ཁྲོ་གཏུམ།
ཟླ་བ་ཧྲིལ་བོ་གནམ་མཐའི་ག་ཤེད་ཅིག་ཏུ་ཅེར་ཏེ་ཡར་ཡར་འགྲོ་དུས
མཚོ་མོ་རྒྱས་པའི་རླབས་གཉེར་གྲངས་ཀྱིས་འོད་ཟེར་བརྩི་བར་བྲེལ་ཤ་བར་མེད་ལངས
བདག་གི་མིག་ཟུང་བཙུམ་པར་བརྗེད་དེ་ཧད་དེ་མཛེས་པའི་རོ་ལ་ཆགས
རླུང་ལ་བསྐྱོན་པའི་ཆུ་ཤོག་སྒྲ་བཞིན་མཚོ་རླབས་རོལ་མོས་རྣ་བའི་དབང་བོ་སྒུལ་བ་མཚམས་མེད་རུང
ཉ་དྲི་ཁ་བའི་མཚོ་མོའི་དྲི་མས་འབྲོག་རྒན་ཤ་གཟན་ཞིག་གི་དྲི་འཛིན་རྒྱལ་བོ་ཁྲོས་སུ་བཅུག་རུང
མཚོ་མོས་ཟླ་བ་འཁུར་བ་མིག་ལ་ཐོགས་ཏེ་ཡིད་ལ་དྲངས་པའི་མཛེས་སྡུག་སྒེག་མོས་སུན་པོ་ཐམས་ཅད་ཕ་མཐར་བསྐྲད
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༢ ཉིན་ལས་ཀའི་བར་མཚམས་སུ།