-ལོ་ཐོ་ཞིག་ལས་དེ་རིང་རྗེ་མི་ལ་རས་པའི་འདས་མཆོད་ཉིན་མོ་ཡིན་ཚུལ་བྲིས་འདུག
ཀླུ་སྨྱོན།
གཡུ་ཐོག་སྙིང་ཐིག་གི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས་ངས་ནམ་རྒྱུན་གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་བླ་མའི་རྣལ་འབྱོར་ཁག་ལ་མཇལ་བཞིན་ཡོད།
གཡུ་ཐོག་རྣམ་ཐར་ལས་མི་ལ་རས་པ་རྒྱ་གར་གྱི་གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་རྗེས་མ་ཞིག་ཡིན་ལུགས་བྲིས་འདུག
ནྰ་རོ་བས། བོད་ཡུལ་མུན་པའི་སྨག་རུམ་དུ།། གངས་ལ་ཉི་མ་ཤར་འདྲ་བའི།། ཐོས་པ་དགའ་ཞེས་བྱ་བ་ཡི།། སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པར་གཞིགས་ན། མི་ལ་རས་པ་མི་སྤྱིར་བཏང་བ་ཞིག་མིན་པ་འདྲ།
ཐ་ན་མཐུ་སྒྲུབ་ཀྱང་ཞག་བདུན་ལས་མི་དགོས་པ་འདིས་ཀྱང་མི་ལ་རས་པ་གསང་སྔགས་ཀྱི་སྣོད་ལྡན་ཞིག་ཡིན་པ་བསྟན་ཡོད།
མི་ལ་རས་པའི་ཡབ་ཀྱིས་ཁོང་གི་མི་ཚེར་ཤུགས་རྐྱེན་ཅི་ཙམ་ཞིག་བཞག་ཡོད་མེད་མ་ངེས་ཀྱང་།
ཁོང་གི་མ་ཡུམ་མྱངས་ཚ་དཀར་རྒྱན་ནི་ཆགས་སྡང་གི་རུས་ཐོན་པ་ཞིག་ཡིན་པ་འདིས་ཁོང་གི་སྒྲུབ་པ་ཉམས་ལེན་གྱི་དཀའ་སྤྱད་ལ་བོགས་ཆེན་ཞིག་བྱིན་ཡོད་ངེས་རེད།
མི་ལ་རས་པ་དང་ཆུང་འདྲིས་བྱམས་པ་མཛེས་སེ་གཉིས་ལ་ལུས་འབྲེལ་བྱུང་ཡོད་མེད་ཁོང་གཉིས་མ་གཏོགས་ངས་ཅི་ཡང་མི་ཤེས།
ཡིན་ཡང་ཁོང་གཉིས་ཀས་གཅིག་གིས་གཅིག་བརྗེད་མ་ཐུབ་པར་ཡུན་རིང་ཞིག་འགོར་བ་དེ་བདེན་པ་བདེན་ཐུབ་ཅིག་ཅི་ལ་མིན།
ངས་སྔོན་ཆད་རྗེ་མི་ལ་རས་པའི་མི་ཚེར་ཤུགས་རྐྱེན་ཆེ་བའི་བུད་མེད་སྐོར་ཞིག་ལ་དཔྱད་ཐུང་(རྗེ་མི་ལ་རས་པའི་རྣམ་ཐར་ཁྲོད་ཀྱི་གལ་ཆེ་བའི་བུད་མེད་བདུན་རོབ་ཙམ་གླེང་བ།)ཞེས་པ་ཞིག་བྲིས་པ་ཡིན།
མི་ལ་རས་པའི་མི་ཚེའི་ནང་གི་དགའ་སྐྱོ་ཆགས་སྡང་མང་པོ་ཞིག་བུད་མེད་དང་འབྲེལ་བ་ཆགས་ཡོད།
ཁོང་གི་བླ་མ་མར་པ་སྐུ་ན་བགྲེས་དུས་སླར་ཡང་རྒྱ་གར་དུ་ཕེབས་དོན་ཡང་ལུས་མེད་མཁའ་འགྲོའི་ཆོས་སྐོར་འཚོལ་ཕྱིར་མ་ཡིན་ནམ།
ཁོང་གི་མ་ཡུམ་དང་སྲིང་མོ། ཨ་ནེ་དང་མཛེས་སེ། གནུབས་ཁུ་ལུང་བའི་གསང་ཡུམ། ཡུམ་བདག་མེད་མ་དང་བླ་མ་རྔོག་པའི་གསང་ཡུམ།
ཐ་ན་བྲག་ཕུག་སྐམ་པོའི་ནང་སྒོམ་སྒྲུབ་གནང་དུས་ཀྱང་བྲག་སྲིན་མོ་ལྟ་བུའི་གཉུག་མར་གནས་པའི་གཞི་བདག་མོ་དག་གིས་ཁོང་གི་རྗེས་དེད་ནས་ཡོང་ཡོད།
ཡོལ་མོའི་གཞི་བདག་མོ་ཞེས་པ་ཞིག་གིས་དང་པོ་ཉིད་ནས་མཛེས་པའི་གཟུགས་བསྟན་ཏེ་བྲན་མོར་ཁས་བླངས་པ་དང་།
ཚེ་རིང་མཆེད་ལྔ་ལྟ་བུས་དང་པོར་ཉམས་སད་བར་དུ་ཤགས་བཀྱེས་མཐའ་མར་གྲོགས་སུ་གྱུར་པ་མ་ཡིན་ནམ།
ས་ལེ་འོད་དང་གཤེན་རྡོར་མོ་ལྟ་བུའི་དཀའ་ཐུབ་དྲག་པོ་བཟོད་པའི་སྒོམ་ཆེན་མ།
