ་བ་ཚེ་རིང་རེད། ལས་སླ་པོ་མེད།
དྲ་ཐོག་གྲོགས་ཚོ།
རྡ་སའི་ཡོངས་གླིང་སློབ་གྲྭ་འཛིན་ཁང་དང་བཅས་པ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་བ་ཚེ་རིང་ཟེར་བའི་མི་འདི་ལ་རྒྱུས་ལོན་བྱེད་འདོད་ན། ཡོངས་གླིང་སློབ་གྲྭའི་རྭ་སྐོར་བེད་སྤྱད་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་མཁན། རྡ་སའི་གཡས་གཡོན་གྱི་ཤེས་ཡོན་ཡོད་ཀྱང་སྒོར་མོ་མེད་མཁན་གྱི་ཚོགས་པ་ཆུང་ཆུང་ཁག་ལ་དྲིས་ན་སྒྲུང་འདྲ་མིན་བཤད་རྒྱུ་ཡོད།
ཟླ་བ་ཚེ་རིང་ཡབ་ཡུམ་འཁོར་དང་བཅས་པས་ཡོངས་གླིང་སློབ་གྲྭ་བེད་སྤྱད་ནས་ཕྱི་རྒྱལ་ག་ཚོད་ཅིག་གི་སྒོར་མོ་བཀོག་ཡོད་མེད་སློབ་གྲྭ་དེར་སོ་སོའི་ཕྲུ་གུ་གཏོང་མྱོང་མཁན་ཕ་མ་ཁ་ཤས་ལ་དྲིས་ཤེས་འོང། ཁམས་ཕྱོགས་ཀྱི་ཕ་ལགས་ཅིག་དང་ཟླ་བ་ཚེ་རིང་སྦྱིན་བདག་ཆེད་དུ་རྩོད་པ་ཡང་ཤོར་མྱོང་།
འཛིན་གྲྭ་བདུན་པའམ་བརྒྱད་པ་གང་རུང་ཞིག་ལས་འདོན་མ་མྱོང་པའི་རྒད་པོ་མགོ་སེར་འདིས་བོད་གཞུང་གི་རྐུབ་སྟེགས་འཕྲོ་བརླགས་བཏང་ནས་ལོ་མང་པོ་འགྲོ་སོང་། ད་དུང་ཉེ་སྔོན་སྤྱི་འཐུས་ནང་ཁུལ་གྱི་དམག་ཆེན་དང་བོ་དང་གཉིས་ལངས་སྐབས། རྒད་པོ་མགོ་སེར་འདིས་འཇར་མན་གྱི་ནཱ་ཟའི་ཚོགས་པའི་ཧས་ཏི་ལི་ནང་བཞིན་གཏེ་བོ་ཞིག་ཡིན་པ་སུ་ལའང་གསལ།
དྲ་ཐོག་གི་གྲོགས་པོ་ཚོ། ཁ་བརྡའི་གླེང་སྟེགས་འདི་བརྒྱུད་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་རེ་གསུངས་ན་ཅིས་མི་ཆོག
ཟླ་བ་ཚེ་རིང་འདྲ་བའི་མི་བོད་བཙན་བྱོལ་ནང་དཀོན་པོ་རེད། ཁོ་སྒེར་ནས་སྤྱིན་བདག་བཙལ་ནས་ཡོངས་གླིང་སློབ་གྲ་བཙུགས་པ་རེད། སྤྱི་བདག་གིས་ཟླ་ཚེ་ལ་དབང་བ་ཡིན་ཞེས་བཤད་པ་རེད། རྡ་སའི་བུ་ཕྲུག་ཚོའི་ཕ་མ་ཚོས་ཡང་ཟླ་ཚེ་ལ་རྒྱབ་སྐྱོར་གནང་བ་རེད། ཟླ་བ་ཚེ་རིང་མེད་སོང་ན་དབུས་གཙང་ལ་སྤྱི་འཐུས་ཀྱི་མགོ་མེད་སོང་བ་རེད། ཁོ་ངེས་བར་ཕེབས་དགོས།
དྲ་གྲོགས་རྣམ་པ ། ནམ་རྒྱུན་ཁ་ཕྱིར་བལྟས་ཁོ་ན་གནང་ན་རང་གཞན་གཉིས་ཕུང་གི་རྒྱུ་ལས་མ་འདས་བས ། སྤྱི་ཚོགས་དང་རང་སྐྱིད་གཞན་སྨོན་ཆེད་ཁ་ནང་དུ་བསྟན་ཏེ་རང་སེམས་གཅུན་རྒྱུ་ནི་ཆོས་དང་མཐུན་ལ་འཇིག་་རྟེན་མི་ཆོས་དང་ཡང་མཐུན་སྟེ ། དེ་ཡང་ཀླུ་སྒྲུབ་ཀྱིས ། གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ །། གཞན་གྱི་སྐྱོན་རྣམས་ཅི་བརྗོད་པ །། དེ་བཞིན་རང་ལའང་ཡོད་པ་སྟེ །། དཔེར་ན་ཝ་དང་བུད་མེད་བཞིན །། །། ཞེས་གསུངས་པ་ལྟར་རང་ངོ་རང་གིས་ཤེས་པར་བྱ་རྒྱུ་གལ་ཆེན་རེད་སྙམ་པ་མ་ཟད ། དྲ་རྒྱུའི་བརྒྱུད་ལམ་འདི་བེད་སྤྱོད་ལོག་པར་མ་བཏང་བར་ཆུང་ས་ནས་རང་མི་རིགས་འདིའི་སྐད་ཡིག་གི་སྤུས་ཀ་གང་ལེགས་སུ་གཏོང་ཐབས་དང་ ། ཆེ་ས་ནས་ང་ཚོའི་མིག་མདུན་དུ་ལྷགས་པའི་བོད་ཀྱི་མ་འོངས་པའི་མདུན་ལམ་རྩོད་ཐབས་ཐད ། ཅི་ཡང་མི་བསམ་པར་ཁ་ཁོག་མི་མཐུན་པའི་ལྷག་བསམ་གྱི་ཟློས་གར་ཁྲོད་དུ་གཞིས་ལུས་བོད་མིའི་རྣ་བར་གཟན་ཞིང་ ། སེམས་ཤུགས་ཆག་གཞིའི་ཁ་ཆག་སྣ་རལ་གྱི་བཀའ་མོལ་མ་གནང་བར་རང་ཉིད་ཡུལ་གྱར་གྱི་གནས་བབ་ལ་ཕྱིར་མིག་བལྟ་རྒྱུ་གལ་ཆེའོ །།
སེམས་ལ་ལྷག་བསམ་ཡོད་ན །། ཁ་ལ་ལྷག་བསམ་མི་འབྱར །། ལ་རྒྱ་ཞེ་ལ་ཡོད་ན །། མདུང་རྩེ་རིགས་ལ་མི་གཏོད །།
ལུང་བ་རྒྱ་མིས་འཕྲོག་སོང་ །། སྤུན་ཟླས་མནར་གཅོད་མྱངས་སོང་ །། ཁྲེལ་དང་ངོ་ཚ་ཡོད་ན །། ཕྱིར་མིག་བོད་ལ་ལྟོས་དང་ །། ཁོང་ན་སེམས་ཤུགས་ཡོད་ན །། ཆིག་སྒྲིལ་ལས་ལ་འབད་དང་ །། དོན་གྱིས་ཕོ་རྒོད་ཡིན་ན །། མདུང་རྩེ་རྒྱ་ལ་གཏོད་ཅིག། ནང་ལ་དཔའ་གཏམ་མ་ཤོད །། ལག་དམར་བོད་ལ་འགྱིངས་འདུག། བཅོས་མིན་སྙིང་སྟོབས་ཡོད་ན །། རྒྱ་ལ་ཁ་གཏད་གཅོག་དགོས །།
དྲ་གྲོགས་ཚོ།
ངས་ཁྱེད་ཚོར་དྲན་གསོ་དང་སྙིང་གཏམ་ཞིག་ཞུ་ན་འདོད།་་ང་ཚོ་བོད་ནད་རྙིང་ཞིག་ཡོད་པ་ནི།
འཇོན་བཏང་ཅན་གྱི་མི་སྣ་དང།་་ཤེས་ཡོན་ཅན་མི་སྣ།་་དཔལ་འབྱོར་ལྡན་པའི་མི་སྣ་བཅས་ཐོན་ཚེ་ལམ་སེང་འབོར་རྡུང་བཏང་ནས་མི་སྣ་དེ་དག་སྤྱི་ཚོགས་ནང་ལངས་རྒྱུར་འགོག་རྐྱེན་བཟོས་ཀྱི་ཡོད།
གནད་དོན་དེ་ནི་ང་ཚོ་བོད་ལ་ཕུལ་བྱུང་གི་མི་སྣར་ཐོན་རྒྱུར་འགོག་རྐྱེན་ཆེན་བཟོ་བཞིན་ཡོད།་་ཕུལ་བྱུང་གི་མི་སྣ་ཐོན་ཡང་བོད་པའི་སྤྱི་ཚོགས་ནང་སྡོད་དུ་བཅུག་གི་མེད།་་མི་སྣ་འཇོན་བཏང་ཅན་ཐོན་ཡང་མིན་ན་སྙད་མེད་བསྙད་འདོགས་སྣ་ཚོགས་ཀྱིས་མི་དེ་དག་ནག་པོ་བཟོས་བཞིན་འདུག་་་དཔལ་འབྱོར་ཅན་ཞིག་ཐོན་ཚེ་རྒྱ་མིའི་དངུལ་བཟས་སྐོར་བརྗོད་ཀྱི་འདུག་་་ཁ་ལག་བཟའ་སྟངས་འགྲིགས་ཀྱི་མེད་པ་ཡིན་ནམ།་ཡང་ན་ཚ་གང་གིས་བྱེད་ཀྱི་ཡོད་ཆ་མི་འཚལ།་
ཐེངས་འདིར་ངས་ཟླ་བ་ཚེ་རིང་སྤྱི་འཐུས་སུ་ལངས་ཆོག་པའི་སྐོར་ལ་རྒྱུ་མཚན་འགའ་ཤས་དྲངས་རྒྱུ་ཡིན།་
༡༽་ང་རང་ལོ་མང་རིང་དྷ་སར་བསྡད་མྱོང་བའི་མི་སྣ་ཞིག་གིས་ངོས་ནས་ཞུས་ན་ཟླ་ཚེ་ལགས་རྒྱུས་ངོ་ཆེན་པོ་ཡོད་མཁན་ཞིག་ཡིན།་་ང་ཚོའི་སྤྱི་ཚོགས་ནང་བྱས་ཡུད་དང་ཁ་སྟོང་བཤད་མཁན་མང་པོ་ཡོད་རུང་དོན་ངོ་མ་ཁ་ལག་ཡོད་ཀྱི་ལག་ལེན་གྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུ་དང།་་༸གོང་ས་མཆོག་སྲི་ཞུ་བསྒྲུབ་རྒྱུ།་་བོད་ཀྱི་རྩ་དོན་ལ་ལས་འགུལ་སྤེལ་རྒྱུ།་་རྒྱ་གར་ཡུལ་མི་དང་འབྲེལ་ལམ་བྱ་རྒྱུ་སོགས་ཀྱི་མཚོན་གནད་དོན་མང་པོ་ཞིག་ལ་ཟླ་ཚེ་ལགས་ནང་བཞིན་སྤྱི་ཚོགས་ནང་མཐོང་དཀོན།
