ཕུན་ཚོགས་རིག་བཟང་།
—–རྒྱལ་གཅེས་པ་གླིང་ཚའི་ཆེད་དུ་ལོ་སྔོན་མར་བྲིས།།
བོད་ཀྱི་བདེ་སྡུག་ཡིད་ལ་བརྣག་པའི་ཐོག །
རང་འགན་རང་གི་འཁུར་བའི་མིའུ་ལ།།
སྙིང་རྗེའི་ལྷ་ཚོགས་ནུས་མཐུར་འགྲན་མེད་མཆོག །
ཐུགས་རྗེའི་སྤྱན་གྱིས་ཡལ་བར་མ་འདོར་ཅིག །
ཐབས་མཁས་རང་དོན་སྒྲུབ་ལ་ལྐོག་འཇུས་མཁས།།
བཅོས་མའི་འཛུམ་མདངས་སྤྱི་སེམས་ཆེ་མདོག་གིས།།
གང་ས་གང་དུ་ཡར་དཀྲུག་མར་དཀྲུག་མཁན།།
ཕན་མེད་སྤོབས་པ་ཅན་རྣམས་དེང་འདིར་ཉོན།
གཞན་གྱིས་བྱས་བཟང་དགེ་མཚན་མ་སླེང་བར།།
ཉེས་མེད་ཉེས་འགེལ་བྱེད་ལ་ཡིད་དགའ་བའི།།
མི་བསྲུན་ཧམ་བཤད་གཏམ་གྱི་ལབ་བརྡོལ་འོག །
ཉམ་ཆུང་མི་ལ་མིང་ངན་མ་གནང་རོགས།།
དབུ་མའི་རྗེས་འབྲངས་གླིང་ཚའི་སེམས་ཤུགས་ལ།།
མིག་དཔེ་བལྟ་བའི་སྤྱན་ནི་ལོང་ཟིན་ཡང་།།
དྲང་པོའི་གཏམ་ཞིག་སྨྲ་བའི་ལྕེ་དེ་ཡང་།།
ཆགས་སྡང་ལྐུགས་པར་འགྱུར་ཚེ་མི་འགྱོད་དམ།།
གང་གིས་འབད་པས་སྒྲུབ་པའི་ལས་འགུལ་ལ།།
དཔུང་པ་མཉམ་བཤིབས་དཀའ་སྡུག་དངོས་མྱོང་གི།
སྡུག་འདི་ཉིན་གཅིག་མྱོང་བ་མེད་བཞིན་དུ།།
ཁ་ཕོ་ཆེན་པོས་བཀུར་འདེབས་བྱེད་ཕོད་དམ།།
རང་རིགས་ཆེད་དུ་རང་གི་ཚོད་ཚད་ཀུན།།
བློས་མི་མཐོང་ཡང་བློས་གཏོང་གནང་བ་དེར།།
ཡིད་རངས་བསྟོད་པའི་མཐེ་བོང་མ་བཀེར་ནའང།།
ངན་སྨྲས་སྙིང་ལ་བཟོད་དཀའ་བཤད་ཕོད་དམ།།
རྒྱ་དར་འཕྱར་ཡང་བསྒྲུབ་བྱ་བོད་དོན་ཡིན།།
བསྒྲུབ་དོན་དོན་ཚན་ལྔ་པོ་དེ་དག་ཀུན།།
བོད་པར་ཐོབ་ཕྱིར་དཀའ་སྡུག་འཁུར་བཟོད་པར།།
སྒྲོ་འདོགས་ཆོ་ལོ་དེ་འདྲ་གནང་ཕོད་དམ།།
ཕ་མེས་བཟང་པོས་ལྷ་ཆོས་མི་ཆོས་སོགས།།
དམ་པ་འཇུག་པའི་ལམ་བཟང་བསྟན་ཟིན་ཡང་།།
རང་ཕྱོགས་མིན་ན་དཀར་པོ་ནག་པོ་ཞེས།།
བརྗོད་ལ་བག་ཚ་མེད་པ་གནང་ཕོད་དམ།།
ཡ་རབས་སྤྱོད་བཟང་ལས་འབྲས་རིན་ཆེན་ནོར།།
བདག་མེད་ཕྱོགས་ཞེན་མེ་ལྷར་འབུལ་བཞིན་དུ།།