སྐུ་ཚེ་མཐའ་མར་དུག་ཆེན་གསོལ་ཞོ་དང་སྦྱར་ནས་འདྲེན་མཁན་བུ་མོ་གཞོན་ནུ་མ་དེ་ཡང་ཁོང་དང་ལས་ཀྱི་འབྲེལ་བ་ཡོད་པ་མིན་ནམ།
རས་ཆུང་བའི་མནལ་ལམ་དུ་ཁོང་གི་རྣམ་ཐར་སྐོར་བཀའ་འདྲི་ཞུ་དགོས་པའི་སྐུལ་མ་གནང་མཁན་དག་ཀྱང་བུད་མེད་འགའ་ཡིན་ཞིང་།
ཁོང་དག་ཞིང་དུ་གཤེགས་དུས་སུ་འཇའ་ཚོན་གྱི་ལམ་སྣ་འདྲེན་མཁན་དག་བུད་མེད་ཡིན་ལ།
ཁོང་གི་ཤུལ་བཞག་ཟབ་ཆོས་ཀྱི་བདག་པོ་ཡང་བུད་མེད་དམ་མཁའ་འགྲོ་མ་དེ་ཚོ་མིན་ནམ།
རྣལ་འབྱོར་བ་རྣམས་མི་མེད་ལུང་སྟོང་དུ་སྔོ་བསང་ནམ་མཁའི་ཀློང་དུ་དབྱིངས་རིག་དབྱེར་མེད་ངང་བཞུགས་པ་ལགས་མོད།
བདེ་བ་དང་སྡུག་བསྔལ། གདུང་ཡུས་དང་སྤྱན་ཆབ། ཉི་འོད་དང་བུ་ཡུག འཁོར་བ་དང་མྱང་འདས། ཇི་ལྟ་དང་ཇི་སྙེད་གླུ་རུ་ལེན་དུས། མཐའ་སྐོར་རམ་རྒྱང་རིང་ན་བུད་མེད་མང་ཡ།
རྗེ་མི་ལ་རས་པའི་རྣམ་ཐར་མཇལ་བའི་རྗེས་སུ།
ང་ཚོ་ནམ་ཞིག་འཁོར་བ་ལས་ཐར་ཐུབ་ཀྱང་བུད་མེད་ལས་ནམ་ཡང་ཐར་མི་ཐུབ་པའི་བདེན་དོན་ཞིག་རྙེད་བྱུང་།
རྗེ་བཙུན་མི་ལ་འཇམ་དཔལ་གྱི་སྤྲུལ་བ་ཡིན་པ་ཞིག་བཀླགས་མྱོང་། རྗེ་བཙུན་མི་ལ་བུད་མེད་ལས་ཐར་མེད་ཅེས་ཟེར་ན་ཁས་ལེན་ཐུབ་མ་སོང་། སྤྱིར་ཕོ་མོ་ཕན་ཚུན་ཆགས་པ་དེ་ཆོས་ཉིད་ཅིག་རེད་མོད། འོན་ཀྱང་ཕ་མས་གཉེན་རྟགས་བྱིན་ཟིན་པའི་མཛེས་སེ་དང་མི་ལ་གཉིས་ཀས་ཕན་ཚུན་གཅིག་གིས་གཅིག་ལ་རེ་སྒུག་བྱས་མེད་ཚོད་རེད། ཡིན་ཡང་མི་ལའི་མཐུ་ལ་སྐྲག་ནས་མཛེས་སེ་ལ་སུ་ཞིག་གིས་ལག་པ་འཆང་ཐུབ་ཡོད་པ་མ་རེད། མཛེས་སེ་དང་སྐུ་སྲིང་གཉིས་ཀ་གྲོགས་་མེད་ཁེར་རྐྱང་དུ་ཆགས་པ་རེད། དེ་ནི་ཁོང་གཉིས་ཀས་མི་ལ་སྒུག་པ་ཞིག་མ་རེད་སྙམ། ཁོང་གཉིས་ཀས་མི་ལ་འདས་ཡོད་པར་ཚོད་དཔག་བྱས་ཡོད་པ་ལས་མཇལ་འཛོམས་འོང་བའི་རེ་བ་རྨི་ལམ་ནའང་མེད་ཚོད་རེད། བྲག་སྲིན་མོ་སོགས་གཟུགས་མེད་མང་པོས་ཞབས་ཏོག་སྒྲུབས་པ་ནི་ལྟ་བ་མཐོན་པོར་སླེབས་ཚད་ལ་དེ་འདྲའི་ཞབས་ཏོག་ཡོད་ས་རེད། ང་ཚོས་གཟུགས་མེད་རྣམས་ལ་མི་དང་མི་བཞིན་འབྲེལ་བ་བྱེད་མ་ཐུབ་པ་རེད་མ་གཏོགས་གལ་ཏེ་ཐུབ་ན་གཟུགས་མེད་ཀྱི་མཛེས་ལྡན་མ་དག་ལ་དགའ་རོགས་སྒྲིག་རྒྱུ་མི་མོ་ལས་ཧ་ཅང་གི་སླ་བོ་ཡོད་ཚོད་རེད། ཨ་ལགས་ཚང་འདི་ནི་ངེད་ཀྱི་བསམ་ཚུལ་ཙམ་ཡིན། །
ནྰ་རོ་པས།
བོད་ཡུལ་མུན་པའི་སྨག་རུམ་དུ།།
གསུངས་ཡོད་དམ།
བྱང་ཕྱོགས་མུན་པའི་སྨག་རུམ་དུ།།
གསུངས་ཡོད།
་
ཐར་མ་ཐར་ནི། སྙན་དངགས་ཀྱི་གྲོས་ཙམ་ཞིག་ལས་མ་འདས་པ་ཡིན་པ་འདྲ། འོནད་ཀྱང་། རྗེ་མི་མར་མི་མོ་གཅིག་ཀྱང་མ་ཁུགས་པ་ལ། གཟུགས་མེད་མང་པོ་ཁུགས་མདོག་དེ་ཡང་། སློབ་མས་བཟོས་པའི་བཅོས་སྒྲུང་མིན་ནམ་སྙམ་བགྱིད་ཡོད།
