མཇེ་ཕྲུག་ནས།
ཤར་ནུབ་ཡུལ་གྱི་འདོད་བརྙན་དམར་པོ་སྔོན་ནས་མང་པོ་བལྟས་མྱོང་སྟེ།།
ད་རིང་བལྟས་པའི་འདོད་བརྙན་འདི་ཡིས་དམིགས་བསལ་ཚོར་ཞིག་སྟེར་བྱུང་ཀྱེ།།
གཏམ་རྒྱུད་འཁྲབ་པའི་གློག་བརྙན་དག་ལ་ཡིད་བརྟན་བྱེད་རིན་ཆུང་ན་འང་།།
བག་ཆགས་སྟུག་པོ་སེམས་ལ་བཞག་པའི་ཁྱད་ཆོས་མི་གཅིག་ཡོད་ངེས་རེད།།
སྟུ་དང་རླིག་པ་འཛོམས་པ་ཙམ་གྱི་འཁྲིག་པའི་ཞིང་ལ་མི་སླེབས་པས།།
ཕྱི་ཡི་ཁོ་ར་ཁོར་ཡུག་དང་བཅས་ནང་གི་སེམས་ཀྱང་བདེ་བར་དགོས།།
ཕྱི་ནང་གཉིས་ཀྱི་གནས་བབ་བདེ་དུས་འཁྲིག་པའི་ལམ་ལྷོང་བཟང་བ་དང་།།
འཇིག་རྟེན་ཕོ་མོའི་ལོངས་སྤྱོད་འཚོ་བ་སྔར་ལས་གནས་བཟོད་བདེ་བར་གྱུར།།
གཡུལ་སའི་གྲི་དང་མེ་མདའི་གསེང་ལ་ཕོ་མོའི་འཁྲིག་ལས་མི་སེམས་ཤིང་།།
ལུས་སེམས་ནད་དང་སྡུག་གིས་མནར་དུས་དེ་བས་སེམས་ལ་འཁོར་ཐབས་མེད།།
སེམས་དང་ལུས་པོ་བདེ་ཞིང་ལྷོད་དུས་ཕོ་མོའི་ཆགས་སྤྱོད་རོལ་འདོད་འདི།།
ཕན་ཚུན་འཁྲེན་པའི་འཁྲིག་སྤྱོད་འདི་ནི་བདེ་སྐྱིད་ཁྲོད་ཀྱི་ཞབས་བྲོ་རེད།།
དྭངས་གཙང་ཆུ་དང་རླུང་གི་ཁྲོད་ལ་ལུས་གཉིས་སྦྲུལ་ལྟར་འཁྱུད་ཅིང་དུ།།
ཆགས་པའི་དྲོད་ཁོལ་ཁོག་ལ་རྒྱས་ཤིང་འདོད་འཁུན་དྲགས་པོ་ངག་ནས་དོན།།
འདོད་པའི་མེ་ལྕེ་མཁའ་ལ་འཕྱོ་དུས་ལུས་ཀྱི་སྟངས་སྟབས་དལ་གྱི་གཡོ།།
ཕོ་མོའི་རོལ་བྱ་བདེ་བའི་ཞིང་ལ་རང་བྱུང་མཛེས་པའི་སྒེག་དང་འགྲོགས།།
ཤང་ཤང་བཞུད་པའི་ཆུ་མོའི་དབྱངས་དང་བྱ་བྱའི་གསུང་སྐད་སྙན་མོའི་ཀློང་།།
དུང་ཞེན་སེམས་ཀྱི་དམ་ཚིག་མཚོན་ཆེད་དྲི་བཟང་འཐུལ་བའི་སྐྱེད་ཚལ་དེར།།
དབེན་གནས་ཞི་ལྷོད་དཀྱེལ་ཡངས་ངང་ནས་ནང་སེམས་འདྲེས་པའི་ཕོ་མོ་ཚོས།།
འཇིག་རྟེན་འདི་ཡི་འཚོ་བའི་སྙིང་པོ་ཆོ་གའི་རྣམ་པ་རྒྱས་པར་བྱས།།
མཇེ་ཕྲུག་མཇེ་སྟུ་ལྟ་བགྱིད། །
མཇེ་ཕྲུག་བལྟ་ས་ནོར་བགྱིད། །
མཇེ་ཕྲུག་མཇེ་སྟུ་བྲིས་བགྱིད། །
མཇེ་ཕྲུག་འབྲི་ས་ནོར་བགྱིད། །
སྔོན་དུས་ལོ་རབས་བདུན་ཅུའི་དཀྱིལ་ལམ་མཇུག་ཙམ་དུས་སུ་བོད་མི་ཞིག
གྲོང་ཁྱེར་ནེ་འུ་ཡོརྐ་ཏུ་འདོད་བརྙན་དམར་པོ་ལྟ་བར་རོལ་པའི་དུས།
ཆོས་པ་ཡིན་པའི་སྐྱེས་བུ་ཞིག་ཀྱང་འདོད་བརྙན་དམར་པོ་ལྟ་བར་མཐོང་།
ཆོས་པ་ཁོང་ནི་ག་ནས་ཡིན་ནམ་སྙམ་པའི་ཧ་ལས་སེམས་ཀྱིས་བལྟས།། ཞེས་ཐོས་སོ།
འཁྱུད་ཅིང་དུ།། ཞེས་པར་དུ་ཡི་དོན་དག་ཤེས་པར་འདོད།
རྒན་ལེགས་ལ། འཁྱུད་ཅིང་དུ། འདི་འཁྱུད་ཅིང་ངུ་། ཟེར་རྒྱུ་ཡིན་པ་འདྲ་འདུག མཇེ་ཕྲུག་ཁོ་གནམ་གཤིས་འཚུབ་པའི་སྐབས་ཕྱི་ལོགས་ལ་གཞན་གྱི་བུད་མེད་ལ་ལོག་གཡེམ་བྱེད་པར་འགྲོ་སྐབས་ཁོས་བུད་མེད་ལ་སྦྲུལ་ལྟར་འཁྱུད་ནས་ངུ་ཡི་ཡོད་ཅེས་ཟེར་བ་ཡིན་འདུག
ཨ་ཁུ་འབྲོག་པ་མཆོག བློ་སྐྱེད་ལ་ཕན། བཀའ་དྲིན་ཆེ།
༄༅། འཁྲིག་སྤྱོད་ཀྱི་རྩོམ་དེ་ཧ་ཅང་ཡག་པོ་བྲིས་གནང་འདུག་། ཉམ་སྨྱོང་དངོས་གནས་འདུག་
བཀྲིས་བདེ་ལེགས་ཡོད།
མཇེ་ཕྲུག་སྟུ་ཚང་ནང་དུ།།
འདོད་པའི་བདེ་བར་རོལ་ཚེ།།
འདོོད་ལྡན་བན་དེ་ཆུང་ཆུང་།།
གཟན་ཤམ་དམར་པོའི་འོག་ནས།།
འདོད་པའི་འདོད་ཆུ་ཤོར་ངེས།།
ཧ་ཧ་ཧ་ཧ་།