ངག་དབང་དགེ་ལེགས།
སྲིད་སྐྱོང་དང་བཀའ་བློན་ཚོའི་ལས་ཀ་བྱེད་སྟངས་ལ་ངོ་རྒོལ་བྱས་ན། བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་རེད་ཅེས་འབད་པ་བྱེད་མཁན་འདུག ཨེ་འབྱོར་མི་འབྱོར་རྡོ་ཆག་བཙན་སྒྲིག་བྱས་ནས་བོད་གཞུང་ངམ་བོད་མིིའི་སྒྲིག་འཛུགས་ལ་ངོ་རྒོལ་རེད་ཅེས་ལབ་དོན་ཅི་རེད། དེ་དག་གིས་ག་རེ་བསམ་གྱིན་ཡོད་པ་ཡིན་ནམ། ང་ཚོས་གཡམ་རྒྱུག་བྱེད་མི་རུང་། བློ་བཟང་སེང་གེ་ལབ་ན་བོད་གཞུང་ཨེ་རེད། བཀའ་བློན་ཚོ་ལབ་ན་བོད་གཞུང་ཨེ་རེད།
ཡང་ན། བཀའ་ཤག་ཅེས་ལབ་ན་བོད་གཞུང་ཨེ་རེད། སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་ཡོད་ལབ་ན། བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་ཨེ་རེད། ད་རེས་ཀྱི་ངོ་རྒོལ་གནས་སྟངས་འདིའི་ནང་ན། སྲིད་སྐྱོང་དང་བཀའ་བློན་ཚོ་ལས་མི་འདུག སྲིད་སྐྱོང་གི་ལས་རོགས་ཚོས་གྲུབ་པའི་ད་ལྟའི་བཀའ་ཤག་ལས་མི་འདུག འདི་ཚོ་ཟུར་དུ་ཕྱུངས་ཚར་བ་ཡིན་ན། ད་གཟོད་ང་ཚོས་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཟེར་བ་ནི་ལོགས་ཤིག་ན་ཡོད་པ་དེ་མཐོང་ཐུབ། མི་འགའ་རེས་ཨེ་འབྱོར་མི་འབྱོར་གྱིས་ད་རེས་ཀྱི་ངོ་རྒོལ་འདི་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་རེད་ཟེར་དོན་ནི། དངོས་ཡོད་གནས་སྟངས་ཤིག་ནག་ཁུང་དུ་འདེད་བསམ་པ་དེ་ཙམ་རེད། དེའི་དམིགས་ཡུལ་གཅིག་རང་རེད། དོན་དངོས་ཤིག་ནག་བསུབ་གཏོང་འདོད་པ་དེ་རེད།
ད་དུང་མུ་མཐུད་དྲི་བའི་རྣམ་པ་ནས་གླེང་ན། རྒྱལ་ཁབ་ཟེར་བ་ཅི་ཞིག་རེད། གཞུང་ཟེར་བ་ཅི་ཞིག་རེད། གཞུང་འཛིན་མི་སྣ་ཟེར་བ་ཅི་ཞིག་རེད། ཁྲིམས་ཟེར་བ་ཅི་ཞིག་རེད། དབང་ཆ་ཟེར་བ་ཅི་ཞིག་རེད། དེ་ནས་ད་དུང་གང་ཟག་གི་དབང་བསྒྱུར་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་བ་རེད། ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་བ་རེད། མི་མང་ལབ་ན་ག་རེ་རེད། འཛིན་སྐྱོང་ལབ་ན་ག་རེ་རེད། འདི་ཚོ་ནི་ངོ་བོ་དང་རྣམ་པ་གཅིག་ཉིད་དང་ལྡན་པར་འགྲེལ་བཤད་རུང་བ་དེ་འདྲ་ཆགས་ཀྱི་ཡོད་པ་མ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་འདི་མཚམས་རེར་གནས་ལུགས་ཀྱི་ལྡོག་ཕྱོགས་སུ་ཟགས་འགྲོ་བ་འདི་ཡ་མཚན་རེད།
ཁ་སང་དེ་རིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་པྱོགས་ཁག་གཉིས་ཆགས་འདུག ཕྱོགས་ཁག་གཅིག་གིས་བདེན་པ་གཙིགས་སུ་བཟུང་། གནས་ལུགས་ལ་བརྩི་སྲུང་བྱས་ནས་མིག་མདུན་གྱི་དཀའ་ངལ་དང་གནས་སྟངས་ཤིག་གླེང་གིན་འདུག ཕྱོགས་ཁག་གཅིག་གིས་དངོས་ཡོད་གནས་སྟངས་འཁྱོག་བཤད་བྱེད་པར་འབད་པ་བྱེད་ཀྱི་འདུག ཐ་ན་ཡི་གེ་མི་ཤེས་མཁན་ཚོ་ མདུན་ལ་ཐོན་ནས་ཅིག་སྤེལ་བར་འབད་ཀྱིན་གདའ། པར་འདྲ་མི་འདྲ་བསྒྲིགས་ནས་ཟིང་སློང་ཨེ་ཐུབ་དང་། འཁྱོག་བཤད་ལ་རམ་འདེགས་རེ་ཨེ་ཡོང་ལ་འབད་བཞིན་འདུག
ན་ནིང་སྲིད་སྐྱོང་གིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་གཞི་བཏོན་པ་ལམ་ལྷོངས་མ་བྱུང་བ་རེད། དེར་འགྲེལ་བཤད་གཉིས་ཆགས་སོང་བ་རེད། དེ་ནི་སྲིད་སྐྱོང་གིས་འོས་བསྡུའི་སྒྲིག་གཞིས་མ་འགྲིག་ནས་སྤྱི་ཚོགས་ཕྱོགས་ཁག་གཉིོས་ཆགས་སོང་ཞེས་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་པར་བརྗོད་པ་རེད་དེ། དེ་སྤྱི་འཐུས་ཚོས་ངོས་ལེན་མ་བྱས་པ་རེད། སྒྲིག་གཞིས་འགྲིག་ཡོད། འོས་འགྲན་ནང་ཞུགས་མཁན་གྱིས་བདེན་པ་མ་ཡིན་པའི་གཏམ་བཤད་མང་པོ་བྱས་ནས་མང་ཚོགས་འཁྲུགས་ཐེབས་སོང་། དེས་ཕྱོགས་ཁག་གཉིས་ཆགས་བཅུག་སོང་ཞེས་བཀག་ཡོད། གང་ལྟར་སྒྲིག་གཞི་ལ་ཁ་གཡར་ནས་དངོས་ཡོད་གནས་སྟངས་བསུབ་འདོད་པའི་བྱེད་སྟངས་ཤིག་ཆགས་སོང་བ་རེད། ཐ་ན་ཁ་གཡར་སྟངས་དེ་ལ་གྲོས་ཚོགས་ནང་ནས་དགག་པ་ཚ་ནན་རྒྱག་མཁན་བྱུང་ཡོད་པ་རེད། དེ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་ཨེ་རེད། ང་ཚོས་གནས་ལུགས་དང་རྒྱུ་མཚན་མེད་པའི་གཡམ་རྒྱུག་བྱེད་སྟངས་ལ་གཟབ་དགོས་པའི་ཚོད་རེད།