གྲུབ་ཆེན་ནག་པོ་པའི་ཡང་སྲིད་དུ་ངོས་འཛིན་གསུང་སྲོལ་འདི་ནི། དུས་དེ་རིང་གོ་བ་དང་པོ་ཡིན། ཡིན་ན་ཡང་། ཁོང་གི་སྐུ་སྐྱེ་སྔོན་མ་དེ། གྲུབ་ཆེན་ཞིག་ཡིན་དགོས་པ་ནི། རྒྱུ་འབྲས་ཀྱི་རྟེན་འབྱུང་ལས་གྲུབ་བོ་སྙམ་མོ།།
དགེ་ལྡན་པའི་བླ་མ་མཆོད་པའི་ནང་ལ། ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉས་ཚོགས། །ཞེས་པའི་དོན་དང་སྦྱར་ནས་རྗེ་མི་ལར་གཟུགས་མེད་ཞབས་ཏོག་སྒྲུབ་མཁན་ཡོད་པ་ལ་རྩོད་པ་མེད་ཀྱང་། བདེ་དྲོད་སྤེལ་མཁན་གཟུགས་མེད་ཕོ་ཉ་ཡང་ཡོད་མི་ཆོག་པ་མི་འདུག་སྙམ་བཞིན་ཡོད།
ངས་ཀྱང་ནི་ལའི་རྣམ་ཐར་བཀླགས་ཏེ་མིག་ཆུ་རང་དབང་མེད་ཤོར་མྱོང་འོན་ཏེ་ང་ཚོ་ནི་དད་པ་དང་མིས་གུས་ནི་གློ་བོར་བ་ཞིག་ཡིན་ཚོད་འདུག་
གསང་སྔགས་བླ་མེད་ཉམས་ལེན་པ་སངས་རྒྱས་དགོས་ན་རིག་མ་མ་བསྟེན་པར་སངས་རྒྱས་སམ་?
ཕོ་མོ་མ་འབྲེལ་བའི་མི་གི་སྤྱི་ཚོགས་འཛམ་གླིང་འདིར་སུ་ལ་བསྟན་རྒྱུ་
ཡོད་དམ།
ཚེ་དབང་བསོད་རྣམ་ལགས། པདྨ་འབྱུང་གནས་མེ་ཏོག་པདྨ་ལས་སྐྱེས་པ་མ་ཡིན་ནམ། ཧ་ཧ་
སྔར་གྱི་ལོ་རྒྱུས་སམ། ནང་པའི་གཏམ་བརྒྱུད་གཅིག་པུའི་ནང་ལ་ཡང་། མི་ཡི་རྟེན་ཅན་གྱི། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་ལས་སྐྱེས་པ། རྫུས་སྐྱེས་བཅས་སྐྱེས་གནས་བཞི་ག་ཡོད་པའི་དཔེ་མཚོན་དང་བཅས་པའི་ལོ་རྒྱུཁུངས་གསུངས་ཡོད་རེད། དེ་དག་ལ་སླར་ཡང་དྲོགས་སློངགིས་ཚན་རིག་དང་མཐུན་མིན་དཔྱད་པར་འོས་སོ།།
དེ་སང་མི་ལ་རས་པའི་རྣམ་ཐར་ཟེར་བའི་དེབ་ཞིག་མཇལ་རྒྱུ་ཡོད་པ་འདི་དང་འདིའི་ནང་གང་བཤད་པ་ཚང་མ་མི་ལ་རས་པའི་རྣམ་ཐར་ཨེ་ཡིན་ནམ།
དང་བོར་མི་ལ་རས་པ་ཟེར་བའི་སྒོམ་ཆེན་པ་ཞིག་ཡོད་པ་འདྲ་ལ། རྗེས་སུ་ཁོང་གི་རྣམ་ཐར་དམངས་ཁྲོད་དུ་ཁྱབ་པ་དང་། ལོ་ངོ་མང་བོ་ཞིག་བརྒྱུད་ནས་དུས་་ཀྱི་འགྱུར་འགྲོས་ཁྲོད་ཁོང་གི་རྣམ་ཐར་ལ་འགྱུར་ལྡོན་སྣ་མང་ཞིག་བྱུང་ཡོད་སྲིད་པ་རེད།
ཕྱིས་སུ་གཙང་སྨྱོན་ཧེ་རུ་ཀའམ་རྣལ་འབྱོར་བ་རུས་པའི་རྒྱན་ཅན་ཟེར་བས་མི་ལ་རས་པའི་རྣམ་ཐར་ལ་ཁ་བསྣོན་བརྒྱབས་ཏེ་གང་རྒྱས་བྲིས་ཡོད་པས་དཔྱད་དགོས་པ་ལས་ཐ་གཅིག་ཏུ་ཡིད་ཆེ་བྱེད་ཁག་པོ་རེད།
མི་ལ་རྶ་པའི་ལོ་རྒྱུས་འབྲི་བ་ལ་རྨང་གཞི་ངེས་ཅན་འདྲ་ཡོད་པ་དེའི་སྟེང་དུ་དམངས་ཁྲོད་ཀྱི་ངག་རྒྱུན་མང་བོ་དང་མཉམ་བསྲེས་བྱས་ཡོད་པར་འདོད་ལ། དེའི་སྟེང་དུ་རྣམ་ཐར་བསྡུ་བསྒྲིགས་པ་ཁོང་གིས་ཀྱང་རྟོགས་བཟོ་དང་ཁ་བསྣོན་བརྒྱབ་དེ་རྣམ་ཐར་ཇེ་ལེགས་སུ་བཏང་ཡོད་པར་སྙམ། ་
རུས་པའི་རྒྱན་ཅན་ལྟ་བུ་ལ་མཚོན་ན་མི་ལ་རས་པའི་ལོ་རྒྱུས་ལ་དེ་འདྲའི་རྒྱུས་མངའ་ཡོད་དགོས་པའི་རྒྱུ་མཚན་ལ་ཡང་དཔྱད་དགོས་སྙམ།