༢༽བོད་མིའི་སྤྱི་ཚོགས་ནང་བོད་ནས་གསར་དུ་འབྱོར་བའི་མི་མང་པོ་ཞིག་ལ་ཤེས་ཡོན་དང་།་སྐད་ཡིག་་ས་གནས་བཅས་གང་སྤྱིའི་དཀའ་ངལ་འཕྲད་ནས་ལས་དཀའ་མ་རག་པར་གང་དྲག་ཅི་དྲག་བསམ་པའི་སྐབས་དེར་ཟླ་བ་ཚེ་རིང་གིས་ལས་མེད་ཚོགས་ཞེས་པ་དེ་བཙུགས་ནས་ལས་རིགས་འདྲ་མིན་གསར་གཏོད་ཀྱིས་ད་བར་བོད་མི་མི་ཉུང་བ་ཞིག་ལ་མ་མཐར་འཚོ་བའི་ཐོག་དཀའ་ངལ་མེད་པ་བཟོས་ཡོད་པ་དེ་ནི་རྟག་པར་སྤྱི་ཚོགས་ནང་ཁ་བཏང་མཁན་དེ་དག་ལས་ཧ་ཅང་གི་ལེགས་པར་མངོན།
༣༽ལོ་ཤས་སྔོན་༸གོང་ས་མཆོག་གིས་ནང་ཆོས་སློབ་གཉེར་བྱ་རྒྱུ་དང་ལྷག་པར་རིགས་ལམ་སློབ་གཉེར་བྱ་རྒྱུ་ནི་གྲྭ་པ་གཅིག་བུའི་བྱ་རྒྱུ་ཞིག་མིན་མི་མང་གིས་འཁུར་ལེན་ན་ཡག་པོ་ཡོད་སྐོར་བཀའ་ནན་བསྩལ་སྐབས།་ཚོགས་སྡེ་མང་པོ་ཞིག་རྒྱལ་བའི་དགོངས་ལ་མ་ལོན་པའི་ཚུལ་དུ་བཏང་སྙོམ་གནས་ཀྱང།་་སྤྱང་དྲུང་འཛོམས་པའི་ཟླ་ཚེས་ལམ་སེང་རྡ་སར་བཞུགས་སྒར་ཁུལ་དུ་ནང་ཆོས་ལ་དོན་སྣང་ཡོད་པའི་རྒན་དར་གཞོན་མང་པོ་རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་ཆེད་དང་།་་ནང་ཆོས་དང་རིགས་ལམ་གྱི་བག་ཆགས་འཇོག་ཆེད་ནང་ཆོས་ཚོགས་ཆུང་ཞེས་རེས་གཟའ་ཉི་མ་ནམ་ཡིན་ལ་ནང་ཆོས་སློབ་གཉེར་བྱེད་པའི་སྲོལ་བཙུགས
ཨ་རོ་ཚོ་ཡག་པོ་ལྟོས། སྐད་ཅ་ཚབས་ཆེན་དེ་འདྲ་མ་བཤད། ཁུངས་ལུང་ཡོད་ན་གསལ་པོ་བསྟན་དང༌།
༤༽་ཟླ་བ་ཚེ་རིང་གིས་ཉེ་བའི་ལོ་ཤས་ཀྱི་སྔོན་ལ་ས་དགེ་རྙིང་གསུམ་གྱི་དགོན་གང་གི་ནང་དུ་ཡང་འཛུལ་ཞུགས་བྱ་རྒྱུ་དཀའ་ངལ་འཕྲད་པའི་བོད་ནས་ཡོང་བའི་བཙུན་མ་མང་པོ་འགྲོ་ས་སྡོད་ས་མེད་པའི་གནས་ཚུལ་ཟླ་ཚེས་ཤེས་རྗེས་ལམ་དྷ་སར་མེག་ལོར་མཐར་སྡོད་གླིང་གི་གཤམ་དུ་ཁང་གླ་མེད་ཁང་པ་གཡར་བ་མ་ཟད་ཉིན་རེའི་ཁ་ལག་ཀྱང་ནར་གཏོང་རོགས་རམ་གང་ལེགས་བྱས་ནས་བཙུན་མ་དེ་དག་གི་སྐབས་འཕྲལ་འགྲོ་དང་བཟའ་ས་མེད་པའི་དཀའ་ངལ་སེལ་བ་དང་།་་དེ་ནས་བཙུན་མ་དེ་དག་གཞན་གྱི་བཀོར་རྐྱང་ལ་རྟེན་མ་དགོས་པར་རང་གིས་དཀའ་ལས་བརྒྱབ་ནས་ཉིན་རེའི་འཚོ་བ་འཁྱོལ་ཐབས་སླད་དུ་མི་མང་དྲིལ་བསྒྲགས་ནས་དད་ལྡན་མི་མང་གིས་ཉིན་རེའི་ཞབས་རིམས་དང་།་མཎི་དང་སྒྲོལ་མ་སོགས་བསགས་སྦྱང་གིས་རང་གཞན་གཉིས་ཕན་པ་རྒྱ་ཆེན་བསྐྲུན་ཡོད།་
༥༽་ཟླ་བ་ཚེ་རིང་གིས་ལོ་མང་རིང་སྤྱི་ཚོགས་ཞབས་ཞུའི་ལས་ཀ་ངོ་ཐོན་པ་བྱས་སྟབས་༸གོང་ས་མཆོག་གིས་ཀྱང་བུང་བ་གསེར་གཟིགས་ཀྱིས་ཐད་བསྐོས་སྤྱི་འཐུས་ལ་བསྐོ་གཞག་མཛད་ཡོད།་་ཁྱེད་རང་གིས་བརྗོད་པ་བཞིན་ཟླ་ཚེས་མི་འཁྲེལ་མེད་ཧམ་གཤེད་ཅན་ཞིག་ཡིན་ན་ཐད་བསྐོས་སྤྱི་འཐུས་ཀྱི་གོ་སྐལ་བཟང་པོ་དེ་འདྲ་ཐོབ་མི་སྲིད།
༦༽ཟླ་བ་ཚེ་རིང་ལགས་ཀྱི་ལྷག་བསམ་དང་འབྱོན་བཏང་ལ་གཞིགས་ནས་ལྷག་བསམ་ལྡན་པའི་དབུས་གཙང་རྒྱ་ཆེའི་མི་མང་གིས་མུ་མཐུད་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་ཁོངས་སུ་འདེམས་ཐོན་གནང་བ་མ་ཟད།་་་ཨང་རིམ་མཐོ་གྲས་སུ་འཚུད་ཡོད་པས་ཁོང་མུ་མཐུད་སྤྱི་འཐུས་སུ་བཞེངས་རྒྱུར་ཐེ་ཚོམ་མེད།་་ཁོང་ལ་དམའ་འབེབས་བྱས་པ་ནི་དབུས་གཙང་མི་མང་ལ་དམའ་འབེབས་བྱས་པ་དང་མཚུངས་པས་ཡིད་གཟབ་གནང་རོགས།་
༧༽ཁྱེད་རང་གིས་ཟླ་བ་ཚེ་རིང་ལགས་སྐྱོན་བརྗོད་ཀྱི་གཏམ་འཆལ་ཇི་ལྟར་བསྒྲགས་ཀྱང་།་ཟླ་བ་ཚེ་རིང་གི་ལྷག་བསམ་དང་འབྱོན་བཏང་ལ་གནོད་སྐྱོན་བཏང་མི་ཐུབ།་་ཡིན་ནའང་ཁྱེད་ཀྱིས་ཁུངས་མེད་གཏམ་འཆལ་གང་བསྒྲགས་ན་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་ལ་ཉེན་འཚབ་ཆེན་པོ་བཟོ་བཞིན་འདུག་་་གཞན་ཡང་རང་སྒེར་གྱི་འཁོན་འཛིན་དེ་འདྲ་ཡོད་ན་སྡུག་སྒོམ་བརྒྱབ་ནས་སྡོད་རྒྱུ་ལས་སྤྱི་ཚོགས་གནོད་གཞིའི་གཏམ་འཆལ་དེ་རིགས་མ་སྤེལ་མཛེས།་
མདོར་ན་ཁྱེད་ཀྱིས་སྐྱོན་བརྗོད་དང་དམའ་འབེབས་བྱེད་སའི་ཡུལ་དེ་དབུས་གཙང་མི་མང་གི་སྤྱི་མི་ཞིག་ཡིན་པ་མ་ཟད།་་༸གོང་ས་མཆོག་གི་ཐད་བསྐོས་སྤྱི་འཐུས་དང་།་་དྷ་སའི་མི་མང་གིས་བདམས་པའི་བདེ་དོན།་ལོ་མང་སྤྱི་ཚོགས་ཞབས་ཞུ་བ་གནང་མྱོང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཀྱི་ཡོད།དཀར་དཀར་ཤོག་བུའི་སྟེང་དུ།།་ནག་ཆུང་ཡི་གེ་མ་བྲིས་སྔོན་ལ་བསམ་གཞིགས་ལེགས་བྱ་རྒྱུ་གལ་འགངས་ཆེའོ།
ལྡོག་སྟེ་བཤད་ན། བོད་མི་དམང་ སྤྱི་མཐུས་ཚོགས་འདུ་ལ་བརྙན་འཕྲིན་དང་ཚགས་པར་སོགས་གཟིག་ཡོད་ཤག། ང་རང་ཉིད་གིས་དོ་སྣང་བྱུང་ལ་བོད་ཕྱི་ནང་ཀུན་ལ་གསལ། ཟླ་བ་ཚེ་རིང་ལགས་ནས་གཏམ་བཤད་གནང་བའི་འཁོར་ཐག་DVD ལ་ བསྟས་ནས་བཟུང་། ཁོང་ཟླ་བ་ཚེ་རིང་འདྲ་བའི་མི་བོད་བཙན་བྱོལ་ནང་དཀོན་པོ་རེད། སྤྱི་འཐུས་ཚོའི་ནང་ན་ཟླ་བ་ཚེ་རིང་འཇོན་ཐང་ཆེ་ཤོས་རེད། ཟེར་བ་དེ་བདེན་པ་རེད་མི་འདུག། ཁོང་མིའི་རིགས་ཀྱི་བསམ་བློ་ཀུན་སྤྱོད་ཆེས་ཞན་བ་དང་། ཁ་ཞེ་གཉིས་མེད་ཀྱི་བོད་མི་རིགས་ལ་ཤ་ཞན་མི་འདུག། རྗེས་ལུས་ཀྱི་ལྟ་བ། ཆོལ་ཁ་དབྱེ་འབྱེད། ཁོང་ཁྲོ་ང་རྒྱལ་གྱིས་ཕུགས་རྒྱང་རིང་པོ་ལ་ལྟ་ཐོབ་ཀྱི་མེད་ཀི། ད་དུང་སྤྱི་མཐུས་པ་ཁ་ཤས་འདུག། ཧ་ཅང་གིས་ཞ་འདྲིན་རེད། ་
དེ་ང་ཡང་ཧ་སང་སོང་། ད་ལྡ་བར་ལ་༧གོང་ས་མཆོག་གི་དབུ་འཁྲིད་པའི་གཞུང་དེ་རྒྱ་གར་གྱི་ཁྲིམས་ཁང་དུ་སྦྱོར་མཁན་མི་ངན་ཟླ་ཚེ་ཁོ་དང་། དོལ་རྒྱལ་ཚོགས་པ་དང་། ཀརྨ་པ་རྫུན་མ། ཆུ་སྒང་རྙིང་པ་བཅས་རེད། རང་གི་ཁ་ཕོར་ནང་གཅིང་པ་གཏོང་མཁན་ནང་རུལ་པ་དེ་ཚོ་བོད་པའི་སྤྱི་ཚོགས་ལ་དགོས་པ་འདུག་གམ། དབུས་གཙང་མི་མང་ནས་་ཐུགས་བསམ་བཞེས་དགོས། དེ་བཞིན་དབུས་གཙང་ནས་ཕྱིར་འབུད་བཏང་བའི་བཀའ་རྒྱུད་པའི་གཙུག་གིནོར་བུ་ཀརྨ་ཆོས་འཕེལ། བཅས་ང་ཚོར་དངོས་གནས་དགོས་པ་འདུག་གམ། ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱི་འཐུས་ཨང་གཉིས་པ་རེད། ཕལ་ཆེར་སྤྱི་འཐུས་སུ་ངེས་པ་འདྲ་བོ་རེད། རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་རྒྱུད་པའི་འོས་འཕེན་རྣམས་ལ་དགེ་བའི་ལམ་སྟོན་གནང་བའི་རེ་བ་ཡོད།