ང་ཚོས་ངེས་པར་དུ་ཉིས་སྟོང་བཅུ་དྲུག་ལོའི་འོས་བསྡུ་ཆེན་མོའི་སྔ་རྗེས་ཀྱི་དངོས་ཡོད་གནས་སྟངས་དེ་ལོ་རྒྱུས་ཀྱི་ནང་འགོད་དགོས། དེ་གསལ་པོ་ཞིག་འགོད་དགོས། ད་གཟོད། ད་ལྟ་གནས་ལུགས་དང་རྒྱུ་མཚན་གྱི་ཕྱོགས་ན་ལངས་མཁན་དང་། གནས་ལུགས་དང་རྒྱུ་མཚན་གྱི་ལྡོག་པྱོགས་ན་ལངས་མཁན་འདི་གཉིས་གང་ནས་ཡོང་བའི་ཁུངས་སྣེ་དེ་རྙེད་ཐུབ་པ་ཡིན། ན་ཚ་གང་ནས་བྱུང་བ་དེ་ཤེས་ན། སྨན་བཅོས་ཀྱི་ཐབས་ཤེས་ཤིག་ཞར་ལ་རྙེད་སྲིད་པ་རེད།
རང་གིས་བཤད་པའི་སྐད་ཆའི་མགོ་མཇུག་བར་གསུམ་ལའང་ཕྱོགས་ཞེན་དང་འཁྱོག་བཤད་འབའ་ཞིག་ལས་གཟུར་གནས་གྱིས་སྐད་ཆ་ཚིགས་གཅིག་མཐོང་རྒྱུ་མི་འདུག་ན། ཁྱེད་རང་ཡང་རྡོ་ཆག་བཙན་སྒྲིག་མཁན་ཞིག་ཡིན་པ་བཤད་མི་དགོས་བཤམ་བཞག་མི་འདུག་གམ། མ་གཞི་དེ་སྔོན་ནས་སྤེན་པ་ཚེ་རིང་ལ་ང་ཚོའི་སྤྱི་ཚོགས་སུ་ལབ་གླེང་སྣ་ཚོགས་གཅིག་ཡོད་མེད་ལ་མ་ལྟོས་པར་ཁོང་གིས་ལོ་མོང་རིང་ལ་བོད་སྤྱི་བའི་ཆེད་དུ་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པས་དེ་ལ་ང་ཚོས་བསྔགས་རྗོད་བྱེད་རྒྱུ་ལས་ངན་སྨོད་ནམ་ཡང་བྱེད་མི་རུང་། འབྱུང་འགྱུར་ཁོང་ལ་བོད་སྤྱི་བའི་རྩ་དོན་ཐོག་ཆོད་སེམས་སྟོན་པོ་ཞིག་ཡོད་ན་ངེས་པར་དུ་བཀའ་བློན་དང་ཚོགས་གཙོ་དོན་གཅོད་གང་རུང་གི་གོ་ས་མེད་ཀྱང་ཁོང་ནི་ཤེས་མཇོན་གཉིས་ལྡན་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་ཞིག་ཡིན་དུས་སྤྱི་ཚོགས་ཐོག་ལས་འགུལ་འདྲ་མིན་གྱི་སྣེ་ཁྲིད་པ་ཞིག་བྱེད་ལོས་མཆོག། ད་དུང་ཁྱེད་ཀྱིས་སྲིད་སྐྱོངས་ལ་ངོ་རྒོལ་བྱེད་པ་ལས་བཀའ་ཤག་ལ་མ་ཡིན་ཟེར། འོ་ན་ཉེ་ཆར་བསྟན་པ་ཡར་འཕེལ་ནས་དགའ་ལྡན་ཕོ་བྲང་ལ་ཟུར་ཟ་བྱས་པ་ལས༧རྒྱལ་བ་རིན་པོ་ཆེ་ལ་མ་ཡིན་ཟེར་རྒྱུ་ཡིན་ནམ??? རང་དོན་ལ་ཐུག་དུས་ཅི་ཡང་བྱེད་ཕོད་མཁན་གཞན་དོན་ཆེད་དུ་མ་མཐོང་མ་ཐོས་མདོག་མདོག་བྱེད་མཁན་དག་ནི་མི་རིགས་ཀྱི་བླ་བཙོང་བ་ངོ་མ་དེ་ལོས་ཡིན། ད་དུང་དེས་ག་ན་ཚད་བཀའ་ཤག་གི་གསལ་བསྒྲགས་ལྟར་དོན་གཅོད་ནས་དང་ལེན་ཞུས་པ་ཡིན་གསུང་། ཡང་ཁ་སེང་མི་སྐྱ་ཕོ་མོ་འགའ་རེས་དོན་གཅོད་གསར་པ་སྒོ་ཕྱི་དེད་ནང་དེད་བྱེད་དུས་སྤེན་ཚེས་ཅི་ཡང་མི་སྨ་བའི་རྟུལ་ཞུགས་འཛིན་པ་དེ་ཡང་ཡ་རབས་བཟང་དཔྱོད་དང་བཅའ་ཁྲིམས་རིན་པོ་ཆེ་ལ་གུས་རྩི་ཞུས་པ་ཡིན་ནམ།
བོད་ཁམས་སྡེ་ཟེར་བ་འདི་ད། གླེན་པ་གླེན་ནག་ཅིག་རེད། ཕྱོགས་རེས་དང་གནས་ལུགས་ཀྱི་ལྡོག་ཕྱོགས་མ་གཏོགས་བློ་ཡུལ་ན་མི་འདུག ཧ་ཧ་ཧ། ལས་འགུལ་བ་དོན་གཅོད་ནང་ལ་ཡོང་དོན་དངོས་ཚེ་ལ་ཐུག་པ་རེད། ཁོས་འདི་ནས་བཤད་གི་ཡིན། སྒོར་མི་ཡོང་ལབ་པ་རེད། དེ་ལྟར་ཟེར་དོན་ཡང། ཕྱི་ལ་བུད་ན་བློ་སེང་གི་འཕོངས་འགེབ་ཐབས་མེད་པ་ཤེས་པས་རེད། བློ་སེང་ནང་བཞིན་འགན་མེད་པའི་སྐད་ཆ་མང་བོ་བཤད་དགོས་ཐུག་པ་ཤེས་པས་མ་སོང་བ་རེད། མདོར་ན། གནོང་ཆེན་པོ་ཞིག་ཡོད་པས་འགྲོ་མ་ཕོད་པ་རེད། ཞི་རྒོལ་བ་་གནས་ལུགས་བཤད་མཁན་དང་ཁྲིམས་ལོག་སྤྱོད་བྱས་ན་མི་འགྲིག་ཟེར་མཁན་ཚོ་ལ། སྤེན་ཚེས་ཁྱོད་ཚོས་གནས་ལུགས་བཤད་མི་ཆོག་ཅེས་མང་གཙོའི་ཁེ་དབང་ད་ལྟའི་བཀའ་ཤག་ནང་བཞིན་བྱས་འཕྲོག་དགོས་པ་རེད་དམ།
སྐུ་དྲག་གསར་པའི་རུལ་སུངས་ཀྱི་གཟུགས་བརྙན་ཕྱིར་མངོན་པ།
བོད་ཀྱི་དུས་བབ། ༢༠༡༧/༡༡/༡༠ རིག་པ། (༢༥)
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
http://tibettimes.net/2017/11/10/164742/
ངག་དབང་དགེ་ལགས་ཀྱི་བཤད་པ་བདེན་པ་རེད། ཁོ་ཚོས་ཧ་མི་གོ་བ་མ་རེད། བྱུས་ངན་བཤམ་གྱི་ཡོད་རེད། སྲིད་སྐྱོང་ལ་དགའ་བོ་ཡོད་མདོག་མདོག་ཙམ་ལས་དོན་དངོས་ལ་མི་འདི་ཚོ་གང་ཡིན་ཤེས་དཀའ།
སྤེན་ཚེ་བློ་རྒྱ་ཆེན་པོ་འདྲ་ཞིག་འདུག་དེ་བཀའ་དྲིན་ལས་དོན་གཅོད་རྩིས་ལན་རྩིས་སྤྲོད་ཡག་པོ་བྱུང་བ་འདྲ།