སྲོང་བཙན་དབུ་ལ་འོད་དཔག་མེད་ཡོད་ཟེར་བ། གླང་དར་མགོ་ལ་རྭ་ཡོད་ཟེར་བ་དང་། ཨོ་རྒྱན་པདྨ་མེ་ཏོག་ལས་འཁྲུངས་ཟེར་བ་སོགས་ནི་རྫུན་བཟོ་ཡིན་པ་གསལ་པོ་རེད། །
པདྨ་འབྱུང་གནས་རྒྱོ་རྒན་གྲགས་ཅན་དེས།།
ཟ་ཧོར་རྒྱུལ་བའི་བུ་མོ་ཐབས་ཀྱིས་བསླུས།།
རྒྱལ་བོས་བསོད་པར་སྐྲག་ནས་བོད་ལ་བྲོས།།
ཁྲི་སོང་བཙུན་པོ་ལྐོག་ནས་གཡབ་པ་དེས།།
སྲིན་པོའི་ཡུལ་དུ་བརྫངས་པ་བོད་ལ་གྲགས།།
པདྨ་འབྱུང་གནས་རྒྱོ་རྒན་གྲགས་ཅན་དེས།།
ཟ་ཧོར་རྒྱུལ་བོའི་བུ་མོ་ཐབས་ཀྱིས་བསླུས།།
རྒྱལ་བོས་གསོད་པར་སྐྲག་ནས་བོད་ལ་བྲོས།།
ཁྲི་སོང་བཙུན་མོར་ལྐོག་ནས་གཡབ་པ་དེས།།
སྲིན་པོའི་ཡུལ་དུ་བརྫངས་པར་བོད་ལ་གྲགས།།
ཡིག་ནོར་བཅོས་རོགས
རེད་ཡ། དགེ་འདུན་ལགས་ཀྱིས་གསུངས་པ་བཞིན་་གཙང་སྨྱོན་ཧེ་རུ་ཀས་མི་ལ་འདས་ནས་ལོ་སུམ་བརྒྱའི་རྗེས་ནས་རྣམ་ཐར་རྩོམ་པ་རེད། གཙང་སྨྱོན་གྲུབ་ཐོབ་ཚད་ལྡན་ཡིན་མིན་མི་ཤེས་ཀྱང་སྙན་ངག་པ་ཞིག་ཡིན་པ་གསལ་པོ་རེད། །
མཐུ་འགྲུབ་མགྱོག་པ་ཙམ་གྱིས་གསང་སྔགས་ཀྱི་སྣོད་ལྡན་དུ་སྒྲུབ་ག་ལ་ཐུབ། ཤེས་རབ་ཅན་གྱིས་གསང་སྔགས་ལོག་ལམ་དུ་ཁྱེར་བའི་ལོ་རྒྱུས་མང་དུ་ཡོད་པ་དཔེར་ན་མི་ལས་མཐུ་བརྒྱབ་པ་ལྟ་བུ་དང་། འཁྱེར་བཞིན་པའང་མང་དུ་ཡོད་པ་གསང་སྔགས་ཁྲོམ་སྒྲོག་བྱེད་པའི་རྒྱལ་ཕྱི་ནང་གི་ཆོས་ཚོང་པ་འདི་དག་ལྟ་བུའོ།།
མཐུ་འགྲུབ་མགྱོག་པ་ཙམ་གྱིས་གསང་སྔགས་ཀྱི་སྣོད་ལྡན་དུ་སྒྲུབ་ག་ལ་ཐུབ། ཤེས་རབ་ཅན་གྱིས་གསང་སྔགས་ལོག་ལམ་དུ་ཁྱེར་བའི་ལོ་རྒྱུས་མང་དུ་ཡོད་པ་དཔེར་ན་མི་ལས་མཐུ་བརྒྱབ་པ་ལྟ་བུ་དང་། འཁྱེར་བཞིན་པའང་མང་དུ་ཡོད་པ་གསང་སྔགས་ཁྲོམ་སྒྲོག་བྱེད་པའི་རྒྱལ་ཕྱི་ནང་གི་ཆོས་ཚོང་པ་ཤེས་རབ་ཅན་འདི་དག་ལྟ་བུའོ།།
གུ་རུ་མཚན་བརྒྱད་ཀྱི་ཁུངས་བཅོལ་རྣམ་ཐར་གང་དང་གང་ཡོད་དམ། རྗེ་འབངས་ཉེར་ལྔའི་རྣམ་ཐར་དང། མར་མི་དྭགས་གསུམ། དེ་བཞིན་ཇོ་རྔོག་འབྲོམ་གསུམ། ས་སྐྱའི་རྗེ་བཙུན་གོང་མ་ལྔ་དང་། དགེ་ལྡན་པའི་རྗེ་ཡབ་སྲས་རྣམ་གསུམ། ད་དུང་སྤྱན་རས་གཟིགས་ཀྱི་སྤྲུལ་པ། ཕྱག་རྡོར་གྱི་སྤྲུལ་པ། རྗེ་བཙུན་སྒྲོལ་མའི་སྤྲུལ་པ་སོགས་དང་། ལྷག་པར་དུ་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་སྐོར་ལ་རྣམ་ཐར་ཡ་མཚན་པ་ཙམ་ལ་ཆ་འཇོག་མ་བཞག་པར། གསུང་རབས་སམ། གསུང་འབུམ་སོགས་ལ་འཆད་རྩོད་རྩོམ་གསུམ་དང་།དཔྱད་གསུམ་གྱིས་དག་སེལ་ཐུབ་ན་ལེགས། དེ་མིན་ཕྲག་དོག་ལོང་མིག་གིས་གང་ཡང་མཐོང་མི་སྲིད་པས། ཀུན་གྱིས་གཟབ་པར་འཚལ་ལོ།།
སྔགས་པས་གཡང་ཁུག་བྱེད་པའི་དུས།
དགེ་སློང་གྲོང་ཆོག་བྱེད་པའི་དུས།
ཆོས་མཁན་ཕོ་ཧྲང་འགྲིམ་པའི་དུས།
བུད་མེད་སྐྱེ་པ་སློང་བའི་དུས།
