དཔལ་ལྡན་བཀའ་ཤག་ནས་ས་གནས་འགོ་འཛིན་དང་དོན་གཅོད་ཁག་ལ་བཀོད་ཁྱབ་བཏང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྒྱབ་སྐྱོར་ཞུ་ཆེད་ཕྱི་ཟླ་ ༢ པའི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་རྒྱུ་ལྟར། དེ་ཉིན་བོད་མི་རྣམས་ཀྱིས་ངེས་པར་དུ་རང་ལུགས་ན་བཟའ་བཞེས་ཏེ་འདས་གྲོངས་སོང་བའི་བོད་མི་རྣམས་ལ་མྱ་ངན་གུས་བཏུད་མཚོན་ཆེད་ཁ་རས་ནག་པོ་དཀྲིས་ཏེ་བདེན་ཚིག་སྨོན་ལམ་སོགས་འདོན་དགོས་སྐོར་བཀོད་འདུག
གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་རྒྱུ་དང་།རྒྱལ་ཚོགས་དྲུང་ཆེར་སྤྱི་འཐུས་ཀྱི་སྐུ་ཚབ་ཐུག་ཐབས་བྱ་རྒྱུ། ཕྱི་རྒྱལ་གྲོས་ཚོགས་ཁག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གྲོས་ཆོད་སྣོན་འཇོག་ཡོང་ཐབས་གནང་རྒྱུ་ཡིན་ཚུལ་བཀོད་འདུག
Comments on “ཟླ ༢ ཚེས ༨ ཉིན་ཁ་རས་ནག་པོ་དཀྲིས་ཏེ་སྨོན་ལམ་ཐོན།”
Comments are closed.
བཀའ་སྤྱི་གཉིས་ལ་སྐྱབས་སུ་འཆིའོ། ད་ཧང་སང་བ་ཞིག་རེད། དཀོན་མཆོག་གསུམ་པོ་དེས་ཅིག་མཁྱེན་མཁྱེན་ནོ
བཀའ་སྤྱི་ཐུན་མོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་ལམ་སྟོན་ཇི་བཞིན་མི་མང་ཡང་གང་མང་མཉམ་རུབ་གནང་ཐུབ་པའི་ཡིད་ཆེས་ཡོད། སྤྱིར་བོད་ཕྱི་ནང་གཉིས་ཀའི་བོད་རིགས་སྤུན་ཟླ་ཡོངས་སྐྱིད་སྡུག་མཉམ་མྱོང་གཅིག་པས་མགོ་ཡོད་སར་ལུས་བོ་འཁོར་དགོས་ངེས་ཞིག་རེད་འདོད། བོད་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་མེད་ཅིག་ང་ཚོ་བཞག་ནས་ཕེབས་སོང་ན་ང་ཚོ་ཤུལ་ལྷག་གི་ནང་མི་ཚོས་ཀྱང་སྙིང་ན་ཚུལ་དང་མིག་ཆུ་བཞུར་སྟངས་འཛམ་གླིང་ལ་སྟོན་ཐབས་ཞིག་བྱ་དགོས་པར་སྣང་། ལྷག་པར་བོད་པའི་ཁྱད་ཆོས་མཚོན་པའི་བོད་སྐད་བཤད་པ་དང་བོད་ཆས་གོན་པ་སོགས་མི་རིགས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དག་ཐེངས་འདིའི་གོ་སྐབས་ཙམ་མིན་པར་མ་འོང་པའི་བོད་རིགས་འདུ་མཛོམས་གང་ཡིན་ལ་གནང་ཐུབ་པ་ཡིན་ན་དེས་ཕ་རོལ་བའི་འཁྱོག་བཤད་དང་ཁྱབ་སྒྲག་རྫུན་མ་ཚོར་བརྡ་ལན་གསལ་བོ་ཞིག་བསྟན་ཡོད་པ་རེད་བསམ་གྱིན་འདུག ང་ཚོར་དགོས་ངེས་དེ་ཆིག་བསྒྲིལ་རེད། དེ་ང་ཚོའི་སྟོབས་ཤུགས་རེད། དེ་སེམས་ནས་མ་བརྗེད་སྤུན་ཟླ་ཚོ།
