འཇིག་རྟེན་གྱི
སྙིང་གཏམ་ཡོད་ཚད
ཁ་སང་ནས་མཇུག་རྫོགས་པ་འདྲ
ར་བཟི་ལས་སངས་རྗེས
མཛོད་ཆེན་ཞིག་ཡིན་སྙམ་པའི་སེམས་པ
ད་གཟོད་སྟོང་སང་སིང ཧ་ཅང་སྟོང་སང་སིང
གཅིག་བྱས་ན
འདི་ནི་གྱེས་ཕྱག་ཅིག་ཡིན་སྲིད
དེ་མིན་ཚེ་མཚན་ཉིད་རིག་པ་པའི་བཤད་ཕྱོགས་ལྟར
སྐད་ཅིག་གཉིས་པར་མ་སླེབས་པའི་གསར་སྐྱེས་ཤིག་ཡིན་སྲིད
གང་ལྟར གཞི་ནས་འབྲེལ་འདྲིས་བྱེད་དགོས་པའི
དེ་རིང་གི་རང་ཉིད
བྱིས་པ་ཞིག་སློབ་ཆུང་ལ་སོང་བ་དང་འདྲ་ལ
སློབ་རིམ་དང་པོའི་བསླབ་དེབ་ལ་ཅེར་བའི་མིག་ཟུང་དེར་ཡང་འདྲ
འགྲོ་བ་མི་རྣམས་ལགས
སྐུ་ཁམས་བཟང
འོན་ཀྱང མཚམས་ལན་རེར
འཇིག་རྟེན་ནི་གསོན་མྱོང་བའི་མི་ཞིག་དང་འདྲ
དེའི་རྐྱེན་གྱིས
བྱ་སྤྱོད་ཡོད་ཚད་ལ་བསྐྱར་བཟློས་ཡོད་པར་འཁང་ར་མི་བྱེད
༢༠༡༣།༡།༡༥ ཉིན།
1 འདི་ནི་གྲོགས་ར་བྷ་དང་བྷ་ཀློའི་གཉིས་ལ་ལེགས་སྐྱེས་ཡིན།
ཞེད་སྣང་།
ཉིན་འདི་འགར
ང་རྨི་ལམ་ལས་ཡང་ཡང་སད་ཀྱི་འདུག
གཉིད་ལམ་དུ་སྡུག་བསྔལ་ཡོད་པ་ཅི་ཡིན་ནམ
ཨ་མ
ང་རང་མེ་ལྕེ་དམར་པོའི་ཁ་གཏད་དུ་འདུག་བཟོད་དཀའ་ཞིང
མིག་ཆུའི་ཆར་རྒྱུན་ཐེངས་འགར་བབས
ཐེངས་འདི་དག་གི་ཞོགས་པར
ངས་སྔས་འབོལ་བཟུང་ནས་ཉི་མར་སྐམ་ཞིང
སྡུག་བསྔལ་གྱི་འོབས་དོང་ཡང་ནས་ཡང་དུ་མཐོང
༢༠༡༣།༡།༡༥ ཉིན།
ང་རྨོངས་གཉིད་ཀྱིས་བཙན་གནོད་འོག་མགོ་བོ་གྱེན་ལ་འདེགས་དཀའ་ཞིང་མིག་ཟུང་ཕྲད་ལ་
གཅེར་མི་ཐུབ།
རེད་ཡ་མེ་མུར་གྱི་འོད་མདའ་འཕེན་ཐེངས་རེར་དགའ་བ་དཔག་མེད་ཅིག་སྐྱེ་མྱོང་ལ།
ཡང་སྐབས་རེར་ལ་རྒྱའི་གླུ་ཆུང་འགའ་འཐེན་མྱོང།
ཡིན་ཡང་མེ་དམར་དྲག་ཏུ་ཕྱུར་སྐབས་ད་ད་ཞེས་གསལ་ལ་མི་གསལ་བའི་སྐད་ངག་སྙོམ་པོས་
གདུང་འབོད་རེ་ཡང་བྱེད་མྱོང་ལ།
འོན་ཀྱང་དེ་ནི་རྨེང་བརྟན་པའི་ལྷུན་པོའི་བརྗིད་ཉམས་ཤིག་བརྩི་སྟེ།
དཔའ་བའི་ཟུར་འདུག་ཙམ་རེ་བྱས་ཏེ།
ཡང་སྔར་བཞིན་ལ་རྒྱའི་གླུ་མ་མཁས་པའི་མཆུ་རྩེ་ནས་འཐོར་བའི་སྙན་ངག་འགའ་དབྱངས་
ལ་བསྐྱོན་བཞིན་ཁ་ཕོད་ཐུག་པོའི་ཧར་མཆོངས་འགའ་ཡང་བྱེད་མྱོང་
མདོར་ན་དྲག་རྩུབ་ཀྱི་བཙན་འཕྲང་དེ་རྒྱུ་སྐབས་འདི་ཡིན་དང་འདི་མིན་གྱི་ཟློས་ས་མེད་པར་
གང་འབྱོར་གྱི་ལ་གླུ་རེ་འཐེན་མྱོང་འདུག་