སྐུ་གསུང་ཐུགས་རྟེན་ནོར་ལ་བརྗེ་བའི་དུས།
མི་བཟང་པོ་མི་གཙོ་ངན་པ་གཙོ།
ཚེ་འཆི་མ་མི་དྲན་འདི་སྒང་གཙོ།
པོ་ཏ་ལའི་དཔེ་མཛོད་ཁང་དུ་སྔ་མོར་མི་ལའི་རྣམ་ཐར་རྒྱས་བསྡུས་དུ་མ་བཞུགས་ཡོད་པར་གྲགས། དེང་གི་ཆ་ཡང་དུ་མ་ཡོད། རྩ་བའི་ཆ་ནས་བརྗོད་བྱ་གཅིག་པ་ཡིན། རུས་པའི་རྒྱན་ཅན་གྱིས་དཔྱད་གཞི་དེ་དག་ལ་བརྟེན་ནས་བྲིས་པ་རེད། གཙང་སྨྱོན་མི་ལ་ལས་ལོ་བརྒྱ་ཕྲག་ཁ་ཤས་རྗེས་ནས་བྱུང་བས། དེས་བྲིས་པའི་རྣམ་ཐར་ལ་དེ་ཙམ་ཡིད་ཆེས་མེད་མདོག་བཤད་པ་ནི་བླུན་གཏམ་ཉི་ཚེ་བ་ཞིག་རེད། གཙང་སྨྱོན་གྱིས་རྣམ་ཐར་འབྲི་དུས་དཔྱད་གཞི་ཡིག་ཆ་དུ་མ་ལ་ཁུངས་བཅོལ་ཏེ། ཚིག་སྦྱོར་དང་སྙན་ཚིག་གིས་ཟུར་བརྒྱན་ནས་རྒྱས་སུ་གཏོང་བ་ཙམ་རེད། རྩ་བའི་རྣམ་ཐར་གྱི་བརྗོད་བྱ་ལ་ཁྱད་པ་མེད། གང་ཟག་དེའི་ལོ་རྒྱུས་བྲི་དུས་འབྲི་མཁན་དང་ལོ་དུ་མའི་བར་དུ་ཆོད་པས་ཆ་འཇོག་བྱེད་མི་འོས་ན། དེང་གི་ལོ་རྒྱུས་ཞིབ་འཇུག་པས་བྲིས་པའི་ལོ་རྒྱུས་གཅིག་ཀྱང་ཆ་འཇོག་མི་འོས་པ་ཐལ་བ་དང་། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཡོངས་རྫོགས་ཡིད་རྟོན་མི་འོས་པ་འགྱུར་བ་དང་། རྣམ་ཐར་ནང་ནས་རང་རྣམ་ཡིན་ན་མ་གཏོགས་ཆ་འཇོག་མི་འོས་པ་འགྱུར་བ་སོགས་གནོད་བྱེད་མང་ངོ་།། སྐད་ཆ་བསམས་ནས་མ་བཤད་ན་བླུན་ཚིག་དག་གིས་རང་གཞན་སུ་ལའང་ཕན་མི་ཐོགས།
མྱི་ལགས། ཁྱེད་ཀྱིས་བཀའ་ཆེམས་ཀ་ཁོལ་མ་བཀླགས་ཨེ་མྱོང་། དེར་ཅིག་ལྟོས་དང་དེ་ནས་སྔ་རབས་ལོ་རྒྱུས་དུ་མར་ཞིག་ལ་ཡིད་རྟོན་མི་རུང་བ་ཧ་ཅང་གིས་རྟོགས་སླ། །
གཡུ་ཐོག་སྙིང་ཐིག་གི་ཆོས་བརྒྱུད་ལ་འཁོར་བ་ལས་ཐར་ནས་འདོད་་ཆགས་ལས་མ་ཐར་བ་ཞིག་མཇལ་མ་སོང་ ཡིན་ན་ཡང་བྱང་ཆུབ་སེམས་པས་་ཆེད་དུ་གཉེར་ནས་གཞན་དོན་བྱེད་པའི་ཡན་ལགས་ཀྱི་དཔྱོད་ཡུ་ལ་་གཟུགས་སོགས་ནང་ནས་བོད་མེད་ཡང་ཡོད་གལ་ཏེ་དེ་རྒྱུ་ཚན་ཟུང་ནས་བོད་མེད་ལས་མ་ཐར་བ་ཞེས་པའི་ཚིག་དེ་ཁྱེར་ཡོང་ན་རང་ཉིད་ཀྱང་ཕོ་མཆོག་མོ་སྨན་འཛིན་པའི་ཀླད་རྙིང་གི་གོང་བུ་འབའ་་ཞིག་ལས་ཡང་དག་པའི་ལྟ་བའིགཡུ་ཐོག་སྙིང་ཐིག་གི་ཆོས་བརྒྱུད་འཛིན་པའི་ཞབས་ཐན་པ་ཞིིགས་ལས་ངོ་འཚར་ཆེ་བ་གང་ཡང་མཐོང་མ་སོང་
མངོན་མཐོ་མི་ཡིས་མགོ་འཕང་ལ་བུ་མོ་དང་བུ་གཉིས་ལས་དེ་གཉིས་ཀ་ཐོབ་བྱ་ཡིན་པ་ལས་དེ་ནས་བོད་མེད་སྤང་བྱར་བཤད་པའི་་བོད་ཀྱི་ཆོས་བརྒྱུད་གང་དུ་ཡང་མེད་
འོ་ཀྱང་ཤ་རུས་གཅིག་པའི་ཤེས་ལྡན་པ་རྣམས་ཡང་གཡོལ་དཀའ་བས་རང་མི་རིགས་ཀྱི་ནུས་སྟོབས་འོ་ཆུ་ཅིག་སྒྲིལ་་ལ་གནོད་པའི་ཆོས་ལུགས་ཐན་ཁྱེར་ཆོལ་ཁ་ཐན་ཁྱེར་རང་བཙན་དབུ་མ་ཐན་ཁྱེར་ཕོ་མཆོག་མོ་མཆོག་ཐན་ཁྱེར་སོགས་ལ་དབྱིང་ནས་མ་འོང་བོད་ཀྱི་མི་རབས་རྗེས་མ་ར་ཁོང་ཚོས་ཤུལ་ཞགས་ངན་་པའི་མྱུ་་གུ་་འདི་ལྟུ་བུ་དང་ལྟོག་གེ་བ་ཚོས་ནམ་་ཞིགས་བསྟོན་པ་ལ་ཡང་དེ་ལྟ་བུ་བྲི་སྲིད་པ་རེད་རྒྱུ་མཚན་ནི་ཁོང་མཚོས་མཐོང་མ་སོང་ཟེར་་བ་དེ་རེད