ང་ཚོ་རང་དབང་ལུང་པར་སྡོད་པའི་བཙན་བྱོལ་གཞུང་དང་མི་མང་གིས་ཁ་སང་དེ་རིང་གི་ཛ་དྲག་གནས་བབ་འདི་འདྲའི་སྐབས་སུའང་སྔར་བཞིན་བསྔོ་སྨོན་མཆོད་འཔུལ་དང་། འདས་པོ་ཚོའི་གྲངས་འབོར་གསལ་བསྒྲགས་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་མི་སྲིད་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས། ལྷག་དོན་ང་ཚོ་གངས་ཅན་པའི་སྤྱི་དོན་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་དམིགས་འདུན་དང་ཐུགས་སྨོན་གྱི་ཆ་ཤས་ཙམ་ཡང་སྐོང་ག་ལ་ཐུབ། གང་ལྟར་ཇི་ཡང་མི་འཇོན་གང་ཡང་མི་ཐུབ་ན་བཙན་བྱོལ་གཞུང་གི་རང་མདོག་ངོ་མ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་གཙོས་འཛམ་གླིང་ཡོངས་ལ་དམར་རྗེན་དུ་བསྟན་ན་མི་བཟང་ངམ།
བཙན་བྱོལ་བཀའ་སྤྱི་གཉིས་ལ་འདྲི་རྒྱུར། བོད་རྒྱ་ཆེའི་མི་མང་གི་དགོས་འདུན་དང་། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རེ་ལྟོས་ནི་མཆོད་འབུལ་བསྔོ་སྨོན་དང་ནམ་ཞར་གྱི་ཁ་གཡང་དེའི་ཆེད་དུ་རེད་པས????????????
ད་ཆོ་ག་རེ་འདུག། འདས་པོ་ཚོའི་དོན་དུ་སྨོན་ལམ་བཏོན་གྱི་ཡོད་ན་ནི་གནས་ཚུལ་ཁག་ཁག་རེད་མ་གཏོགས། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་གྱི་ཡོད་ན་ནི། གཞན་ལ་རེ་བསྐུལ་ཞུས་བསྡད་ན་ཡག་པོ་ད་རེད་དེ་ཅང་ཕན་ཨེ་ཡོང་། གལ་ཆེ་ཤོས་དེ་བོད་པ་ཡོད་སའི་རྒྱལ་ཁབ་ག་པར་ཡིན་ན་ཡང་རྒྱ་ནག་གཞུང་ཚབས་ཡོད་པ་ཚང་མར་ཕྱིན་ནས་ངོ་རྒོལ་བྱེད་དགོས་པ་རེད་ལ་རྒོ་རྡུང་ནས་སྐད་ཞིག་གཏོང་དགོས་པ་རེད། ང་ཚོ་ཚང་མ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་ཏུ་ལངས་ཡོད་ལབ་དགོས་པ་རེད། གཞིས་ལུས་མི་དམངས་ལ་གནོད་ཚེ་སྤུ་ཙམ་ཡང་གཏོང་མི་ཆོག་ལབ་དགོས་པ་རེད། གཞིས་ལུས་མི་དམངས་དང་ལྷག་པར་དུ་མེ་ལྕེའི་ནང་གི་འབོད་སྒྲ་དེ་ངེས་པར་དུ་ཉན་དགོས་པ་མ་ཟད་ཁོང་རྣམས་ཀྱི་མངོན་འདོད་དེ་ངེས་པར་དུ་བསྒྲུབས་དགོས་ལབ་དགོས་པ་རེད། དེ་མིན་ད་བར་དུ་གསོལ་འདེབས་དང་སྨོན་ལམ་རྐྱང་རྐྱང་བཏོན་བསྡད་པ་རེད་ལ་གཞན་ལ་རེ་བསྐུལ་འདྲ་ཞུས་ནས་མི་ཚེ་བསྐྱལ་བ་རེད། ད་དུང་དེ་འདྲ་བྱས་ནས་སྡོད་རྒྱུ་ཡིན་ན། ད་ནི་ལས་འགུལ་ཚུན་ནས་སྡུག་རུ་སྡུག་རུ་འགྲོ་གི་འདུག། བོད་མི་རིགས་འདིའི་ལས་དབང་ལ། ཨ་ཙི་ཙི།
