ཚེ་རིང་།
སྨུག་ཧ་ཅང་གནག་པའི་མཚན་མོ་དེ་ལ
ཅི་ཡང་མེད་པར
ཁྱེད་རང་ལམ་དུ་ཆས
ནམ་མཁའ་ཅི་འདྲའི་རྒྱ་ཆེ་ཡང
ཁྱོད་འགྲོ་སའི་ཕྱོགས་དེ
ནམ་ཡང་སྟོང་སངས་སངས
ཚོམ་བུར་བཀྲ་བའི་སྐར་ཚོགས
ཁྱོད་ཀྱི་སྡོངས་གྲོགས་མིན་ལ
འབྱམས་ཀྱིས་བཏིང་བའི་སྤྲིན་པ་ཡང
ཁྱོད་ཀྱི་ལམ་བུ་མིན
སྐྱ་རེངས་ཀྱི་སྔོན་བརྡ་སླེབས་དུས
ཁྱོད་རང་འཇིག་རྟེན་གྱི་མིག་ལམ་ནས་བོར་ཡང
མུ་མེད་ཀྱི་དབྱིངས་རིམ་དེ་ནས
ཁ་ཕྱོགས་མེད་པར་
ཁྱོད་ད་དུང་འགྲོ་བཞིན་ཡོད་ཨང
2014/2/14