པད་མ་འབྱུང་གནས་ཀྱི་བཀའ་དྲིན་ལས་བོད་ནང་སྔགས་པ་རྒྱོ་རྒན་མང་པོ་བྱུང་ཡོད་
རང་རྣམ་མ་ཡིན་པའི་ལོ་རྒྱུས་གཞན་གྱིས་བྲིས་པ་ཚང་མ་
ཕྱོགས་ཞེན་ལ་འགན་འཁུར་ནས་བྲིས་རྩོམ་ལ་སོང་དེ་ཙམ་
གྱི་ཆ་འཇོག་དང་ཡིད་ཆེས་གཏོད་ཐུབ་པ་དཀའ་ལ་གཞི་བཞག་
ས་ངོ་མ་རང་གི་བྲིས་པའི་རྣམ་ཐར་དང་རྒྱལ་རབས་སོགས་ལས་གཞན་དུ་ཨ་ཡོད་ལ་དེང་སང་བོད་ཕྱི་ནང་གཉིས་སུ་བརྩམས་དེབ་མང་པོ་འཐོན་བཞིན་པ་ནས་བལྟ་ཀློག་བྱ་མི་ཧ་ཅང་གི་ཉུང་ཉུང་ཡིན་པ་ནི་བརྩམས་དེབ་དེ་ཚོའི་ནང་དོན་ལ་རོ་བཅུད་མེད་པའི་སྐྱོན་ཞིག་མིན་ནམ་བསམ།
མི་ལ་རས་པ་དང་གཅིག འབྲུག་པ་ཀུན་ལས་དང་གཉིས་ནི། ཡོངས་གྲགས་སུ་བོད་ནང་གྲུབ་ཆེན་དུ་བརྩིས་བཞིན་འདུག འོ་ན། ཨ་ཁུ་སྟོན་པ་འདི་ལོ་རྒྱུས་མི་སྣ་ཞིག་མིན་པར། འཆར་ཡན་པའི་བཅོས་སྒྲུང་ནང་གི་མི་ཞིག་ལ་ངོས་་འཛིན་བྱས་སམ། ཡང་ན། ཁོང་ཡང་་་་་་ མི་དངོས་གནས་ཤིག་བྱུང་བ་རེད། ལགས།
འདིའི་རིགས་ཡོངས་རྫོགས་འཛམ་གླིང་གེ་སར་རྒྱལ་བའི་སྒྲུང་དང་གཅིག་པ་རེད།
དྲི་བ་འདི་ལནགནང་ན་བཀྲིན་ཆེ།
རྗེ་ཚོང་ཁ་པ་འཇམ་དབྱངས་དངོས་སུ་ཞལ་མཇལ་པ་རེད་དམ། ཁོང་གི་རྨི་ལམ་ཡག་པོ་་ཞིག་རྨིས་སམ།
རྗེ་ཙོང་ཁ་བས་རྗེ་བཙུན་འཇམ་པའི་དབྱངས་ལ་དངོས་སུ་མི་དང་མི་འཕྲད་པ་བཞིན་གྲོས་མོལ་གནང་བའི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་བླ་མ་དབུ་མ་བས་ཀྱང་འཇམ་དབྱངས་ལ་དངོས་སུ་ཇི་འདོད་ལྟར་བཀའ་འདྲི་ཞུ་ཐུབ་ཀྱི་ཡོད་པ་རེད། རྗེ་ཙོང་ཁ་བས་གཟིགས་པའི་འཇམ་པའི་དབྱངས་དེ་སྐུ་མདོག་དམར་སེར་གསེར་བཙོ་མའི་མདོག་ལྟར་ཡིན་པ་དང་། བླ་མ་དབུ་མ་བས་གཟིགས་པ་དེ་འཇམ་དབྱངས་སྐུ་མདོག་མཐིང་ནག་ཞིག་ཡིན་པ་ཡོད་བསམ་བྱུང་། འདི་དག་ནི་ལོ་རྒྱུས་ཚད་ལྡན་ཡིན་པའི་ཡིད་ཆེ་ཡོད། །
རྒྱལ་སྲས་ཞི་བ་ལྷས།
གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་དཔལ་དྦཡངས་ལ་ཕྱག་འཚལ་ལོ། །ཞེས་དང་།
རྗེ་བླ་མས།
བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་པ་དག་ནི། རྨོངས་དད་ཙམ་མ་ཡིན་པར། དངོས་དང་བརྒྱུད་ནས་འཕགས་པ་འཇམ་དཔལ་དབྱངས་ཞལ་གཟིགས་བྱིན་གྱིས་བརླབས་པའི་རྟགས་སུ་དེ་དག་གི་གསུང་བྲིས་ལས་ཤེས་ཐུབ་བོ་སྙམ་ལགས།།