བཀའ་སྤྱི་གཉིས་གིས་རྒྱ་ནག་དམར་ཕྱོགས་ཚོགས་པ་སྐུ་ཚེ་བརྟེན་པའི་ཆད་དུ་རས་ནག་ཞིག་གི་ཁ་གཡོག་ནས་ཞབས་བརྟེན་འཚོགས་གི་ཡོད་ས་རེད། བོད་ཀྱི་འདས་པོ་རྒྱ་གཅེས་དཔའ་བོ་ཚོའི་ཆད་༧་གོང་ས་མཆོག་གི་གཙོའི་བླ་སེར་རྣམས་ཀྱིས་བསྔོ་སྨོན་ཚོགས་དང་ཚོགས་དང་ཚོགས་བཞིན་པ་རེད། རས་ནག་གི་ཁ་གཡོག་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཚོའི་ཆད་དུ་བསྔོ་སྨོན་འཚོགས་ན་ལྟས་ངན་རེད། དཀོན་མཆོག་མཁྱེན།
གོང་གི་དྲ་གྲོགས་འགས་སྲིད་སྐྱོང་བློ་སེང་ལ་སྐྱོན་བརྗོད་ནན་མོ་རེ་བྱས་འདུག་པར་ཁག་མེད་གཞིས་ལུས་དག་གི་དཀའ་སྡུག་གི་ལོ་ཟླ་ལ་ཐུགས་ཁུར་ཡོད་པས་རེད། འོན་ཀྱང་ད་ལྟའི་རང་རེའི་གནས་བབ་ལ་གཞིག་སྟེ་གཞུང་ནས་ལས་འགུལ་གསལ་བརྡ་རེ་ཡོང་དུས་ལས་བྱེད་ཆེ་གེ་མོ་དག་ལ་སྐྱོན་བརྗོད་རེ་བྱས་ནས་རྒྱང་ལྟ་བྱེད་པའི་དུས་མིན། སོ་སོའི་གནས་ཡུལ་ཆ་རྐྱེན་པ་དཔག་པའི་ལས་འགུལ་ཚ་ཚ་འུར་འུར་སྤེལ་རྒྱུ་གལ་ཆེ། བློ་སེང་ལ་སྐྱོན་མེད་གང་ཡིན་འོན་ཀྱང་སྐྱོན་ཡོན་གཉིས་ཡང་ལྕི་འཇལ་ནས་བཤད་དགོས་པ་རེད། དེ་མིན་སོ་སོ་ཡར་ལང་ནས་བོད་སྤྱི་བའི་ལས་དོན་སྒྲུབ་དང་དཔའ་བོ་རེད། རྟག་པར་རྒྱབ་བཤད་རྐྱང་བྱས་སྡད་ན་དགྲ་རྒྱ་དམར་གྱི་དགོས་མཁོ་ལས་གཞན་གང་ཡོད། ཁོང་འོས་ལངས་པའི་སྐབས་སོ་སོའི་བསམ་ཚུལ་ལ་དཔག་པའི་སྐྱོན་ཡོན་གླེང་པ་ནི་མང་གཙོ་ཚད་ལྡན་གྱི་ལམ་ལུགས་ཡིན། མང་མོས་ཀྱིས་འོས་ཐོབ་ཚར་བའི་རྗེས་ལ་སླར་སྐྱོན་བརྗོད་བྱེད་པ་ནི་གཅིག་སྦྲེལ་ལ་གནོད་རྒྱུ་ལས་མ་མཆིས། ལས་འགུལ་སྤེལ་ཕྱོགས་ཐད་ཤེས་ལྡན་ལྷག་བསམ་ཅན་ཚང་མས་འགན་མཉམ་ཁུར་གྱིས་དྲ་རྒྱ་སོགས་ཀྱི་རྒྱུད་བསམ་ཚུལ་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་དག་ལ་བཀའ་སྤྱི་གཉིས་དང་འབྲེལ་ཡོད་ལས་ཁུངས་ཁག་ནས་ལེགས་ཆ་ལེན་རྒྱུ་ཡོད་པ་ཞིག་དང་ལེན་དགོས་པ་ཞིག་ཀྱང་རེད། ད་ལན་ཀྱང་ཁ་རས་ནག་པོ་ཞིག་གྱོན་ནས་བསྔོ་སྨོན་གཅིག་པུས་འགྲིག་ཨེ་ཡོང་ན་སྙམ། གོང་དུ་དྲ་གྲོགས་གསེར་འབྲུག་གི་གསུང་པ་བཞིན་བོད་མི་གནས་ཡུལ་རྒྱལ་ཁབ་གང་དུ་ཡིན་ཀྱང་དེར་རྒྱ་དམར་གྱི་གཞུང་ཚབ་རེ་ཡོད་ངེས་པས་དེ་དག་གི་མདུན་རྣོ་ངར་ལྡན་པའི་སྒོ་ནས་གོ་བརྡ་ཞིག་དང་། ཡ་ལན་པེ་ཅིན་གཞུང་གི་གོ་ཐུབ་པ་ཞིག་དང་། གཞིས་ལུས་ཚོའི་སེམས་ནང་ང་ཚོའི་རྒྱབ་ལ་འདུག་ཨ་བསམ་པ་ཞིག་གི་ལས་འགུལ་སྤེལ་དགོས། དེ་ཡང་བཙན་བྱོལ་བོད་གཞུང་གི་བཀའ་བཀོད་གཅིག་པོ་མ་ཡིན་པར་ས་གནས་སོ་སོའི་གནས་བབ་ལ་གཞིག་པའི་ལས་འགུལ་སྤེལ་དགོས་པར་མཐོང་།
༼ མྱ་ངན་གུས་བཏུད་མཚོན་ཆེད་ཁ་རས་ནག་པོ་དཀྲིས་ཏེ་སྨོན་ལམ་འདོན་རོགས། ༽
ཀྱེ། དཔལ་ལྡན་བཀའ་ཁྲི་ཆེན་མོ། དུས་སྐབས་འདི་འདྲར་ཁྱེད་བཀའ་ཤག་ཚང་ལ་བཀའ་གནང་ཡག་དེ་ཙམ་ལས་མེད་པ་རྒྱ་ནག་གི་དུག་བླངས་གངས་སྐྱིད་ཀྱི་ལས་ཁུངས་ལ་འཐིབས་ཏེ་ཁྱེད་བཀའ་བློན་རྣམ་པའི་ཀླད་པ་ཉོག་སོང་ནི་མིན་ན།
རས་ནག་པོའི་མྱ་ངན་མཚོན་ཚུལ་དེ་རྒྱ་ནག་པོའི་གདོད་མའི་རིག་གཞུང་རེད། རང་རེའི་བོད་གངས་ཅན་ལ་རས་ནག་པོས་མགོ་དཀྲིས་ཁ་དཀྲིས་བྱེད་སྲོལ་མེད་ཡ།
ཀུ་ཅི། ལས་འཁུར་ཞུས་ནས་ཉིན་གྲངས་འདི་ཙམ་རིང་ལས་འགུལ་རྣལ་མ་འདི་ཞེས་པ་ཞིག་རྣ་བའི་ཡུལ་ཙམ་ན་ཡང་ཐོས་རྒྱུ་མེད་པ་ག་རེ་རེད།
ཡང་སྙིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ག་རེ་བསམ་གྱི་ཡོད་དམ་།
ཉིན་བརྒྱ་དུས་གཅིག་གི་ལས་འགུལ་དེ་འདྲ་ཞིག་རེད་དམ།
ཉིན་གཅིག་ལ་བོད་ཆས་གྱོན་རྒྱུ་དེས་བོད་པའི་རིག་གཞུང་དེ་སྲུག་སྐྱོབ་ཐུབ་ཀྱི་རེད་དམ་
སྐྱ་སེར་དབྱེར་མེད་ཀྱི་མཆོད་འབུལ་བྱེདརྒྱུ་དེས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་སྐྱོབ་ཐུབ་ཀྱི་ཡོད་དམ།
ད་ལྟའི་དུས་ཚོད་ལ་སྐྱ་སེར་དབྱེར་མེད་ཀྱི་ཕྱག་དང་མཆོད་འབུལ་བྱེད་པའི་དུས་ཚོད་ཅིག་རེད་དམ།
གལ་སྲིད་མཆོད་འབུལ་བྱེད་དགོས་ཀྱི་ཡོད་ན་གྲྭ་བཙུན་རྣམས་ནས་བྱས་ན་མ་འགྲིག་པ་གང་ཡོད་དམ།
ཆོས་ར་ཆོས་དང་གཞས་ར་ཟེར་བ་བཞིན་ཆོས་དང་སྲིད་གཉིས་དབྱེ་བ་ཕྱེས་ན་མི་འགྲིག་པ་གང་ཡོད་དམ།
རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་པ་དང་ཆབས་ཅིག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཁང་ལ་རྒྱ་ནག་སྲིད་འཛིན་ཧུ་ཅིང་ཐོ་ཡི་གཙོས་པའི་ལག་དམར་བ་རྣམས་ཀྱི་བོད་མི་བསྡེབས་གསོད་བཏང་བའི་ནག་ཉེས་འཐེར་དོན་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་མཐོང་གི་འདུག
གོང་གསལ་དྲེ་བ་དང་ཚོར་སྣང་དེ་རང་ཤུག་ཡོང་གི་འདུག་
ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་། དེའི་མཇུག་འབྲས་ལ་རྟོག་ཞིབ་བྱེད་དགོས། འོན་ཀྱང་དྲ་གྲོགས་རྣམ་པས་དུས་ཚོད་འདིར་དགྲ་དགའ་གཉེན་སྡུག་གི་གཏམ་བཤད་ན་དགོས་པ་འདྲ་ཨེ་ཡོད་ནའ།
ཡང་སྙིང་་དགྲ་དགའ་གཉེན་སྡུག་གི་ལས་འགུལ་དེ་སུ་ཞིག་གི་དཔེལ་གི་ཡོད་མེད་ཧ་གོ་མ་སོང་
དགོང་འགལ་མེད་པ་མཁྱིན་མཁྱིན།
འདི་ལྟ་བུའི་གཉན་ཕྲང་གི་དུས་ཚོད་ལ་ཕྱག་མཆོད་འབུལ་རང་གནང་ནས་བཞུགས་བསྡད་པ་ཡིན་ན། ངོ་ཚ་རྒྱུ་མེད་པའི་བྱེད་སྟངས་ཤིག་མ་རེད་བས། གལ་སྲིད་ང་ཚོའི་གཞུང་འདིས་ནང་ཆོས་ལ་ཁས་མི་ལན་མཁན་གྱི་གཞུང་ཞིག་ཡིན་ཚེ། ད་ལྟའི་དུས་ཚད་འདི་འདྲ་ལ་བཀོད་ཁྱབ་ག་རེ་གནང་ས་རེད། ཛ་དྲག་གི་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་འདི་ཁག་དཀྲིས་པའི་བྱེད་སྟངས་ཁོ་ན་ཡིན་པས་མོས་མཐུན་རྩ་བ་ནས་མེད། སྤྱིར་བཏང་ཆོས་དགོས་མ་རེད་ཟེར་གྱི་མེད་དེ། ཆོས་ཞེས་པ་འདི་འདྲའི་སྐབས་སུ་བེད་སྤྱོད་བྱེད་རྒྱུའི་དངོས་པོ་ཞིག་མིན་པར་མཁྱེན་དགོས།
ད་ནི་ཕྱི་ལོག་ནས་སྐད་འབོད་དང་སྨོན་ལམ་གྱི་ལས་འགུལ་ཇི་ཙམ་སྤེལད་ཀྱང་། རྒྱལ་སྤྱིའི་རོགས་སྐྱོབ་ཁ་ཡོད་ལག་ཡོད་ཅིག་ཐོབ་པའི་རེ་བ་ཤིན་ཏུ་ཕྲ། རྒྱལ་སྤྱིའི་སྟོབས་ལྡན་རྒྱལ་ཁབ་ཀྱི་མི་མང་གིས་བོད་ཀྱི་གནས་བབ་མ་ཤེས་པ་ག་ལ་ཡིན། དཔེར་ན། དབྱིན་ཇིའི་མི་མང་བརྒྱ་ཆ་༦༠་བརྒལ་བས་བོད་ལ་རང་དབང་སྟེར་དགོས་པའི་བསམ་ཚུལ་ཡོད་ནའང་། རྒྱལ་ཁབ་དེས་བོད་ཀྱི་གནས་བབ་རང་གཞུང་གི་སྲིད་དོན་གལ་ཆེར་བརྩིས་ནས། རྒྱ་ནག་ལ་གནོན་ཤུགས་སྤྲོད་པའམ་ཤུགས་རྐྱེན་གཏོང་བའི་དགོས་དོན་དུ་ལག་ལེན་བྱ་མི་སྲིད་པ་ཝ་ལེར་གསལ།
