ལུང་རྟོགས།
ཁ་བ་དཀར་པོ་ས་འཛིན་དབུ་རྩེར་འཁྱུད།།
ལོ་མ་ཐར་ཐོར་རླུང་བུས་ཕྱོགས་སུ་ཁྱེར།།
ངེས་གཏན་མེད་པའི་འཁྱམ་པོའི་སེམས་པ་འདི།།
དགུན་གྱི་ལྷག་རླུང་ཁྲོད་ན་འདར་སིག་སིག །
ཉི་མ་སེར་པོ་ནུབ་རིའི་ཕག་ཏུ་ཡིབ།།
འདབ་ཆགས་ཚོགས་རྣམས་དལ་བུས་ཚང་དུ་ལོག །
ཕ་ཡུལ་བྲལ་བའི་མི་ཡི་སེམས་པ་འདི།།
དུས་ཀྱི་མུན་པའི་ཀློང་ན་སྐྱོ་ལྷང་ལྷང་།།
ཟླ་འོད་དྭངས་མོ་ནོར་འཛིན་ལྟོ་རུ་སྐྱིལ།།
བསིལ་རླུང་འཇམ་པོས་ལུས་ཀྱི་བ་སྤུ་ལྡང་།།
གཏད་སོ་མེད་པའི་ཁེར་རྐྱང་སེམས་པ་འདི།།
འཇིག་རྟེན་འཁོོར་བའི་གྲོང་ན་དབེན་ཐིང་ཐིང་།།
ཁ་བའི་འཁྱམ་པོས།
ཁ་བའི་ལྗོངས་སུ་ཁ་བ་དཀར་པོས་འཁྱུད། །
ཁ་བ་རི་པ་ཐར་ཐོར་རླུང་བུས་ཁྱེར། །
ངེས་གཏན་མེད་པའི་ཡུལ་དུ་འཁྱམས་དགོས་ཀྱང་། །
ངེས་གཏན་ཡོད་པའི་ལས་འགུལ་གང་མང་བརྩམས། །
འཁྱམ་པོ་རྒྱལ་ལོ། །