རོ་དངོས་གྲུབ་རྡོ་རྗེའི་སྒྱང་དང་། སྒྲོལ་བ་བཟང་མོའི་སྒྲུང་། གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་ནི། སྒྲུང་ཙམ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐོར་ནི། ལོ་རྒྱུས་རེད། རྒྱ་གར་གྱི་ཏི་ལོ་ན་རོ་དང་། བོད་ཀྱི་མར་མི་དག་གསུམ་གྱི་སྐོར་ནི། རྣམ་ཐར་རེད། དེ་དག་གསུམ་འབྲེལ་མེད་དོན་གཞན་ཞིག་མིན་ན་ཡང་། སོ་སོའི་ཁུངས་འོངས་ལུགས་དང་ཁུངས་བཙན་ལུགས་ལ་དཔྱད་པ་བྱེད་སྟངས་མ་ནོར་བ་ཞིག་དགོས་གལ་ཆེ་བ་འདུག་གདའ།། །།
ལ་སོ། བཀྲིན་ཆེ། ང་ནི་ཆོས་རྒྱུད་དགེ་ལུགས་མིན་ཡང་༧ཆོས་རྗེ་ཙོང་ཁ་པ་ཆེན་པོར
་དད་པ་འདུན་ཆེན་པོའམ་ཡིད་ཆེས་ཡོད། ཁོང་གི་གསུང་རབ་ལ་དད་རྟེན་དུ་ཉར་ཚགས་ཞུ་གུས་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ། སྐུ་ཉིད་ནས་ཆོས་རྒྱུད་གཞན་གྱི་ལོ་རྒྱུས་ལ་ཐེ་ཚོམ་ཡོད་གསུངས་པས་དེ་རྟེན་བཀའ་འདྲི་ཞུ་་ཡིན། ཁྱེད་ཀྱི་མཆན་ལ་གཟིགས་དང་། འདི་ལྟར་། “སྲོང་བཙན་དབུ་ལ་འོད་དཔག་མེད་ཡོད་ཟེར་བ། གླང་དར་མགོ་ལ་རྭ་ཡོད་ཟེར་བ་དང་། ཨོ་རྒྱན་པདྨ་མེ་ཏོག་ལས་འཁྲུངས་ཟེར་བ་སོགས་ནི་རྫུན་བཟོ་ཡིན་པ་གསལ་པོ་རེད། །” འདིའི་ལོ་རྒྱུས་ལ་ཡིད་ཆེས་མེད་གསུངས་པ་འདི་འདྲ་ལ་བརྟེན་ནས་བོད་རྒྱུད་ནང་བསྟན་རྩ་ཆེན་རང་གིས་རང་ལ་ནག་ཐིག་བྱ་ཨི་ཐུབ་བརྩོན་པས་་་དུས་ད་ལྟའི་བོད་པའི་གནས་སྟངས་འདི་འངྲ་ཆགས་རེད། ང་ཚོས་ཆུ་བོར་གྱི་མིག། དུག་ལྔ་ཕྲག་དོག་ཅན། ཕྱོགས་རེས་ཆགས་སྡང་ཅན་ཡིན་པས་གཟབ་གཟབ་གནང་རོག རང་ཕྱོགས་ལོ་རྒྱུས་ལ་ཡིད་ཡོད་ཟེར་གཞན་ལ་མེད་ཟེར་བ་སུས་རྣ་ལམ་དུ་འགྲོ་དཀའ་བས། ཐུགས་བསྒྱུར་བཅོས་གཏོང་ཐུབ་ན་དགེ
ཨ་ཤོ་ལགས། ང་ལ་ནི་ཆོས་བརྒྱུད་ཀྱི་ཕྱོགས་རིས་ཟེར་བ་ཞིག་གཏན་ནས་མེད། ཨོ་རྒྱན་རིན་པོ་ཆེན་ནི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པའི་ཡིད་ཆེ་ཡོད། འོན་ཀྱང་རྫུས་སྐྱེས་ཡིན་མིན་ནི་ལོ་རྒྱུས་སྨྲ་བ་དག་གིས་གསུངས་ལ་དཔག་ན་རྫུས་སྐྱེས་ཡིན་པར་ཡིད་རྟོན་བྱེད་དཀའ། སྲོང་བཙན་གྱི་རྣམ་ཐར་གྲགས་ཅན་བཀའ་ཆེམས་ཀ་ཁོལ་མར་གཟིགས་དང་རྫུན་བཟོ་ཡིན་མིན་ཧ་ཅང་གི་རྟོགས་སླའོ། མདོར་ན་སྲོང་བཙན་དབུ་ལ་འོད་དཔག་མེད་ཀྱི་སྐུ་ཡོད་མེད་དང་པད་འབྱུང་རྫུས་སྐྱེ་ཡིན་མིན་དང་། གླང་དར་མགོ་ལ་རྭ་ཡོད་མེད་སོགས་ནི་ལོ་རྒྱུས་སྨྲ་བ་པོ་དག་གིས་གསུངས་ཡོད་པས་དེ་ལ་ཡིད་རྟོན་རུང་བར་སྙམ་མོ། འདི་ནི་ཆོས་ལུགས་ཀྱི་ཕྱོགས་རིས་མིན། གང་ལ་རྒྱུ་མཚན་ཡོད་མེད་ཀྱི་ཡིན། །