བོད་ནང་གི་གནས་སྟངས་ཐད་ནས་སྐྱིད་སྡུག་མཉམ་མྱོང་བྱ་བའམ། བོད་དོན་ལ་ཕན་རེ་འདོགས་པའི་བསམ་པ་ཡོད་ན། གཞུང་དམངས་གང་ཡིན་ལ་མ་ལྟོས་པར་བཙན་བྱོལ་བ་གང་མང་ཞིག་འ་འུར་ཟང་ཟིང་མེད་པར་བོད་ནང་དུ་འཛུལ་ཏེ། སྐད་འབོད་ལ་སོགས་རང་གིས་གང་འཇོན་གྱི་ལས་འགུལ་སྤེལ་ནས་རྒྱ་དམར་གྱི་བཙོན་དུ་སྡོད་དགོས། དེ་ལྟར་བྱས་ན་བོད་ནང་གི་གནས་བབ་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་པར་སྙམ།
ཁ་སྟག་ཕུན་ཚོགས་སྟོབས་རྒྱལ་གྱིས་བོད་ནས་བླངས་པའི་བོད་བཞས་གསར་པ། སྲིད་བློན་བློ་བཟང་སེངྒེ་ལ་བསྟོད་པ།
གངས་དཀར་གནམ་ཟུག་ཅིང་། །ཉི་ཟླ་མཉམ་དུ་ཤར་བ། །རྫོགས་ལྡན་གསར་པའི་སྐུ་མགྲོན། །བསུ་བའི་ལས་སྐལ་ལྕི་མོ། །མི་འཇིགས་ཕྲག་པར་ཁྱེར་མཁན། །གྱད་མི་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་དཔུང་གིས་བཏེག་པའི། །གནམ་གྱི་སྲས་པོ་ཡིན་ཡང་། །གསེར་གྱི་ཁྲི་ལས་ཕབ་མཁན། །ཕ་མེས་བཙན་པོའི་རྐང་རྗེས། །ཟིན་པའི་བརྡ་ལན་སྤྲོད་མཁན། །དཔའ་བོ་བློ…་བཟང་སེངྒེ། །སྲིད་བློན་ལགས། བཙན་དབང་གཉའ་གནོན་ཞིག་ལ། །ཞེན་ཁ་གཏིང་ནས་ལོག་པས། །གངས་ཅན་བོད་མིའི་སྐྱིད་སྡུག། ཐབས་དང་རྒྱུ་ལ་མི་བསྐུ། །ཆོལ་གསུམ་གཅིག་ཏུ་སྒྲིལ་མཁན། །དེད་དཔོན་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་ཕྱོགས་སུ་མི་རྒྱུགས། །ཞེན་པའི་མཐའ་ལ་མི་ལྷུང་། །གཞིས་བྱེས་བོད་མའི་ཁ་ཕྱོགས། །བཅོས་བསྒྱུར་གསར་གཏོད་བརྒྱུད་དེ། །རང་དབང་རང་གིས་ལེན་མཁན། །མཛངས་མི་བློ་བཟང་སེངྒེ། །སྲིད་བློན་ལགས།
བཀུར་འོས་བའི་དབུ་ཁྲིད་རྣམས་པ་ལགས།
ཟླ༢ཚེས༨ཉིན་ལ་ང་ཚོའི་བདེན་པ་འཛམ་གླིང་ལ་ཤེས་རུ་འཇུག་པའི་ཉིན་མོ་ཡིན་ནམ་ཆོས་འདོན་པའི་ཉིན་མོ་ཡིན་ནམ། ཁྱོད་ཚོས་དུས་ནམ་ཡང་ལས་འགུལ་སྤེལ་དུས་ཆོས་བཏོན་ནས་ཉི་མ་དེ་ཕར་ལ་ཕུད་རྒྱག་དེད་གི་འདུག་ནོ་འདི་ངོ་མ་བཤད་དཀའ་བའི་ཚོར་སྣང་ཞིག་ང་ལ་སྐྱེས་ཀི་འདུག ཅི་ཞིག་ལ་ང་ཚོས་ལས་འགུལ་སྤེལ་དུས་ཆོས་འདོན་པ་དང་བོད་གྱོས་གྱོན་ནས་བོད་ཟས་ལ་རོལ་དགོས་བ་རེད། ང་རང་བསམ་ཚུལ་ཡིན་ད་ཐེངས་གི་ལས་འདི་ནང་ལ་བོད་ནས་དཀའ་སྡུག་དང་མནར་མྱོང་བཞིན་པའི་ཁོ་ཚོ་ལ་རྒྱབ་ལངས་བྱེད་པ་ལས་བོད་གྱོས་གྱོན་པ་དང་བོད་ཟས་ལ་རོལ་བའི་ཉིན་མོ་མིན་འདོད། ནམ་རྒྱུན་གངས་སྐྱིད་ལས་ཁུངས་མང་ཆེ་བ་ནང་ལ་བོད་སྐད་ཀྱི་དྲི་མ་སྔ་མོ་ནས་ཡལ་ཡོད་ལ་ཧིན་སྐད་དང་དབྱིན་སྐད་དྲི་མས་གནམ་ས་ཁེངས་ཡོད་པ་ཀུན་གྱིས་ཤེས་ནི་རེད །དོན་དག་འདི་དུས་རྒྱུན་ཐག་གཅོད་མི་བྱེད་པར་ད་ཐེངས་ཀྱི་ལས་འགུལ་འདི་ནང་དུ་དྲུད་ཡོང་དོན་ཅི་ཡིན་ནམ།