གསལ་བཤད་ཞུ་རྒྱུ།་་་ང་ལྟ་ཚོང་ཁང་ནང་ལས་ཀ་བྱེད་ཀྱིན་དྲ་ཐོག་ཏུ་ཤར་མར་བྲིས་པས།་་་གོང་གི་མཆན་རྣམས་ལ་དག་ནོར་ཅུང་ཟད་འདུག་ན་དགོངས་སེལ་ཞུ་རྒྱུ་ཡིན།
གཤམ་ལ་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀའ་སྤྱིའི་འོས་མི་ཁྱབ་བསྒྲགས་ཟིན་པས་ངའི་ཆོལ་གསུམ་གྱི་བཀའ་སྤྱིའི་འོས་གསལ་འདོན་ཞུ་རྒྱུ་ཡིན།་
དབུས་གཙང།
པདྨ་འབྱུང་གནས། སྒྲོལ་མ་ཚེ་རིང་། ཟླ་བ་ཚེ་རིང།་་བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། བུ་མོ་ཚེ་རིང་།་་ཚེ་བརྟན་ནོར་བུ། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ཤར་གླིང་ཟླ་སྒྲོན།
མདོ་སྟོད།
འབའ་བ་སྐལ་བཟང་རྒྱལ་མཚན། དབུ་དཀར་གཡུ་སྒྲོན། གསེར་རྟ་ཚུལ་ཁྲིམས།་ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། གོ་བོ་བློ་བཟང་ཕན་བདེ།
མདོ་སྨད།
སྤེན་པ་ཚེ་རིང་། རྒྱ་རོང་ཟླ་བ་ཚེ་རིང་།་་སྒྲོལ་མ་མཚོ་མོ།་་ཐུབ་བསྟན་ལུང་རིགས། བསོད་ནམས་རྒྱལ་མཚན། ཚེ་རིང་གཡུ་སྒྲོན། རྨོག་རུ་བསྟན་པ། བློ་བཟང་དཔལ་ལྡན། ཆབ་བྲག་ལྷ་མོ་སྐྱབས་བཅས་ཡིན།
ཟླ་བ་ཚེ་རིང་འདྲ་བའི་མི་ཞིག་དབུས་གཙང་ཆོལ་ཁ་འདི་ཡི་ནང་ད་བར་མ་རེག
ཁོ་ཚང་ཧ་ཅང་འཇོན་ཐང་ཆེ་དྲག་པས་བོད་གཞུང་གིས་ཕྲག་དོག་བྱས་ནེ་རེད
ད་དུང་ཁྲིམས་རྩོད་པའི་མིང་འཁྱེར་ནས་གང་ཡང་མི་ཤེས་མཁན་གྱི་སྤོ་བོ་པ་སངས་ཚེ་རིང་ཟེར་མཁན་ཁོ་ལ་ལྟ་བཟོ་ཅི་ཡོད། ཁོ་ལ་སྒོར་མོ་སུས་བྱིན་ཀྱང་དཀྲུག་ཤིང་རེ་བརྒྱབ་ནས་སྡོད་མཁན་ཞིག་རེད་ཨང་།
དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་མང་པོ་མཐོང་རྒྱུ་ཡོད་ནེ་རེད། ང་ཧང་མི་སང་།
དཔེར་ན། ད་བར་བོད་གཞུང་ཟེར་ཁ་ལ་ཁྱེར་མཁན་གྱི་སྐུ་དྲག་རྒད་པོ་ཚོས་རྒྱ་གར་ནང་དུ་ཡོད་པའི་བོད་མིར་རྒྱ་གར་གཞུང་གི་ཐོབ་ཐང་ཡོད་པ་ཚང་མ་བཀག་ནས། ང་ཚོ་བཙན་བྱོལ་བ་ཡིན་ཟེར་བ་དང་། ཡང་མིན་ན་གོང་ས་མཆོག་གི་མཚན་བེད་ལོག་བཏང་བ་སོགས་བྱེད་ཀྱི་ཡོད། དོན་དངོས་ཐོག་ཁོ་ཚོ་ཚང་མ་ག་པར་སླེབས་འདུག ཉམས་ཞིབ་གཅིག་བྱེད་དང་། གསལ་པོ་ཤེས་ཀྱི་རེད། དོན་དངོས་ཐོག་ཁོ་ཚོ་ཚང་མ་ཕྱི་རྒྱལ་གྱི་མེ་སེར་བཟོས་ནས་བཙན་བྱོལ་བ་བརྗེད་པ་རེད་དམ། ཁོ་ཚོའི་སྐྱེ་དམན་ཕྱི་རྒྱལ་མིན་ན་རྒྱ་མོ་བཙལ་ནས་གོང་ས་མཆོག་གི་བཀའ་དང་མི་རིགས་བརྗེད་པ་རེད་དམ།
དཔེར་ན། བཀའ་ཟུར་སྐལ་བཟང་ཡེ་ཤེས་དང་རྒྱལ་ལོ་དོན་གྲུབ་སོགས་ཀྱི་སྐྱེ་དམན་ཕྱི་རྒྱལ་བ་ཡིན་ནོ།
ཁོང་ཚོས་བྱས་ན་སྒྲིག་པ་དང་། མི་སེར་དཀྱུས་མ་ཚོར་ཐོབ་ཐང་དང་བདེ་བ་མི་དགོས་པ་ཡིན་ནམ། སྐུ་དྲག་རྒད་པོ་འདི་ཚོས་བོད་སྐྱལ་ལ་ད་དུང་དཀྲུག་ཤིང་།
མཚམས་འདིར་ངས་གཅིག་དྲན་སོང་། དེ་སྔ་ཨ་ལགས་ར་སྟོད་ཚང་གིས་གསུང་ཆོས་སྐབས། དེ་འདྲ་ཞིག་གསུང་བ་རེད་ཟེར། སྤྲུལ་སྐུ་ཚོ་གྲྭ་ལོག་ན་མཛད་པ་དང་། དགེ་བཤེས་ལགས་གྲྭ་ལོག་ན་བར་ཆད། གྲྭ་བ་གྲྭ་རྐྱང་ཞིག་གྲྭ་ལོག་ན་བཀོར་ཚིགས་དང་བསྟན་བཤིག་རེད་ཟེར་གྱི་ཡོད་པ་རེད། གང་ལྟར་བྱེད་ས་དེ་ནི་གཅིག་རེད་གསུངས་པ་རེད་ཟེར། ངོ་མ་ཨ་ལགས་ཚང་གཏམ་བདེན་པར་འདུག
ང་ཚོའི་སྤྱི་ཚོགས་འདིའི་ནད་རྙིང་འདི་འདྲ་ཞིག་ཡོད་པས་ད་བར་རང་བཙན་ནས་དབུ་མའི་ལམ། དེ་ནས་རྒྱ་ཡི་མངའ་ཁོངས་ཡིན་ཟེར་བ་དང་། དེ་ནས་རིམ་བཞིན་ད་ཆ་རང་བཙན་རྩོད་མཁན་ཚོ་རྒྱ་ནག་གི་དགྲ་བོ་ཙམ་མ་ཟད་བོད་གཞུང་གི་དགྲ་བོ་ཆགས་བཞིན་གནས་ཚུལ་ཐབས་སྡུག་འདི་འདྲར་གྱར་བ་རེད།
རྡ་སའི་འགོང་པོ་མིར་བཞུགས་སྤྲུལ་མིང་བྱས་པ་དང་། སྐུ་དྲག་རྙིང་པ་ཁག་ཅིག དེའི་རྗེས་འབྲངས་ཀླད་མེད་ཚོགས་པ་ཆུང་ཆུང་ཁག་ཅིག དེ་ཚོའི་ཡང་གཡོག་སྤོ་བོ་རྨོ་བོ་ཁ་ཤས་ཤིག་གིས་གོང་ས་མཆོག་དང་བོད་གཞུང་གི་མཚན་གནས་རྗེས་འབྲེལ་ཚང་མར་སྐྱོན་བཏང་གི་འདུག
བཀའ་བློན་ཁྲི་པའི་འོས་མི་ནི་སྤྱིར་ཁོང་གསུམ་འོས་ཤིག་འཚམས་པ་འདུག་མོད།་དཔའ་བོའི་ནང་གི་ཏོག་ལྡན་དང་།་སྒོ་ངའི་ནང་གི་སེར་རིལ།་ཨ་ཡོད་ནང་གི་ད་ཡོད་དེ་ནི།་
ཤེས་ཡོན་དང།་འབྱོན་བཏང་།་ལྷག་བསམ།་་བྱས་རྗེས།་ཕུགས་བསམ།་ཉམས་མྱོང་བཅས་ལྡན་པའི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་མཆོག་འོས་ཤོས་སུ་མཐོང་གི་འདུག
ཨ་ཁ། གོང་གི་མཆན་རྣམས་རེ་རེ་བཞིན་བལྟས་སྐབས་མཆན་འགོད་མཁན་ནང་ནས་ཟླ་བ་ཚེ་རིང་ངོ་མི་ཤེས་མཁན་ཚོས་ཤེལ་ཀར་ལྷག་པས་གང་ཟེར་ལ་བདེན་པ་རྩི་ཞིང་རྒྱུས་ཡོད་དག་གིས་ཤེལ་ཀར་ལྷག་པར་འགག་པ་སྐྱོན་གནང་གི་འདུག ངས་བལྟས་ན་ཟླ་བ་ཚེ་རིང་དེ་ག་འདྲ་ཞིག་ཡོད་མེད་གཙོ་བོ་རྒྱུས་ཡོད་ཅན་གྱི་བཤད་པར་བདེན་པར་བརྩི་དགོས་པ་ནི་ཧ་ཅང་གི་གལ་ཆེ་བར་བསམས། ལ་རྒྱའི་བདག་པོས་བཤད་པའི་ཐོག་ཏུ་ཕྲན་ནས་ཀྱང་ཟླ་བ་ཚེ་རིང་གི་བྱས་རྗེས་གཅིག་ཞུ་རྒྱུ་ཡོད། དེ་ནི་ཟླ་བ་ཚེ་རིང་ཁོ་རང་གིས་བོད་ཕྲུག་ཉམས་ཐག་ཚོར་བོད་མི་རིགས་ལ་དགའ་བའི་ཆེད་དུ་བོད་པས་རང་གི་བོད་ཕྲུག་ཚོར་འཚོ་སྐྱོང་བྱ་ཐབས་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད། དེ་ནི་བོད་མི་སུ་ཞིག་ཡིན་རུང་ཤེས་རིག་ལྷན་ཁང་དུ་བོད་ཕྲུག་ཉམས་ཐག་ཆེད་རང་གི་གང་ནུས་ཞལ་འདེབས་འབུལ་རྒྱུ་དང་། དངུལ་འབབ་དེ་དག་འོག་འཚོ་སྐྱོང་བྱེད་བཞིན་པའི་ཕྲུ་གུ་སུ་རུང་ཞལ་འདེབས་འབུལ་མཁན་གྱིས་རང་གི་ཁྱིམ་དུ་གུང་གསེང་བླང་ཆོག་པའི་ལམ་ལུགས་ཤིག་བཟོས་པ་མ་ཟད་ཕྲན་ནས་ཀྱང་ལོ་གཅིག་གི་སྦྱིན་བདག་བྱས་པ་ཡིན། རང་གི་གྲོགས་པོ་མང་པོ་ཞིག་གིས་ཀྱང་ལུམ་ལུགས་འདིར་འཇུག་འདོད་བྱས་སོང། འོན་ཀྱང་ཤེས་རིག་ལས་ཁང་ནས་ཧ་ཅང་སྣང་ཆུང་བྱས་པ་ལ་བརྟེན་རང་ཅག་སྦྱིན་བདག་བྱེད་འདོད་ཡོད་མཁན་ཚང་མ་སེམས་ཤུགས་ཆག་ནས་ཕྱིར་འཐེན་མ་ཞུ་ཐབས་མེད་བྱུང་བ་རེད། གང་ལྟར་ངའི་མྱོང་ཚོར་ནང་ཟླ་བ་ཚེ་རིང་ལགས་ནི་དེ་འདྲ་བའི་སྡུག་ཅག་མཐོང་མ་སོང། ཤེལ་ཀར་ལྷག་པས་སྐྱོན་བརྗོད་བྱེད་སྟངས་ལ་དོག་པ་ཆེན་པོ་ཡོད། གལ་ཏེ་ཤེལ་ཀར་ལྷག་པས་བཤད་པ་དེ་དག་བདེན་པ་ཡིན་ན། བཙན་བྱོལ་བོད་གཞུང་ཡོད་མེད་ཕན་ཐོགས་གང་ཡོད། དངོས་གནས་བཙན་བྱོལ་གཞུང་ལ་མེ་སྤར་ནས་མེད་པ་བཟོ་བ་ལེགས། མདོར་ན་ཁ་བརྡའི་དྲ་རྒྱ་ཡི་ནང་མཆན་མ་འགོད་གོང་གནས་ཚུལ་ལ་བསམ་ཞིབ་མང་པོ་གཏང་དགོས་པ་ནི་ཧ་ཅང་གལ་ཆེ་བར་སྣང། བཀྲིས་བདེ་ལེགས།
ཤེལ་དཀར་བ་ལྷག་པ་ཟེར་བ་འདི་མི་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་ཞིག་རེད་འདུག ཁོས་བཤད་པའི་སྐད་ཆ་ཁྱོན་ཡོངས་ཀྱི་ནང་དོན་ཕྱོགས་གཅིག་ཏུ་སྒྲིལ་བའི་ཉིང་དགོས་ནི་རང་ཉིད་སྒེར་གྱི་སྙིང་ནད་སྟེང་ལ་སླེབས་འདུག ཁོའི་སྡུག་སྐད་དེ་ལ་དཔྱད་རིན་དེ་ཙམ་མེད་ཁི། འོན་ཀྱང་ཚིག་གཅིག་རང་འདྲ་པོ་ཡོད་པ་ནི། ཁོས་འདི་ལྟར་བཤད་འདུག ཕྱོགས་གཅིག་ནས་བལྟས་དུས་བོད་གཞུང་གི་བཅའ་ཁྲིམས་ཟེར་བའི་གཉའ་ཤིང་དེ་བོད་མི་ཉམ་ཆུང་ཚོའི་མགོ་བོ་གནོན་བྱེད་ཁོ་ན་རེད་འདུག ཅེས་པ་འདི་འདྲ་པོ་ཞིག་རེད། འདི་ཚོགས་པ་ཆེ་ཆུང་དང་སློབ་གྲྭ དགོན་སྡེ་སོགས་ཚང་མའི་ནང་ཁྲིམས་ཀྱི་ཐད་ལ་སྣང་ཚུལ་འདི་ལྟ་བུ་ཞིག་ཡོང་གི་ཡོད། འདི་འཇིག་རྟེན་ཁྲིམས་ཀྱི་བརྒྱུད་རིམ་འདྲ་པོ་ཞིག་མིན་ནམ་སྙམ། བསམ་ཚུལ་འདི་རིགས་ཚང་མ་དོ་ཕོག་བྱུང་བའི་ཉམ་ཐག་མི་སེར་ཚོའི་ཐུན་མོང་གི་ཚོར་སྣང་ཞིག་རེད་འདོད། འདིའི་འབྱུང་རྩ་གཙོ་བོ་ལྟག་སྒོ་ཞེས་པ་འདི་ལ་ཐུག་འདུག མི་དམངས་དཀྱུས་མ་འགྲོ་ས་གཞུང་སྒོ་ཁོ་ན་རེད། གཞུང་སྒོ་ལ་མི་དཀྱུས་ཐར་དཀའ། ལྟག་སྒོ་ནས་འགྲོ་བར་ནུས་པ་མེད། ད་རླུང་རྟ་ལ་བལྟ་རྒྱུ་རེད།
ལ་རྒྱིའ་བདག་པོས་གསུངས་པ་ལྟར་དོན་དངོས་ཐོག་ཟླ་བ་ཚེ་ཚེ་རིང་གིས་དཔེ་བཟང་གི་བྱས་རྗེས་འཇོག་ཡོད་པའི་དབང་དུ་བཏང་ན་ཡང་།བྱས་རྗེས་དེ་དག་ཁོས་སྤྱི་རྒྱུ་སྒེར་བདག་བྱས་པའི་ནག་ཉེས་དེ་གསུབ་མི་ཐུབ་པས་དཀར་ནག་དབྱེ་བ་ཕྱེ་ནས་དཀར་པོ་ལ་དཔའ་དར་ནག་པོ་ལ་ཆད་པ་གཅོག་ནས་འགྲོ་རྒྱུ་རེད།
གྲོགས་ལྷག་པ་ཚེ་རིང་ལགས་ཀྱིས་ཞིབ་འཇུག་དང་གནས་ཚུལ་བརྒྱུད་རིམ་ཆ་ཚང་འགོད་པར་བཀའ་དྲིན་ཆེ།
ང་ཚོས་འདི་ལྟར་གླེང་ནས་བསྡད་ན་བོད་གཞུང་གིས་གང་ཡང་བྱས་སྲིད་གི་མ་རེད། དེ་ལས་ཤེལ་དཀར་ལྷག་པ་ཁྱོད་ཀྱིས་འོས་བསྡུ་ལས་ཁུངས་དང་བཀའ་ཤག་འབུལ་རྒྱུའི་སྙན་ཞུ་ཞིག་ཕྲིས་དང་།ང་ཚོས་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་བྱས་ནས་དབུས་འོས་བསྡུ་ལས་ཁུངས་དང་།བཀའ་ཤག་སྤྱི་འཐུས་རྒྱུན་ལས་བཅས་ལ་འབུལ་དགོས། དེ་དོན་དྲ་གྲོགས་ཚོས་དྲང་བདེན་ཐོག་ནས་དགོངས་ཚུལ་གསུངས་རོགས།
མི་སྐྱོན་མེད་པ་ཞིག་གང་ནས་འཚོལ་དུ། དྲ་འབུ་འདི་ཚོ་དངོས་གནས་བཤད་ཡ་མང་པོ་འདུག
འོ་ན་ཤེལ་དཀར་ལགས།
དབུས་འོས་བསྡུ་ལས་ཁང་ད་བར་ཟླ་ཚེས་རྒྱུ་དངོས་ཀྱིས་ཉོས་པ་རེད་དམ།
རང་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་རྩིས་མེད་བྱས་པའི་ཁུངས་ལྡན་ཡིག་ཆ་སྟོན་རྒྱུ་ཡོད་དམ།
༧སྐུ་མདུན་གྱིས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་ཆེད་བརྗོད་དུ་ཟླ་ཚེའི་མིང་དངོས་སུ་སྨྲས་འདུག་པ་དེ་ལྟོས་ན་མི་ནག་ཅན་ཞིག་ལ་དེ་ལྟར་གནང་མདོག་ཁ་བོ་མ་རེད།
དོན་དངོས་ཁོང་ལ་ལག་པ་འཆང་ས་ཞིག་ཡོད་ན། ཕྱོགས་ལྷུང་ཅན་གྱི་གྲོས་ཚོགས་ནང་ཁོའི་མགོ་འབུར་དུ་འཇུག་གི་མ་རེད་ལ། དབུས་གཙང་རྒྱུན་ལས་འདི་དྲང་པོ་རེད། དེས་དེ་བས་ཀྱང་ཐོན་ས་ཞིག་ལ་ཏག་གཏ་ཐོན་ནས་༧གོང་ས་མཆོག་དང་བོད་གཞུང་ལ་བརྩི་བཀུར་བྱེད་ཀྱི་རེད།
མི་མང་ནང་དུ་དོན་འདི་གོ་ཐོས་ཙམ་གཏོགས་མེད་མཁན་ཡོད་ཀྱི་རེད། ཁྱེད་ཀྱིས་དངོས་གནས་རང་གཞུང་གི་བཅའ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱི་ཡོད་ན། དག་འཕེར་ཡིག་ཆ་རྣམས་སྟོན་དང། དེ་མིན་སྐད་ཆ་དུམ་བུ་འདིས་ས་ས་དང་རྡོ་རྡོ་ཕྱེས་ཐུབ་ཀྱི་མ་རེད་ཁོ་རེ།
ག་དུས་ཡིན་ན། རང་གི་གཞུང་དང་བོད་སྤྱི་ལ་བསམ་བློ་བཏང་དགོས་ཀྱི་རེད། རང་རང་གི་ཁེ་ཕན་ཆེད་དུ་ལོ་ལྔ་གཅིག་གི་རིང་དུ་སུས་རྒྱལ་ཁ་བླངས་ཡོད་མེད་ཀུན་ལ་མངའ་གསལ་རེད། དེ་བས་ཆོལ་ཁ་དམ་ཚིག་འོ་ཆུ་གཅིག་འདྲེས་བྱེད་དགོས་ཀྱི་རེད། ཅིག་མ་བཤད་ན་ལྐུགས་པ་ཡིན་པ་འདྲ་བོ། ཅིག་མ་ཐོབ་ན་འཇོན་ཐང་མེད་པ་འདྲ་བོའི་གཤིས་ཀ་དེ་དག། ད་བསྐྱུར་ནས་བདེན་པ་དང། བོད་སྤྱི་ལ་བསམ་བློ་བཏང་དགོས་ཀྱི་རེད།
ནོར་བཅོས་་་་་ཏག་༼ཏག༽་་་་་། ༼མ་༽གཏོགས
བོད་ཀྱི་ཕོ་གསར་ལགས་། འོ་ན་ཟླ་བ་ཚེ་རིང་བཅད་ཁྲ་དྭང་ལེན་བྱས་མེད་པའི་གནས་ཚུལ་དེ་འདྲ་བྱུང་མེད་པར་ཁྱོད་ལ་བཤད་རྒྱུ་ཡོད་དམ། ཁྲིམས་ཁང་ནས་ཁོ་ལ་བཅད་ཁྲ་བཏང་པ་དང་ཁོས་བོད་གཞུང་ས་གནས་རྒྱ་གར་ཁྲིམས་ཁང་དུ་བསྐྱལ་བ་སོགས་དངོས་བདེན་ཡོངས་གྲགས་ལྐོག་ལྐོག་སུབ་སུབ་ཡིག་ཆ་བསྟན་རེས་བྱས་དགོས་པ་གང་ཡང་མིན། ད་དུང་༧གོང་ས་མཆོག་བྱམས་སྙིང་རྗེའི་དབང་དུ་སོང་བའི་སྐྱེས་མཆོག་ཡིན་པས་ན་ཁྱེད་ངོ་ཚ་མེད་ན་བླ་མ་༧བདག་ཉིད་ཆེན་པོ་མཆོག་ལ་ལག་པ་བཟེད་ན་གང་ཡང་གནང་སྲིད་ཀྱི་རེད། བསྟན་དགྲ་གུང་ཁྲན་ཏང་ལ་བུ་ལྟར་བརྩེའི་བློ་སེམས་གཏོང་གི་ཡོད། དེ་ནི་རྒྱས་སྲས་འཕགས་པའི་ལག་ལེན་རེད།
འོས་བསྡུ་ལས་མི་རྒྱུ་གང་གིས་བསླུ་ཡིན་མིན་ངས་ཀྱང་མི་ཤེས།འོན་ཀྱང་ཟླ་བ་ཚེ་རིང་སྤྱི་འཐུས་འོས་ཆོས་མ་ཚང་ན་ཡང་འོས་མི་རུ་བཏང་ནས་བཏང་འདུག