ད་དུང་སྤོབས་པ་གྱེལ་གྱེལ་བཤད་པ་རྣམས།།
གཟེང་མཐོར་སྒྲོགས་པ་བྱེད་ལ་མ་བཞེད་དམ།།
མདོར་ན་ཀུན་གྱི་ནུས་པ་མིན་པ་ཞིག།
ཀུན་གྱི་མཐོང་སྣང་མདུན་ན་བྱེད་བཞིན་པའི།།
བྱེད་པོ་དེ་ལ་མཐོང་ཆུང་ཁྱད་གསོད་གཏམ།།
འབོལ་གདན་སྐྱིད་པོའི་སྟེང་ནས་མ་གླེང་རོགས།།
དང་པོ་དག་ཡིག་ལེགས་པར་སྦྱངས།
དེ་ནས་སུམ་དག་ཏོག་ཙམ་ལྟོས།
ལེགས་ཉེས་འབྱེད་པའི་བསླབ་བྱ་དག
ད་གདོད་ག་ལར་ག་ལར་གསུངས།
དང་པོ་ཐབས་ལ་ལེགས་པར་དཔྱོད།
དེ་ནས་ཀུན་སློང་འགྲིག་མིན་ལྟོས།
རང་བཙན་དབུ་མའི་བགྲོད་ལམ་ལ།
གྱ་ལི་གྱི་ལར་ད་གཟོད་ཆས།
སུམ་དག་་་་་་སུམ་རྟགས་མིན་ནམ།
ལེགས་པར་སྦྱངས་་་་་་ལེགས་པར་སྦྱོངས་མིན་ནམ། སྐུལ་ཚིག
མཆན་དང་པོ་འདེབས་མཁན་དེའི་མེ་ལོང་འདི་ཁ་ཕྱི་བལྟས་ཡིན་ས་རེད། རང་གི་སུམ་རྟགས་དག་གསུམ་གྱི་སྟོང་པའི་མཆན་གྱི་གཟུགས་བརྙན་འཛོར་པོ་དེ་མཐོང་མི་འདུག གོང་གི་སྐྱོན་དེའི་ཐོག་ད་དུང་(ག་ལར་ག་ལར་དང་གྱ་ལི་གྱི་ལར་)ཟེར་བ་དེ་ཅི་ཡིན།
གྲོགས་པོ་ཚོ་ང་ཚོ་འདི་ལྟར་བསྡད་ན་གླིང་ཚ་བ་ལ་འེ་མེད་མ་ཡིན་ནམ་ང་ཚོས་གླིང་ཚའི་བདེ་སྡུག་དང་གླ྄ིང་ཚའི་འདས་མ་ད་གསུམ་ངེས་པར་དུ་གླེང་དགོས་བ་ཤེས་སོང་ངམ་བཙན་བྱོལ་བ་མི་འབོར་འབུམ་གཅིག་ལྷག་ཡོད་ཚང་མ་མི་རིགས་དང་རྒྱལ་ཁབ་གྱི་ཆེད་དུ་རང་ཡུལ་དང་གྱེས་བ་ཡིན་ཞེས་ལབ་ཀྱིན་ཡོད་དོན་དངོས་སུ་སུ་ཞིག་གིས་མི་རིགས་གི་ཆེད་དུ་ཡོད་ཚད་འབུལ་ཐུབ་ཀྱིན་འདུག་སུ་དང་སུས་རང་ཉིད་ཀྱི་ཁྱིམ་ཚང་དང་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་ཀྱིན་འདུག་དེ་ནི་མི་འབོར་ཧ་ཅང་མང་བའི་གྲིས་ཀྱི་མི་བུ་གཉོམ་ཆུང་གླིང་ཚ་བ་གཅིག་རང་རེད་དེང་སང་གལ་ཡོད་མི་ཤེས་བའི་མཚམས་སུ་སླེབ་ཡོད་བས་ཚང་མས་ཁོའི་རླབས་ཆེ་བའི་སྙིང་སྟོབས་ལ་དགའ་མགུ་དང་ཡུན་རིང་གྱི་སྒོ་ནས་དྲ་ཐོག་དུ་བསམ་ཚུལ་གང་མང་སྤེལ་བ་ཐུགས་ལ་འཇགས།