སུས་ནོར་ཀྱང་ནོར་བ་ནི་ནོར་ཚར་རེད། ཕྱོགས་གཉིས་ཀ་གང་ནས་ཡིན་ཀྱང་གཟུགས་མེད་གྲིབ་བཟོ་བྱས་ན་ཡག་པོ་ཡོད་པ་མ་རེད། གྱོང་དེ་བོད་པའི་སྤྱི་ཚོགས་ལ་རག་གི་རེད།
ངག་དབང་དགེ་ལེགས་ལགས་ཀྱིས་་་་འབྲེལ་སྒྲ་དེ་བྱེད་སྒྲ་ལ་བཅོས།
བོད་ཁམས་བདེ། ཟེར་བ་འདིས་གླེན་བཤད་འདི་འདྲ་བྱས་འདུག སྲིད་སྐྱོང་དང་བཀའ་བློན་ལ་ངོ་རྒོལ་བྱས་ན་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱས་པར་ཇི་ལྟར་འགྱུར་བ་རེད། དེ་གཏན་ནས་འགྱུར་གི་མ་རེད། དཔེར་ན། རྒྱལ་ཁབ་མང་པོའི་ནང་རང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་སྐྱོན་བརྗོད་བྱེད་བཞིན་པ་ནི་ཁྱེད་གླེན་པ་གླེན་ནག་ཅིག་མིན་ཚེ་མཐོང་ཐོས་བྱུང་ཡོད་རྒྱུ་རེད། དེས་རྒྱལ་ཁབ་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་པར་རྒྱལ་ཁབ་གང་ནས་ངོས་འཛིན་བྱས་འདུག དེ་ལྟར་བྱེད་མཁན་མེད། རྒྱལ་ཁབ་དེར་སྐྱོན་བརྗོད་ན། རྒྱལ་ཁབ་དེའི་འགོ་ཁྲིད་དང་བཅས་པར་སྐྱོན་བརྗོད་པར་འཇོག་ཡིན། ཁྱེད་ལ་བྱིས་པར་གོ་བརྡ་སྤྲོད་པ་ལྟར་མ་བཤད་ན་མི་ཤེས་པས་གོ་བདེ་པོ་བྱས་ནས་བཤད་ན། གྲོང་སྡེ་དེའི་སྡེ་དཔོན་ལ་ངོ་རྒོལ་བྱས་པས་གྲོང་སྡེ་དེ་ལ་ངོ་རྒོལ་བྱས་པར་མི་འཇོག་ལ། གྲོང་སྡེ་དེ་ལ་སྐྱོན་བརྗོད་བྱས་ན་སྡེ་མི་ཡོངས་ལ་སྐྱོན་བརྗོད་བྱས་པར་འགྲོ་པ་ལྟར། བསྟན་པ་ཡར་འཕེལ་གྱིས་དགའ་ལྡན་ཕོ་བྲང་ལ་སྐྱོན་བརྗོད་བྱས་པས་༧ གོང་ས་མཆོག་ལའང་སྐྱོན་བརྗོད་བྱས་པར་འགྲོ་པ་ཡིན་ལ། སྤེན་ཚེའི་རྒྱབ་སྐྱོར་བ་ཚོའི་སྲིད་སྐྱོང་དང་བཀའ་བློན་ཚོར་སྐྱོན་བརྗོད་པས་སྒྲིག་འཛུགས་ལ་སྐྱོན་བརྗོད་པར་མི་འགྲོ་པའི་ཁྱད་པར་ཤེས་དགོས་པ་རེད། འདི་ཙམ་གྱི་ཁྱད་པར་ཡང་མི་ཤེས་པར་དཔྱད་བརྗོད་སྤེལ་བ་ནི་རང་འཚང་ཕྱིར་སྟོན་པ་མ་ཡིན་ནམ། རང་འཚང་མ་སྟོན་རོགས།