འོ་ད་ཡང་ཤེལ་དཀར་ལྷག་པ་ཟེར་ལེ་འདིས་ཟེར་མ་ར་མགོའི་དཀྲུགས་ཤིང་བཟོ་བཟོ་བཞིན་བཟོས་ཏེ་བོད་མི་ལྗོན་ཐང་ཆེ་བ་ཞིག་གི་རྐང་པར་ཞག་པ་གཡོག་སྟེ་མར་འཐེན་རྩིས་བྱེད་ལེ་འདི་ལ་བལྟས་ན་རང་གི་བྱེད་རྒྱུར་མི་ལྗོན་ནས་མགོ་བོར་ཟུག་རྒྱབ་ གཞན་གྱིས་བྱས་པར་མི་དགའ་ནས་སྙིང་ལ་ནད་ཟུག་འཕོག་བསྡད་ལེ་ཞིག་ཡིན་གཞི་བདའ་ ཡང་ན་ནི་དངུལ་ཁུག་ནང་དུ་ཨ་ཞང་གི་རྡ་ཡང་ཆར་པ་འབེབས་ཀྱི་མེད་དམ་བསམ་པ་ཞིག་བདའ་ ཨ་རོགས་ངེད་ཚོའི་སྤྱི་ཚོགས་ཆུང་ཆུང་དེ་དཀྲུགས་གཞིའི་དུག་རླང་བཏང་མ་ཡོང་ཨང།
བོད་ཆོལ་ཁ་གསུམ་པོ་གཅིག་ཕན་གཅིག་གྲོགས་རེད།ལྟོས་དད་འདི་འདྲ་རེད།མདོ་སྟོད་ལ་དེང་སང་མི་སྦྱིན་ཀི་ཡོད།མདོ་སྨད་ནས་གྲྭ་ལོག་གསེར་རྟ་ཚུལ་ཁྲིམས་སྦྱིན་ཡོད།དབུས་གཙང་ད་ལོ་དགུ་བཅུ་གསུམ་ཚོགས་པའི་གཙོ་ཟུར་ངག་དབང་འོད་འབར་སྦྱིན་ཡོད།ད་ཕལ་ཆེར་མདོ་སྟོད་སྤྱི་འཐུས་ཏག་ཏག་བྱུང་ཡོད་ས་ཡོད།
ཤེལ་དཀར་ལྷག་པ་ཟེར་བ་ཁྱེད་རང་གིས་གསལ་པོ་ཤོད་དང་།
ཟླ་བ་ཚེ་རིང་གིས་ཁྱེད་རང་མིག་ཚ་དགོས་པ་དང་་སྙིང་ན་དགོས་པའི་ཕོག་ཐུག་ག་རེ་བཏང་བྱུང། ང་ལྟ་བུ་ལ་ཆ་མཚོན་ན་ཟླ་བ་ཚེ་རིང་ཞེས་པ་འདི་ཆ་རྒྱུས་རྩ་བ་ནས་མེད། མ་ཟད་སྔ་ལོ་སྤྱི་འཐུས་ཚོགས་འདུའི་ནང་ངར་ངར་སིག་སིག་བྱས་པ་མཐོང་དུས་ཁོ་ལ་རྣམ་རྟོག་ཟ་སོང་།འོན་ཀྱང་ཁོ་པས་ཉམ་ཐག་དང་ལས་མེད་སོགས་ལ་འགོ་འདོན་འཚོ་སྐྱོང་དང་སྤྱི་ཚོགས་ཐོག་ཞབས་འདེགས་རྒྱ་ཆེ་ཞུས་རབས་ཚགས་ཤོག་ཐོག་ཐོན་ཡོང་བས་ན་ཁོ་ལ་དགེ་ཚན་མང་པོ་ཡོད་པ་དཔོག་ཐུབ། འོ་ན་ཁྱོད་ལ་བྱས་རྗེས་དྲུད་ཤུལ་གང་ཞིག་ཡོད། ཤོད་དང་། ཁྱོད་ཀྱི་བྱས་རྗེས་བསྟན་པ་དང་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་དཔང་རྟགས་ཁུངས་བཙན་ཡོད་ན་ང་ཚོས་ས་ཡིག་བསྡུས་ནས་འོས་བསྡུ་ལས་ཁང་དང་བཀའ་ཤག་སོགས་ལ་སྙན་ཞུ་འབུལ་རྒྱུ་ཡིན། ངས་བལྟས་ན་ཁྱེད་རང་རང་དོན་མ་འགྲུབ་པར་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་གི་མཆེ་བ་རྐྱོང་མཁན་ཞིག་མིན་ནམ་སྙམ། གང་ལྟར་ཁྱེད་རང་གི་བདེ་སྡུག་གང་ཡོད་ང་ལ་སྙན་སེང་ཞུས་ཤིག ངས་ཐག་གཅོད་བྱས་ཆོག ད་ལྟ་ང་རྙོག་གྲ་གཞན་ཞིག་ལ་ཁྲིམས་ཐག་གཅོད་དགོས་ཡོད། ད་དུང་རྗེས་སུ་ཡོད།
ཟླ་བ་ཚེ་རིང་ཟེར་བ་འདི། ང་དྷ་སར་སློབ་གཉེར་བྱེད་དུས། མི་སློབ་སྦྱོང་སྐྱོ་ཤོས་གྲས་ཡིན་པ་གཅིག་ལ། སྤྱི་དོན་ལ་སེམས་ཤུགས་ཆེ་ཤོས་ཅིག་ཡིན། ཡིན་ན་ཡང་ཡོངས་གླིང་སློབ་གྲྭའི་སྐོར། ངས་གང་ཡང་མི་ཤེས།
ཁྱོད་ཚོས་བརྒྱ་བཤད་སྟོང་ལ་བབས་ཀྱང་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་མ་བྱས་པའི་ཁུངས་བཤད་རྒྱུ་མི་འདུག ཁོས་སྤྱི་རྒྱུ་སྒེར་བདག་གང་འདྲ་བྱས་མིན་ནི་༢༠༠༤ལོར་ཆེས་མཐའི་ཁྲིམས་ཞིབ་ཁང་གིས་བཏང་པའི་བཅད་ཁྲ་དེ་དཔང་རྟགས་གསལ་ཤོསརེད། གཞན་ཁོས་ཉམ་ཐག་ལ་རོགས་རམ་དང་གསར་འབྱོར་ལས་མེད་ཚོེ་ལས་ཀ་འཚོལ་པ་སོགས་ནི་དོན་དངོས་རེད། འོན་ཀྱང་དེ་དག་གིས་སྤྱི་རྒྱུསྒེར་བདག་བྱས་པའི་ནག་ཉེས་འགེབས་མིན་ནུས། གོང་གི་མཆན་འདེབས་མཁན་མང་ཆེ་བ་ནི་ཟླ་བ་ཚེ་རིང་གི་སྲུང་མ་རབ་བྱུང་སྡེ་ནས་གནས་དབྱུང་པའི་མི་ཞིག་རེད། ཁྱོད་ཀྱིས་སྐོར་ངས་ག་ལེར་གླེང་ཆོག
གང་ལྟར་ཁྱོད་ཚོས་སྡུག་སྐད་ཇི་ཙམ་ཤོར་ཡང་ཟླ་བ་ཚེ་རིང་ཁོང་བོད་མི་མང་སྤྱི་འཐུས་སུ་ཐོབ་གཏན་ཁེལ་བ་རེད་ལོ།
དེ་ལས་ཁྱོད་རང་ཚོ་གཉིད་སྐྱིད་པོ་བྱེད་ནས་ཁུག་སྡོད།
ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་བྱས་པའི་སྐོར་དུས་བབ་ནང་མཆན་བུ་བཀོད་པ་དག་གཟིགས་འདོད་ན་འདིར་གནོན་རོགས།http://tibettimes.net/blogs.php?id=420&post_id=13641
ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་བྱས་པའི་སྐོར་ཤམྦྷ་ལར་ནང་མཆན་བུ་བཀོད་པ་དག་གཟིགས་འདོད་ན་འདིར་གནོན་རོགས།http://www.shambalapost.com/blog/viewpost/5216
ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་བྱས་པའི་སྐོར་བང་ཆེན་ནང་མཆན་བུ་བཀོད་པ་དག་གཟིགས་འདོད་ན་འདིར་གནོན་རོགས http://www.tibetexpress.net/bo/blog/viewpost/5014
སྤྱིར་བཏང་གིས་བཤད་ན་ཤེལ་དཀར་ལྷག་པ་ཟེར་བའི་མིང་འདི་རྫུན་མ་ཡིན་སྲིད། གང་ལྟར་ཁོས་བཤད་པ་དག་ལ་ཕལ་ཆེར་བདེན་པའི་ཆ་ཡོད་པར་སྣང་། ཟླ་བ་ཚེ་རིང་འདི་འཇོན་པོ་ཞིག་རེད་དེ། ད་ཁོང་གིས་སྤྱི་འཐུས་ལ་འཚང་ཁ་རྒྱག་རྒྱུ་ལྷག་མི་འདུག ཁོང་དང་ཁོང་འདྲ་བའི་འཐུས་མི་རྒན་པ་དག་གིས་དགོངས་པ་ཞུས་ན་ལེགས། དྲང་མོར་བཤད་ན་ན་ནིང་གི་གྲོས་ཚོགས་ཀྱི་རྙོག་གླེང་གི་སྐབས་སུ་ཡང་ཟླ་བ་ཚེ་རིང་གིས་གཏམ་རིང་འཐེན་པ་དེ་ཅུང་རྣ་ལ་མ་བདེ་བ་ཞིག་བྱུང་།
ཡོངས་གླིང་སློབ་གྲྭའི་གནད་དོན་དེ་གོང་དུ་བཤད་པ་བཞིན་ཡིན་པ་མི་ཚང་མས་ཧ་གོ་གོ་རེད། ད་དུང་སྔོན་ཆད་དོན་དག་འདིའི་སྒང་ལ་ཁྲིམས་ཞིབ་བྱས་སྐབས། སྟོད་སྤོ་རྨོ་དག་བསྡུས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒོ་འགྲམ་དུ་སྐད་འབོད་བྱེད་དུ་བཅུག་པ་རེད། དེ་དག་ཚང་མར་བསམ་ན་ཁོང་གི་བྱེད་སྟངས་དག་འཐུས་མི་བཟང་བོ་ཞིག་གི་ལས་ཀ་མ་རེད། རྒྱུ་མཚན་དེ་དག་ལ་བསམ་ནས་ངས་ཀྱང་ཁོང་ད་རེའི་སྤྱི་འཐུས་ལ་འོས་པོ་མཐོང་མ་སོང་།
དྲ་གྲོགས་གནམ་ལྕགས་ལགས་ཀྱིས་སྐད་ཆ་ཡག་པོ་ཞིག་གསུངས་འདུག ངས་ཀྱང་ཤེལ་དཀར་ལྷག་པ་ལགས་ཀྱིས་གསུངས་པ་ལྟར་རེད་སྙམ། ཉམ་ཐག་བལྟ་སྐྱོང་བྱས་པ་སོགས་ནི་བྱ་བ་བཟང་པོ་ཞེ་གཅིག་རེད་མོད།དེ་དག་གིས་ཁྲིམས་ཐོག་ནས་ཉེས་པ་དག་ཐབས་དང་སྤྱི་རྒྱུ་སྒེར་བདག་བཟོ་ཆོག་པའི་ཁྲིམས་ཐོག་ནས་ལམ་ཁ་མེད་པས་ཁོས་དཔེ་བཟང་གི་ཕྱག་ལས་གང་གནང་ན་ཡང་། ཉེས་པ་ལ་ཉེས་པར་བརྩིས་ནས་ཁྲིམས་ཆད་འཁུར་དགོས་པ་རེད་སྙམ། དྲ་གྲོགས་ཚོས་ཀྱང་བརྗོད་གཞི་དང་མ་འབྲེལབའི་ངན་སྨྲོས་རིགས་སྐྱུར་ནས་དྲང་བདེན་དང་ཁྲིམས་ལུགས་དང་མཐུན་ནས་འགོ་འཛུགས་ནས་གྲོས་གླེང་གནང་རོགས་ཞུ