རེས་གཟའ་ལྷག་པའི་ཉིན་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ནང་གཞི་ རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་པ་དང་ཆབས་ཅིག་བཀའ་བློན་ཁྲི་པ་བློ་བཟང་སེང་ གེ་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཁང་ལ་རྒྱ་ནག་སྲིད་འཛིན་ཧུ་ཅིང་ ཐོ་ཡི་གཙོས་པའི་ལག་དམར་བ་རྣམས་ཀྱི་བོད་མི་བསྡེབས་གསོད་བཏང་བའི་ནག་ཉེས་འཐེར་ དོན་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་མཐོང་གི་འདུག
གོང་གསལ་དྲེ་བ་དང་ཚོར་སྣང་དེ་རང་ཤུག་ཡོང་གི་འདུག་
ཁོ་བོས་བཀའ་ཤག་གསར་པའི་ལས་འགུལ་ལ་འགྲིག་མ་འགྲིག་བཤད་ཚོད་ཐིག་གི་མིན་འདུག འོན་ཀྱང་ལས་འགུལ་སྤེལ་བ་དེ་ཕྱིས་མ་དྲག་ན་སྔ་དྲག་མིན་འདུག བྱས་ཙང་། ལས་འགུལ་རྣམ་པ་གསར་པ་མང་ཙམ་སྤེལ་དགོས་ཀྱི་འདུག ཕྱག་མཆོད་འབུལ་བྱེད་པ་དེས་བོད་ཀྱི་རྩ་དོན་ལ་ཕབ་གྱིན་ཡོད་མེད་མི་ཤེས། ལུང་པ་གང་ལ་ཡང་ཕྱག་མཆོད་འབུལ་བྱེད་ནས་རང་ཡུལ་ལ་རང་དབང་ཐོབ་པའི་ལོ་རྒྱུས་མིན་འདུག ཕྱག་མཆོད་འབུལ་དང་ལྷ་བླ་མ་ལ་གསོལ་འདེབས་དང་དད་མོས་ནི་༥༩ཡི་ཡར་སྔོན་ལ་ཧ་ཅང་གཞི་རྒྱ་ཆེན་པོ་སྤེལ་མྱོང་ཡོད་པ་རེད། འོན་ཀྱང་དེའི་མཇུག་འབྲས་གང་ཡང་ཐོན་མེད།
བྱས་ཙང་། འཛམ་གླིང་འགྱུར་འགྲོས་དང་བསྟུན་པའི་ལས་འགུལ་སྤེལ་དགོས་ཀྱིན་འདུག
མཆོད་འབུལ་བྱེད་རྒྱུ་ཡིན་ན། རང་གི་ནང་དུ་ཁ་རས་ནག་པོ་ཞིག་གྱོན་ནི་མཎི་གསོག་འདོན་བྱས་ན་འགྲིག་གི་ཡོད་ན། གནས་གཅིག་ཏུ་ངེས་བར་དུ་འཛོམས་དགོས་ཀྱི་ཡོད། གསལ་བོ་ཞིག་ཤེས་མ་སོང་། ཕ་ཡུལ་དུ་ཁ་ལ་ནག་པོ་བྱུག་ན་ཁ་ནག་ཅེས་ལྟས་ངན་པ་དང་བཀྲ་མི་ཤིས་པ་ཞིག་ལ་བརྩི་སྲོལ་འདུག གུང་ཁྲན་ཏང་ལ་རྣམ་རྟོག་ལངས་དགོས་བསམ་ནི་ཡིན་ནམ། ག་རེ་ཡིན་ན།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com