ལྟད་མོ་བ་ལགས། ངའི་སྐད་ཆ་དེ་ཁྱེད་ཀྱི་འདོད་ཐོག་ཏུ་མ་སོང་བ་ཡིན་དུས་གླེང་བཤད་དུ་ཆགས་སོང་བ་ཡིན་འཆུགས། ང་ཡང་མི་ཚེ་ཕྱེད་ལྷགས་བཙན་བྱོལ་ནང་དུ་སྡོད་མཁན་ཞིག་ཡིན་པའི་ཆ་ནས། བྱ་གྲག་སྟངས་དང་ བྱི་བ་འཁུན་སྟངས་ཧ་གོ་མཁན་ཞིག་ལ་ཕྲུ་གུ་མགོ་སྐོར་གཏོང་སྟངས་བྱེད་ཀྱིས་སྐད་ཆས་ཕེན་ཐོག་ནི་མ་རེད།
གང་ལྟར་ཐེངས་འདིའི་རྙོག་གླེང་འདི་ངེས་པར་དུ་ཕྱི་གསལ་ནང་གསལ་ཞིག་མ་བཟོས་ན་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་མེད་པའི་ཨ་རོག་ཁམས་པ་གསར་འབྱོར་བ་འགས་བདེན་དོན་གླེང་མཁན་ཚོར་གཞི་མེད་ཀྱི་སྐྱོན་བརྗོད་དང་འཇིག་བསྐུལ་སོགས་གང་དྲན་དྲན་བྱེད་མཁན་དེ་ཚོའི་ཁ་ལ་སྒོ་ལྕགས་ཤིག་ངེས་པར་དུ་རྒྱབ་པའི་དུས་ལ་སླེབ་འདུག་གོ
བོད་ཁམས་སྡེ་ཟེར་བའི་གླེན་ནག་འདི་བསྟན་ཡར་ཡིན་ས་རེད།
མི་འདིས་སྐད་ཆ་བདེན་པ་བཤད་འདུག
བོད་ཁམས་བདེ་ལགས། ངས་ཁྱོད་ལ་བྱིས་པ་ལ་མགོ་སྐོར་གཏོང་བ་ལྟར་བྱེད་ཀི་མེད། དེ་ལྟར་བྱེད་མཁན་བློ་སེང་དང་ཁྱེད་ཚོ་རེད། ངས་ཁྱེད་ལ་བྱིས་པ་ཆུང་ཆུང་ཚོར་གོ་བརྡ་སྤྲོད་པ་བཞིན་མ་བྱས་ན་ཁྱོད་དང་ཁྱོད་ལྟ་བུས་མི་གོ་བར་སྙམ་ནས་གསལ་བོ་བྱས་ནས་བྲིས་པ་ཡིན། ད་དུང་མི་གོ་ན། ཆོལ་ཞེན་གྱི་དབང་དུ་སོང་བ་རེད། དེ་ལ་ཆོལ་ཞེན་མ་དོར་བར་དུ་ཐབས་ཤེས་ཡོད་ནི་མ་རེད།
བདེན་བློ་ལྟད་གསུམ་ལ་ཞུ་རྒྱུ། གླེང་ནག་ཁོ་བོའི་རྒྱུད་ལ་གཏན་དུ་སོ་སོར་བོད་པ་ཞིག་དང་དེའི་ནང་ནས་ཆོས་ལུགས་ནང་པ་ཞིག་བསམ་པ་ལས་འཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་བྱེད་པའི་ཀུན་སློང་རྣམ་དཔྱོད་དེ་མེད་པར་ཁྱེད་གསུམ་ངོ་མ་བདེན།
༄༅། དོན་མེད་རྙོག་རྩོད་ནང་འཛུལ་བ་ལས་་་དགའ་གཞས་གཅིག་གཏོང་ན་སྐྱིད།
ཆུང་འདྲིས་བྱམས་པ་ང་གཉིས། བརྩེ་སེམས་དར་སྐུད་མདུད་པ།
ཕར་དགའ་ཚུར་འཐད་སྙིང་གཏམ། མི་བཤད་རང་དབང་མི་འདུག།
འཇིག་རྟེན་སྣང་བའི་བརྩེ་བ་། རྡོ་ལ་རི་མོ་བརྐོས་ཡོད།