སྐུ་ངོ་ཟླ་་བ་ཚེ་རིང་ནི་བོད་མི་ཚོར་བཀའ་ཁ་ཡོད་ལག་ཡོད་ཀྱི་བཀའ་དྲིན་ཆེ་ཤོས་ཀྱི་སྤྱི་འཐུས་ཤིག་རེད། སྤྱི་འཐུས་གཞན་རྣམས་ཁ་ཤོབ་བཤད་རྒྱུ་ལས་མེད་དོ།
ཟླ་བ་ཚེ་རིང་སྤྱི་འཐུས་ཁོངས་ནས་ཁོ་འཇོན་ཐང་ཆེ་ཤས་གྲས་ཀྱི་གཅིག་ཡིན་པ་བདེན་པ་རེད། དང་པོ་ཁོས་རྒྱ་གར་ཉེན་རྟོག་པ་དང་གསང་འབྲེལ་ཐོག་གསར་འབྱོར་བ་ཚོ་རྒྱ་གར་ནས་སྡོད་མ་ཐུབ་པ་བཟོ་ཆེད། གསར་འབྱོར་ཨར་སི་མེད་མཁན་རེ་གཉིས་རྩིས་སྤྲོད་འཛིན་བཟུང་བྱེད་བཅུག་ཡོད་ཚོད་རེད། འདི་ཁོའི་འཇོན་རྟགས་ཆེ་ཤོས་མ་རེད། གཞུང་རྒྱུ་སྒེར་ཟོས་བྱས། བོད་གཞུང་ཁྲིམས་ཞིབ་ཁང་རྩིས་མེད་བཏང་། གནས་དུས་ཚོད་རྩིས་ཀྱིས་རྒྱ་གར་ཁྲིམས་ཁང་ཤེད་དུ་ཁུར་ནས་བོད་གཞུང་ཁྲིམས་ཞིབ་ཁང་ནུས་མེད་བཏང་བའི་མ་ཚད་། ད་དུང་བོད་གཞུང་གྲོས་ཚོགས་འཐུས་མི་ལོ་མང་བྱས་ནས་སྡོད་ཐུབ་པ་སོགས་འཇོན་ཐང་ག་ཚོད་མི་འདུག་གམ། ང་ཚོ་སྤྱི་འཐུས་འདི་འདྲ་འཇོན་པོ་མང་པོ་ཡོད་ཙང་བློ་བདེ་བོ་རེད་མི་འདུག་གམ། ད་དུང་རྒྱ་མིའི་ལྐོག་དངུལརུམ་གང་ཁྱེར་ནས་བོད་གཞུང་གྲོས་ཚོགས་ནང་ཡོང་སྟེ་ཆོས་རྒྱུད་སྤྱི་འཐུས་བྱས། ཆོས་པའི་ཐོབ་ཐང་བླངས་ནས་འདུག་མཁན་འཇོན་པོ་ཡང་མེད་ཚོད་མི་འདུག
༼རྩོམ་ཡིག་འདི་ཡི་ཁག་ཐེག་རང་ཉིད་ཀྱིས་བྱ་ཆོག་པས་དྲ་ཐོག་ན་བཀོད་རོགས་ཞུ། དཔར་ཡང་ལྷན་དུ་སྦྱར་ཡོད་པས་འགོད་རོགས་ཞུ། གུས་པ་སྟོད་ཤེལ་དཀར་བ་ལྷག་པ་ཚེ་རིང་ནས།༽ཞེས་གསལ་པོ་བྲིས་འདུག ཡིན་ནའང་། སྡོད་གནས་ཁ བྱང་སོགས་བཀོད་མེད་སྟངས་ལ་བལྟས་ན། ཟླ་བ་ཚེ་རིང་གིས་ཉི་མ་གཅིག་ལ་གདོང་ཐུག་ནས་སྐད་ཆ་དག་བཤེར་གྱི་ཨར་ལ་གཏད་པ་ཡིན་ན། དེར་གདོང་སྟོན་མི་ནུས་པའི་རྣམ་འགྱུར་རེད།
དངོས་ནས་བྱས་ན། འདི་འདྲ་ཞིག་གླེང་བའི་སྐབས་ལ། སྡོད་གནས་ཁ་བྱང་། ཁ པར་ཨང་གྲངས། གློག་འཕྲིན་ཡིག་བྱང་སོགས་གསལ་པོ་བཀོད་ནས། ཡིག་འཁྱམ་གྱི་རྣམ་པ་མིན་པ་ཞྀག་བྱེད་ཐུབ་དགོས་པ་རེད། འདི་ཚོ་མི་ཐུབ་སྟངས་ལ་བལྟས་ན། མ་དགའ་ནས་ཅིག་བཤད་འདོད་བྱུང་བས་རེད་མ་གཏོགས། ཟླ་བ་ཚེ་རིང་གི་པར་བསྐུར་ཐུབ་ས་ལ་སོ་སོའི་པར་ནི་བསྐུར་མ་ཐུབ་པ་ཡ་མཚན་རེད། གདོང་བཤེར་གྱི་སྤོབས་པ་མེད་ན། འདི་འདྲ་མ་སྤེལ་ན་ཡག་པོ་ཡོད་པ་རེད། ཉི་མ་གཅིག་ལ་ཁྲིམས་ཐོག་ནས་བཀར་ཡོང་དུས། མཛུབ་མོ་ཁ ནང་ལ་འཇུག་དགོས་ཤར་ན་དེ་དུས་འཕྱི་དྲག་ཡོད་པ་རེད། རྒྱུ་མཚན་འདང་ངེས་དང་། སྤོབས་པ་ལྡན་ངེས་ཡོད་ན། འབྲི་མཁན་ཁོ་རང་མདུན་ལ་ཐོན་དགོས་པ་རེད། ད་ནི་གབ་ནས་སྡོད་ས་ཡོད་པ་མ་རེད།
ཡ་དྲ་གྲོགས་ཚོ་ཁ་རོགས་སྡོད། ཁ་ཕོད་བཤད་ནས་ཅི་ཕེན་
ཁྱེད་ཚོའི་དྲ་ཐོག་ནས་རྩོད་པ་ག་ཚོད་བྱས་རུང་དེ་ལ་འབྲས་བུ་མེད་གི།
དངོས་གནས་ཁྱེད་ཚོའི་དཀར་པོ་གཡས་བསལ་དང་ནག་པོ་གཡོན་བསལ་བྱེད་འདོད་ན་
དྲ་ཐོག་ལ་སོ་སོའི་ཁ་པར་ཨང་གྲངས་བཀོད་དང་དེའི་ཐབས་ལམ་་གཞན་ཞིག་གི་འོག་ནས་དྲ་ཐོག་གི་རྙོག་དྲ་སངས་ཐུབ་པའི་ཐབས་ལམ་ཡག་ཤོས་རེད་
དེ་ལྟར་མ་བྱས་ན་ཁྱོན་ནས་ཡོང་ས་མ་རེད
ཤེལ་དཀར་ལྷག་པ་ཡང་བདེན་པའི་དཔུང་རོགས་ཡོད་ཀྱང་།བསྐྱབས་བཅོལ་ལག་ཁྱེར་ཨ་སི་མེད་མཁན་ཞིག་ཡིན་རྒྱུ་རེད། ཁོ་ཟླ་བ་ཚེ་རིང་དང་ཐུག་ན་ཟླ་ཚེ་ཡིས་ལམ་སེང་རྒྱ་གར་བཙོན་ནག་ནང་བསྐྱལ་གི་རེད། བོད་གཞུང་ཁྲིམས་ནང་བསྐྱལ་ཕོད་ན་བོད་མི་འབུ་ཡི་མཐོང་ཡང་འཇོག་མི་སྲིདཧཧཧ
ད་ང་ཚོའི་སྤྱི་འཐུས་ནང་ལ་སྐོག་ཟས་རུལ་བ་དང་། དེས་མ་ཚད་རྒྱ་གཞུང་གི་དངུལ་ཟས་པ་ཡོད་མདོག ང་ནི་ཤོད་མཁན་ཁོ་རང་ལ་དྭོགས་པ་ཟ་གྱིས། སུས་གཙང་སེལ་བཟོ་ཐུབ་བམ།
རྡོ་རྗེ་དོན་གྲུབ་ཁྱེད་ལ་ཁུངས་འཕེར་ཡིག་བཅད་ཁྲ་མིག་སྟོན་བྱ་རྒྱུ་ཡོད་ན། རང་ཅག་ཚང་མ་བདེན་པའི་རྗེས་སུ་འགྲོ་མཁན་ཉག་ཅིག་རེད། དཔེར་ན། ཀརྨ་ཆོས་འཕེལ་ལ་མཚོན་ན་དབུས་གཙང་རྒྱུན་ལས་ནས་སྤྱི་འཐུས་སུ་སླེབས་རྒྱུ་གཏན་འགོག་བྱས་པ་ནང་བཞིན་ཟླ་བ་ཚེ་རིང་འགོག་མི་ཐུབ་པའི་རྒྱུ་མཚན་ཡོད་པ་མ་རེད། དེའི་ཕྱིར་དེ་དག་ཁུ་སུམ་མེར་བཞུགས་དོན་ག་རེ་ཡིན་ནམ་ཞེས་ངས་དོགས་འདྲི་བྱེད་ཀྱི་ཡོད། རྒྱ་ཁྱབ་སྤྱི་བསྒྲགས་བྱེད་ཀྱི་ཡོད་ན། མཉམ་དུ་དག་འཕེར་ཡིག་ཆ་ཅི་ནས་ཀྱང་དགོས་ནི་རེད། དེ་མེད་ཚེ་བདེན་པ་ཡིན་ཡང་བློ་དང་ལྡན་པ་དག་གིས་ཡིད་ཆེས་བྱེད་ཁག་པོ་རེད།
དེ་བས་ཀྱང་དགོད་བྲོ་བ་ཞིག་ནི། བྱས་རྗེས་ཅན་གྱི་ཤེས་རིག་བཀའ་བློན་མཆོག་ལ་འབྲེལ་མེད་དོན་གཞན་ཞིག་བཤད་ཀྱིན་པ་དག་གིས་དངོས་གནས་དམིགས་ཡུལ་གཞན་ཞིག་ཡོད་དུ་མི་སེམས་མཁན་སུ་ཡོད་དམ།
རྨོག་རུ་རང་ཚུགས་མེད་མཁན་དེ་དེ་འདྲའི་གདེང་འཇོག་མ་བྱེད། ང་ཚོས་སྐད་ཆ་དྲང་མོ་བཤད་ཀྱི་མེད་ན་ཁྱེད་ཁག་མེད། ཁྱེད་ལན་མེད་ན་རྨོག་རུ་རེད་ཟེར་དོན་མེད་ཀ།
སྤྱི་འཐུས་འདེམས་མཁན་མི་མང་རེད། མ་གཏོགས། བོད་གཞུང་གི་བཅའ་ཁྲིམས་དང་། བོད་གཞུང་མ་རེད། ང་ཡང་ཀླུ་མཁའ་བྱམས་མི་ངན་འདི། སྤྱི་འཐུས་ནང་ལ་མ་སླེབས་པའི་ཆེད་དུ། གང་ཤེས་བྲིས་ཡོད།
དྲ་གྲོགས་ཚོ་གཟིགས་དང་། ཟླ་བ་ཚེ་རིང་གི་སྐོར་མང་པོ་གསུངས་འདུག་ཀྱང་དོན་དངོས་བྱས་ཉེས་དེ་དག་ཆ་ཚང་གསུང་མི་འདུག་ག ཁོས་བྱས་ཉེས་ཆེ་ཤོས་གཅིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཏེ་ད་ཆ་སྤྱི་འཐུས་ལྷན་ཁང་ཁྲིམས་ཁང་དུ་འགྲོ་གྲབས་བྱེད་བཞིན་པ། གཉིས་བཙན་བྱོལ་བོད་གཞུང་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཏེ་ད་ཆ་བོད་གཞུང་ཁྲིམས་ཁང་དུ་ཁ་མཆུ་གཏུགས་ཀྱང་ཁྲིམས་དཔོན་ཚོར་ཐག་གཅོད་བྱེད་རྒྱུའི་ཆ་རྐྱེན་མེད་པ་བཟོས་པ། དཔེར་ན་རྩ་འཛིན་བཅའ་ཁྲིམས་རིན་པོ་ཆེ་ཁྲིམས་འགལ་ཡིན་ཚུལ་བརྗོད་དེ་ཁ་མཆུ་གཏུགས་པ།