ཁྱེད་ནི་ཆོས་ལུགས་ལ་ཕྱོགས་རེས་མེད་མཁན་ཅན་རེད་ཤག ཤ་ཟ་གིས་ཤ་ཁུ་མཐུང་གིས་ཡིན་ཟེར་བ་བཞིན་ནོ། ཨ་ལ་རྩེད་མོ་་་་་་དེང་སང་དུས་ཚོད་ལའང་མི་ལ་ལར་རྔ་མ་ཡོད་མཁན། མགོ་ལ་ར་ཡོད་མཁན་། ཡག་ས་ནས་ཞུས་ན་་་་སླིབ་དཔོན་ཐོགས་མེད་ཀྱིས་ཀྱང་བྱམས་པ་མཇལ་ནད་གཞན་ལ་བསྟན་ནའང་སུས་མ་མཇལ་རང་སྣང་མ་དག་ཚར་ན་དེ་ལྟར་ཡིན། ས་སྐྱའི་བླ་བཅོ་བརྒྱད་ཁྲི་ཆེན་གྱིས་གླིང་རིན་པོ་ཆེ་ནི་་་འཇིགས་བྱེད་དགོས་སུ་སྐུ་བཞུགས་ོ་ཅན་ཡིན་་དབུ་ཐོད་མ་ཧེ་ར་མངོན་སུམ་མཇལ་མྱོང་གསུངས་པའང་ད་ཡིད་ཆེས་མ་བྱས་ན་ཆོག་གམ ཧཧ་་ད་ཁྱོད་ལྟ་བུ་ལ་་མ་མཐོང་ཕྱིར་མེད་པ་ཡིན་ཟེར་བ་དེ་རེད་མི་འདུག་གམ་་་
ཁྱེད་ནི་ཆོས་ལུགས་ལ་ཕྱོགས་རེས་མེད་མཁན་ཅན་རེད་ཤག ཤ་ཟ་གིས་མེད་ཤ་ཁུ་མཐུང་གིས་ཡིན་ཟེར་བ་བཞིན་ནོ། ཨ་ལ་རྩེད་མོ་་་་་་དེང་སང་དུས་ཚོད་ལའང་མི་ལ་ལར་རྔ་མ་ཡོད་མཁན། མགོ་ལ་ར་ཡོད་མཁན་། ཡག་ས་ནས་ཞུས་ན་་་་སློབ་དཔོན་ཐོགས་མེད་ཀྱིས་ཀྱང་བྱམས་པ་མཇལ་ནས་གཞན་ལ་བསྟན་ནའང་སུས་མ་མཇལ་རང་སྣང་མ་དག་ཚར་ན་དེ་ལྟར་ཡིན། ས་སྐྱའི་བླ་བཅོ་བརྒྱད་ཁྲི་ཆེན་གྱིས་གླིང་རིན་པོ་ཆེ་ནི་་་ཡི་དམ་འཇིགས་བྱེད་ས྄ངྐུ་ས་སུ་སྐུ་བཞུགས་པ་ཅན་ཡིན་་དབུ་ཐོད་མ་ཧེ་ར་མངོན་སུམ་མཇལ་མྱོང་གསུངས་པའང་ད་ཁྱེད་ཡིད་ཆེས་མ་བྱས་ན་ཆོག་གམ ཧཧ་་ད་ཁྱོད་ལྟ་བུ་ལ་་མ་མཐོང་ཕྱིར་མེད་པ་ཡིན་ཟེར་བ་དེ་རེད་མི་འདུག་གམ་་་
ས་སྐྱའི་ཁྲི་ཆེན་བཅོ་བརྒྱད་པས་ཡོངས་འཛིན་གླིང་རིན་པོ་ཆེའི་དབུ་ན་རྭ་གཉིས་ཡོད་པ་་དེ་འདྲ་ཞིག་གཟིགས་པ་རེད་ཅེས་ཐོས་མྱོང་། འོན་ཀྱང་དེ་དག་ནི་གང་ཟག་བྱེ་བྲག་པ་ཞིག་གི་དག་སྣང་རེད། མ་འོང་པ་ན་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་དང་དབུ་གཉིས་སྐྱར་དུ་འབྱར་ནས་འགྲོ་དོན་བྱེད་ཟེར་བ་དང་། རྗེ་རིན་པོ་ཆེ་སྐུ་གདུང་ཟ་མ་ཏོག་ཀྱང་དངོས་སུ་སླར་ཡང་བཞེངས་ནས་འགྲོ་དོན་བྱེད་ཟེར་བ་སོགས་ཐུའུ་བཀྭན་གྱིས་འདི་དག་ནི་ཚད་མའི་སྐྱེ་བུ་འགས་དག་སྣང་དུ་གཟིགས་ནས་སྨོས་སོ་ཟེར་བ་སོགས་ལ་བདག་ལྟ་བུས་ཡིད་རྟོན་ནམ་ཡང་མི་བྱེད་དོ། གང་ཟག་བྱེ་བྲག་པ་ཞིག་གིས་དམྱལ་བ་དག་ཞིང་དུ་གཟིགས་པ་དང་དག་ཞིང་དམྱལ་བ་གཟིགས་པ་སོགས་ནི་གང་ཟག་བྱེ་བྲག་པ་ཞིག་གི་ལས་དབང་ལས་བྱུང་བ་རེད། དེ་དག་ལ་དུས་ནམ་ཀུན་ཏུ་ཡིད་རྟོན་ག་ལ་རུང་། །
རྟ་བདུན་དབང་པོ་ལགས་
ས་སྐྱའི་ཁྲི་ཆེན་བཅོ་བརྒྱད་ཟེར་བ་སུ་རེད་?
གང་ཟག་བྱེ་བྲག་པ་ཟེར་དུས་མི་གཅིག་ཁོ་ན་ལའང་མི་གོ་མི་དགོས་་་ཅི་སྟེ་ཡིན་དུ་ཆུག་ན་ཁྱེད་རང་དང་དེ་འདྲ་བའི་ལི་རྒྱུས་སྨྲ་བ་ལ་ལ་གོ་ན་ཆོག་་་འོན་ཀྱང་ངས་ཀྱང་སྐུ་ཉིད་འདོད་བློ་ནི་བྱེ་བྲག་ཡིན་ཙང་ངས་ཁས་ལེན་མི་ཐུབ་ཞུས་ཡག་ཡིན་་་
༄༅། རྗེ་བཙུན་མི་ལས།
ཕྱུག་པོ་ཐམས་ཅད་ཡོད་སྡུག་རེད། དབུལ་པོ་ཐམས་ཅད་མེད་སྡུག་རེད།
ཡོད་མེད་གཉིས་ཀ་སྡུག་བསྔལ་ཡིན། དམ་ཆོས་ནུས་ན་སྐྱིད་དང་མཇལ།
ཞེས་གསུངས་པ་ཅི་ནས་བདེན་ནོ། སྐྱབས་སུ་མཆི།