གསུམ། རྒྱལ་བ་རིན་པོ་ཆེའི་མཚན་སིམ་ལ་ཁྲིམས་ཁང་དུ་བསྐྱལ་བ། བཅའ་ཁྲིམས་རིན་པོ་ཆེར་གོང་ས་༸མཆོག་གི་མཚན་རྟགས་ཡོད་སྟབས་ཁྲིམས་ཁང་དུ་ཏ་ལའི་བླ་མ་ཞེས་འབོད་དགོས་བཟོས་པ།
བཞི། ཐད་སྐོས་སྤྱི་འཐུས་ཀྱི་མིང་ཁུར་ཏེ་མཚོ་པདྨ་གུ་རུ་སྐུ་བཞེངས་རྒྱུ་དེ་རྒྱལ་བའི་སྐུ་ཚབ་ཀྱི་མིང་ཐོག་ནས་དཔལ་འབྱོར་ཚད་མེད་བསྡུས་ཏེ་ལྐོག་ཟ་བྱས་པ།
ལྔ། དེ་དང་དེ་འདྲ་བའི་བྱ་སྤྱོད་ངན་པ་རྐྱང་རྐྱང་བྱས་པ་ལ་བརྟེན་ནས་སྐྱབས་མགོན་རིན་པོ་ཆེའི་ཐད་སློས་སྤྱི་འཐུས་བསྡུ་གསོག་རྒྱག་དགོས་ཐུག་པ།
དྲུག ཆེས་མཐོའི་ཁྲིམས་ཁང་གིས་བཅད་ཉམས་ལེན་བྱེད་རྒྱུ་ལྟ་ཞོག་ཁྲིམས་ཁང་གི་མདུན་དུ་ཡོངས་སློབ་ཏུ་ཡོད་པའི་ཕྲུ་གུའི་བདག་པོ་རྣམས་སྐད་བཏང་སྟེ་སྐད་མ་རྒྱབ་ན་སང་ཉིན་སློབ་གྲྭར་ཡོང་མི་དགོས་ཞེས་ཉེན་བརྡ་བཏང་སྟེ་གངས་སྐྱིད་དུ་རྒྱ་མིས་ངོ་ཚབ་ཀྱིས་སྐད་འབོད་རྒྱབ་པ། བདུན་བོད་གཞུང་ལ་པོ་ལི་སི་མེད་པ་དང་། བཙོན་ཁང་མེད་པ། དེ་བཞིན་ནུས་ཤུགས་མེད་པར་མཐོང་སྟེ་གནས་དུ་ཚོད་རྩིས་བཀའ་ཤག་དང་ཁྲིམས་ཁང་གི་བཀའ་རྩིས་མེད་བཏང་བ།
དེ་དང་དེ་འདྲ་བ་མང་པོ་འདུག་པས་ད་དུང་མུ་མཐུད་དེ་འགོད་རྒྱུ་ཡིན།
ཟླ་བ་ཚེ་རིང་ལ་ཡང་། ཉེས་པ་ཚབ་ཆེན་ཡོད་ན། ངེས་པར་དུ་སྤྱི་འཐུས་ཀྱི་ལམ་ཁ་ཁོག་དགོས། དེ་མིན་མི་བྱས་ཅན་ལ་ཁ་བཏང་ན། ལས་རྒྱུ་འབྲས་ལ་འགྲོ་མི་ཡོང་། རྒྱལ་བ་རིན་པོ་ཆེ་བཞིན་ནོ། །
དེ་རིང་ངས་གནས་ཚུལ་ཁ་ཤས་རྩད་གཅོད་བྱས་པ་ཡིན། ལ་རྒྱའི་བདག་པོ་སོགས་ཀྱིས་ཟེར་བ་ཚང་མ་བདེན་པ་རེད་འདུག་ལ་ཤེར་དཀར་ལྷག་པས་ཟེར་བ་དེ་ཚོ་ཡང་བདེན་པ་རེད་འདུག གཙོ་བོར་དེ་གཉིས་ལྗིག་གོག་ཆེ་ཆུང་ལྟ་ཡ་རེད་འདུག
ང་རང་ཡིན་ན་བཙན་བྱོལ་གཞུང་འདི་གཉན་ཕྲང་ཡིན་པའི་སྐབས་སུ་བོད་པ་ཞིག་གིས་བརྩི་བཀུར་མ་བྱས་པ་་དེ་སེམས་ལ་ཕོག་ཆེ་བ་འདུག ཟླ་བས་བོད་གཞུང་ཁྲིམས་ཁང་རྒྱ་གར་ཁྲིམས་ཁང་ལ་སྦྱར་བ་དེ་ཧ་སང་སོང༌། ཏོག་ཙམ་མ་ཏོག་རྒྱ་གར་གྱིས་བོད་གཞུང་སྒོ་བརྒྱབ་གྲབས་བྱས་ཡོད་འདུག ད་དུང་བོད་གཞུང་གིས་ལོ་རེར་སྒོར་འབུམ་ཉེ་དྲུག་རེ་ནར་གཏོང་བྱེད་དགོས་ཀྱི་ཡོད་པ་དངོས་ཡོད་རེད་འདུག ད་བར་འབུམ་ཉིས་བརྒྱ་མ་ཟིན་ཙམ་འགྲོ་ཚར་བ་དང༌། ད་དུང་ག་ཚོད་འགྲོ་བ་སུས་ཀྱང་ཤེས་མ་རེད་ཟེར། ང་ཡིན་ན་གྱོང་ག་ཚོད་ཅིག་རག་གི་ཡོད་ན་འདྲ་བོད་གཞུང་ལ་གནོད་པའི་ལས་ཀ་རྩ་བ་ནས་བྱེད་ས་མ་རེད། གལ་སྲིད་ཁ་མཆུ་དེ་འདྲ་བརྒྱབ་པའི་དབང་དུ་བཏང་ཡང་བོད་གཞུང་གི་དངུལ་དེ་ཙམ་འགྲོ་སྡོད་པ་མཐོང་དུས་ཁ་མཆུ་དེ་ཕྱི་འཐེན་བྱེད་ས་རེད། གནས་ཚུལ་དེ་ཚོ་མཐོང་དུས་ང་རང་བོད་གཞུང་ལ་ལྷག་བསམ་ལ་རྒྱ་ག་ཚོད་ཡོད་པ་དེ་ཤེས་ཡོང་གི་འདུག དཔྱལ་ཁྲལ་དངོས་ཡར་ཕུལ་བ་ལས་གཞུང་དངུལ་དཔེ་གཅིག་ངའི་དོན་དུ་འཕྲོ་བརླག་བཏང་བཅུག་འདོད་མེད། མི་མང་གི་སྡུག་དཀའ་ལས་བརྒྱབ་པའི་དཔྱ་དངུལ་དང༌། ༸སྐྱབས་མགོན་རིན་པོ་ཆེའི་ཕྱག་དངུལ་རེད། ཟླ་བ་ཚེ་རིང་གིས་རང་གི་ཆེད་དུ་བོད་གཞུང་གི་དངུལ་དེ་ཙམ་འགྲོ་གི་ཡོད་པ་མཐོང་བཞིན་དུ་གནོངས་མགྱོད་ཅུང་ཙམ་ཡང་མེད་པ་དེ་མཐོང་དུས། ང་ངོ་མ་ཞེད་སྣང་བྱུང༌། མི་དེས་གང་ཡང་བྱེད་སྲིད།
དེ་རིང་བར་ལ་སྟོད་པ་མཆན་བཀོད་མཁན་ཉུང་ངུ་ལས་མིན་འདུག དེ་རིང་གཅིག་རང་མཐོང་བྱུང་བ་ནི་ཧ་ལམ་རྒྱུ་དངོས་ཀྱི་བསླུས་པ་ཞིག་མིན་ནམ་སྙམ། ཟླ་བ་ཚེ་རིང་གིས་ཡོངས་གླིང་ཧམ་ཟ་བྱས་པ་རེད་ཟེར་བའི་སྙོན་འཛུགས་བྱེད་མཁན་ཁྲིམས་རྩོད་པ་ཕག་རི་ཤོར་ཟུར་རམ་སོ་ཤོར་པ་སངས་ཚེ་རིང་གཙོས་མི་ངན་ཁ་ཤས་རེད། འོན་ཀྱང་སྤྱི་འཐུས་ནང་མི་མང་ལ་དངོས་ཡོད་ཀྱི་ཕན་ཐོགས་མཁན་ཟླ་བ་ཚེ་རིང་གཅིག་པུ་རེད་འདུག མིག་ཆེན་པོས་ལྟོས།
པད་ཤག་ཏོག་ཙམ་གྱི་ཆེད་དུ་མི་བྱས་པ་ཅན་རྣམས་ནག་བསུབ་གཏོང་རྒྱུའི་སྔ་མོའི་ལུགས་སྲོལ་དེ་མེད་པ་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད། ཟླ་བ་ཚེ་རིང་སྤྱི་འཐུས་ལ་ལངས་ན་འགྲིག་དང་འགྲིག ཁོང་གིས་མི་མང་གི་དཀའ་ངལ་དངོས་མཐོང་ཐུབ་ཀྱི་འདུག་ལ་ནད་ལ་ཕན་པའི་སྨན་བཞིན་ཁོང་གིས་ཏག་ཏག་དཀའ་ངལ་སེལ་རོགས་བྱེད་ཀྱིན་འདུག ད་དུང་ཁ་ཤས་ནས་ཆོལ་ཁ་འཐེན་འཁྱེར་ཡོད་ལུགས་བགྲངས་འདུག རྒྱུ་མཚན་མེད་པ་རང་རེད། ཡོངས་གླིང་སློབ་གྲྭའི་ནང་ཆོལ་ཁ་གསུམ་ཙམ་མ་ཟད་རྒྱ་གར་གྱི་ཕྲུ་གུ་ཡང་བསྐྱོད་ཆོག་གི་འདུག ལས་མེད་ཚོགས་པའི་ནང་ཆོལ་ཁ་གསུམ་གྱི་མི་འདུག ཤེལ་དཀར་ལྷག་པ་ལ་སོགས་པས་ལ་སྟོད་པའི་རྐང་པ་མ་འཐེན་རོགས རབ་བྱུང་ན་མི་རིགས་ལ་ཞེན་ཁོག་དང་རྩ་དོན་གྱི་ཆེད་དུ་ཟིན་བྲིས་རེ་སྤེལ་དང་། དེ་མ་བྱུང་ཡང་དབྱེན་དཀྲུག་རིགས་རྩ་བ་ནས་མ་སློང་རོགས།
དྲང་པོ་བཤད་ན་ཟླབ་ཚེ་རིང་གི་ཡོངས་གླིང་སློབ་གྲ་སྒེར་བདག་བྱས་པ་དེ་ཡང་བདེན་པ་རེད། བོད་གཞུང་རྒྱ་གར་ཁྲིམས་ཁང་ལ་སྐྱེལ་བ་དེ་ཡང་བདེན་པ་རེད། རྡ་ས་བདེ་དོན་ལོ་དགུ་བྱས་པ་དེ་ཡང་བདེན་པ་རེད། རྡ་སར་ལས་མེད་ཚོགས་པ་བཙུགས་པ་དེ་ཡང་བདེན་པ་རེད། ད་ལྟ་སྤྱི་འཐུས་ལས་ཐོག་ཡིན་པ་དེ་བདེན་པ་རེད། བོད་གཞུང་ཁྲིམས་ཁང་ནས་ཐག་བཅོད་གནང་ཏེ་རྩིས་ཞིབ་ལས་ཁུངས་ནས་རྩིས་ལེན་པར་ཕྱིན་པ་དེ་ཡང་བདེན་པ་རེད། ཟླ་བ་ཚེ་རིང་གི་རྩིས་སྤྲོད་མ་བྱས་པ་དེ་ཡང་བདེན་པ་རེད། ད་ལྟ་སྤྱི་འཐུས་འོས་མིའི་ནང་ཡོད་པ་དེ་ཡང་བདེན་པ་རེད་།
ཤེལ་དཀར་ལྷག་པ་ཟེར་བ་འདི་དང་རྡོ་རྗེ་དོན་གྲུབ་ཟེར་བ་འདི་གཉིས་མི་ཡག་པོ་ཞིག་རེད་མི་འདུག དཔང་རྟགས་མེད་པའི་དཀྲུག་ཤིང་གི་སྐད་ཆ་ལུང་པ་གང་བཤད་འདུག ཁྱེད་གཉིས་ལ་གཞི་རིམ་གྱི་ཤེས་བྱ་ཙམ་ཡང་མི་འདུག ཁྲིམས་ཀྱི་མདུན་སར་གཙོ་ཆེ་ཤོས་དཔང་རྟགས་རེད། དཔང་རྟགས་མེད་ན་ཁྱེད་རང་གཉིས་ལོ་ནས་ལོ་བསྟུད་དེ་ངུས་ཀྱང་ལྐོག་བཤོམ་གྱི་དམིགས་ཡུལ་འགྲུབ་རེ་བྲལ། ཟླ་བ་ཚེ་རིང་ལ་ནག་ཉེས་ཡོད་བདེན་པ་ཡིན་ཁྲིམས་ལ་སྦྱོར་དགོས། དེ་ལ་དབུས་གཙང་མི་དམངས་ཀྱིས་རྒྱབ་སྐྱོར་ཡོད་ཡོད་པ་རེད། ཆུ་དྭངས་གྲམ་གསལ་ཆགས་ན་ཁོ་ལ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་རྒྱུ་མེད། འོན་ཀྱང་གཞི་མེད་སྙོན་འཛུགས་ཡིན་ན་ཁྱེད་རང་གཉིས་ཀྱི་རང་བཞིན་ཁྲོམ་བསྒྲགས་བྱས་པ་ཙམ་ཞིག་རེད། ཁྱེད་རང་གཉིས་ཀྱི་རང་བཞིན་འདི་ན་འདུག ལྟོས་དང་། ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། ། ཞེས་པ་འདི་ཧ་ཅང་འཚམ། ཕྱིན་ཆད་བག་ཡོད་པར་བྱོས་ཤིག འདི་དང་མཉམ་ཨ་ལགས་རྨོག་རུ་ཚང་དང་ཐུབ་བསྟན་ལུང་རིག་སོགས་ནག་པོ་མ་བཟོ་རོགས། དངོས་གནས་ཁྱི་སྨྱོན་ནང་བཞིན་རེད། མཐོང་ཚད་ལ་ཟུག་ཡོང་གི་འདུག
བི་བི་སི་ལགས་གོང་གི་སྐད་ཆ་དེ་ཚོ་མང་ཆེ་བ་བདེན་པ་རེད། ང་རང་རྡ་སར་མི་ལོ་བཅུ་རྒྱད་ལྷག་བསྡད་པ་ཡིན་།
ཡོངས་གླིང་བོད་གཞུང་ལ་དབང་བ་ཡིན་ན་ག་རེ་ཡོད་རེད། བོད་གཞུང་གིས་ཟ་འགྲོ་གི་མ་རེད་པ། ཕྲུ་གུ་གཉོར་ས་རང་འཇག་སྡོད་ཀྱི་རེད་པ། ཕྲུ་གུ་བདག་པོ་ཚོར་གྱོང་གང་ཡང་རག་གི་མེད་པ། མི་གཞན་པས་བོད་གཞུང་ལ་དངུལ་འབུམ་དང་འབུམ། ས་ཁང་དང་གསེར་དངུལ་ཕུལ་མཁན་མང་པོ་ཡོད་རེད།
ཟླ་བས་ཡར་ཕུལ་རྒྱུའི་ཚབ་ཏུ་མར་ལོ་རེ་བཞིན་འབུམ་ཉེ་དྲུག་རེ་མེད་པ་བཟོས། ག་ནས་བལྟས་ཀྱང་ཡོངས་གླེང་དེ་ཟླ་བ་སྒེར་གྱི་ཁེ་ཕན་ཞིག་གི་ཆེད་དུ་ཐུག་པ་དེ་ཐག་ཆོད་འདུག་མ་ཏོག་མི་མང་ཕྲུ་གུ་བདག་པོའི་ཆེད་རེད་མི་འདུག མི་མང་ཚོ་ལ་བཙན་བྱོལ་བོད་གཞུང་གིས་བདག་པོ་བརྒྱབ་ན་དགའ་བ་ཡོད་རེད། གཞུང་ལ་ཡིད་མ་ཆེས་པ་དེ་འདྲ་ག་ནས་ཡོང༌། དེང་མི་མང་གིས་ཡིད་ཆེས་བྱེད་ས་དེ་གཞུང་རེད། གཞུང་གི་སློབ་གྲྭ་ཁག་ནང་གཏོང་ཕྲུ་གུ་གཏོང་བཞིན་ཡིན་པ། མི་དེ་ཚོ་ལ་ཁོང་ཁྲོ་ལངས། ད་དུང་པད་མ་ཚེ་དབང༌དང་འབའ་པ་ཅིག་ཡོད་རེད། མི་མང་གི་ཁྲག་འཇེབ་མཁན། འགའ་ཤས་ཀྱིས་གཞུང་འཇེབ། འགའ་ཤས་ཀྱིས་སྒེར་འཇེབ། འཇེབ། འཇེབ། སྟོང་པ་སྟོང་རྐྱང་བཟོས།
BBC ལགས་ཀྱིས་གསུངས་པ་དེ་བདེན་པ་རེད། ཁྲིམས་ཀྱི་མདུན་སར་དཔང་རྟགས་གལ་ཆེན་པོ་རེད། དེ་མ་ཟད་རང་སེམས་ན་ནས་རང་སྲོག་བཅད་ཀྱང་ཁྲིམས་ཐོག་ཏུ་ལམ་ཁ་མེད་པ་རེད།
ཚང་མས་བོད་ཀྱི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཚོགས་འདི་ཡག་པོ་བྱུང་ན་བསམ་གྱི་ཡོད་པ་རེད། ཁུངས་འཕེར་ཡིག་ཆ་བསྟན་ནས་སྐྱོན་བརྗོད་བྱས་ན་མང་གཙོའི་འགྲོ་ལུགས་དང་མཐུན་པ་མ་ཟད། ཁྲིམས་དང་མཐུན་པ་རེད། ད་དུང་རྒྱུ་འབྲས་དང་མཐུན་པ། ༧རྒྱལ་པའི་དགོངས་གཞི་དང་མཐུན་པ་རེད། སྲིད་དོན་དང་ཕྱོགས་ལྷུང་གི་སྡིངས་ཆ་མཐོ་ས་ད་བར་གླེང་རྒྱུ་རྒྱུན་མ་ཆད་པ་འདི། ཨ་མའི་བུ་སུས་འགན་ཁུར་ཡོད་པའི་ཐོག་གཞི་རིམ་དམངས་ཚོགས་ལ་གསལ་བཤད་བྱེད་ཐུབ་ན། བོད་ཀྱི་མང་གཙོའི་ལམ་ལུགས་ཡར་རྒྱས་སུ་འགྲོ་རྒྱུར་ཕན་གི་རེད་བསམ།
སྒོར་འབུམ་ཉེ་དྲུག་རེ་གཏོང་གི་ཡོད་པ་དེ་གྲོས་ཚོགས་ཀྱི་ཡིག་ཆ་ནང་འདུག གྲོས་ཚོགས་ལ་བཀའ་ཁྲོལ་ཞུ་ཡིག་ཟམ་གདོང་བློ་བསྟན་གྱི་མཚན་རྟགས་འཁོད་པ་འདུག ཟླ་བ་ཚེ་རིང་གི་ཁ་མཆུ་ཆེད་འགྲོ་གྲོན་སྔོན་རྩིས་ཞེས་གསལ་འདུག ༢༠༠༤ ལོར་ཡོངས་གླིང་དེ་བདེ་དོན་གསར་པར་རྩིས་སྤྲོད་དགོས་པའི་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲ་འདུག ད་ངུ་ཡར་ཞུ་མར་གནང་གི་ཡིག་ཆུང་མང་པོ་འདུག ཁྱོད་ཚོས་བཀོད་ཤོག་ཟེར་ན་དེ་ཚོའི་དཔར་བཤུས་ག་ལེ་བཀོད་སྤེལ་བྱེད་ཆོག
ད་དུང་ཤེས་དགོས་པ་ཞིག་ལ་ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་ཞེས་ཁྲིམས་ལ་སྦྱོར་མཁན་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་ཟེར་བ་དེ་རེད། ངས་ཟླ་བ་ཚེ་རིང་ལས་ཀྱང་པ་སངས་ཚེ་དབང་ལ་རྒྱུས་མངའ་ཆེ་བ་ཡོད། ནམ་རྒྱུན་ནས་ང་གཉིས་འཆམ་པོ་ཡོད། སོ་ཤོར་པ་སངས་ཚེ་དབང་ངའི་སར་ཡི་གེ་གློག་ཀླད་ནང་འཇུག་པ་ནང་འཇུག་པ་དང་པར་ཀློག་རྒྱག་པར་རྟག་པར་ཡོང་གི་རེད། སོ་ཤོར་འདི་ལ་དངོས་གནས་ལྟ་སོ་ཡོད་པ་མ་རེད། ཁོས་འཇོན་རབས་ཏོག་ཙམ་བཤད་ནས་པད་ཤག་ཏོག་ཙམ་རག་ན་ནག་ཉེས་ཅན་ཉེས་མེད་བཟོ་རོགས་དང་ཉེས་མེད་ལ་སྙོན་འཛུགས་བྱེད་ཀྱིན་རེད། རྒྱུན་དུ་ལས་ཀ་གཞན་མེད་ཙང་ཁྲིམས་རྩོད་པའི་མིང་སྟོང་ཙམ་འཁྱེར་ཏེ་བཟའ་ཚང་ཁ་བྲལ་གཏོང་བ་དང་། སྙན་ཞུ་རྫུན་བཟོ་འདྲ་བྱེད་ཀྱི་རེད། ད་དུང་ཁོ་དང་ཕྱག་འབྲེལ་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་སོགས་ནས་སོ་ཤོར་པ་སངས་ཚེ་དབང་སྤྱི་འཐུས་འོས་ནང་བཏོན་པ་རེད་། ངོ་མ་མི་ངན་ཁོའི་རྒྱབ་ལངས་ཤེལ་དཀར་ལྷག་པ་ཚེ་རིང་སོགས་ལ་ཆ་བཞག་ནས་འཇོན་ཐང་ཅན་གྱི་སྤྱི་འཐུས་ཁོང་མེད་པ་བཟོས་ན་་་་་ཨ་ཁ།།།།ཐབས་སྐྱོ་པོ་རེད།
ཡ་ཤེལ་དཀར་ལྷག་པ་ཟེར་བའི་མི་གཅིག ཁྱོད་སུ་ཡིན། ངོ་མ་ཤོད
ངས་བལྟས་ན་ཁྱོད་དང་རྡ་སའི་མདོ་སྨད་ས་གནས་རྒྱུན་ལས་ཚོགས་པ་ཟེར་བ་དེ་གཅིག་པ་འདྲ་མཐོང་གི་འདུག
རྡ་རམ་ས་ལར་མི་འཇོན་ཐང་ཅན་དང་། ཤེས་ཡོན་ཅན། དྲང་པོ་སོགས་མཐོང་མ་ཐག་འབུར་བཅོམ་གཏོང་རྩིས་བྱེད་པ་དེ་འདྲ་གང་དྲག
ད་ཁྱོད་ཤོད་ཅིག ཐང་ཆད་ཆད་ཤོད་ཅིག ལན་ཆར་པ་བབ་བབ་ཡོང་གི་རེད།