བཛྲ་རཏྣ།
གངས་ཅན་བོད་ཀྱི་ལྷ་སྐལ།།
འཕགས་པ་སྤྱན་རས་གཟིགས་དབང་།།
འཕགས་མཆོག་མི་ཡི་རྣམ་རོལ།།
༸རྒྱལ་བ་རིམ་བྱོན་ཡིན་སོང་།།
༸རྒྱལ་བ་སྤྱན་རས་གཟིགས་ཀྱིས།།
ཉམ་ཐག་བོད་མི་བསམས་ནས།།
མདོ་སྨད་སྟག་འཚེར་ཡུལ་དུ།།
ཡང་སྲིད་ཉི་མ་ཤར་སོང་།།
མཆོག་སྤྲུལ་ཉི་མ་གཞོན་ནུ།།
ལྷ་ལྡན་ཞིང་ནས་འཚར་ཡང་།།
སྐུ་ཡི་གཟི་བྱིན་སྣང་བ།།
འཛམ་བུ་གླིང་ལ་རྒྱས་སོང་།།
ཨེ་མ་བསོད་བདེ་ཆེ་བ།།
གངས་ཅན་བོད་མི་རྣམ་པ།།
༸རྒྱལ་མཆོག་དགུང་གྲངས་བརྒྱད་ཅུའི།།
འཁྲུངས་སྐར་རྟེན་འབྲེལ་བསུ་སོང་།།
གསོལ་བ་སྙིང་ནས་འདེབས་སོ།།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
བསྐལ་བ་ཇི་སྲིད་བར་དུ།།
བོད་མིའི་མགོན་དུ་བཞུགས་རོགས།།
སྙིང་རྗེ་ཟིག་བྲིས་འདུག
འཁྲུངས་སོང་།
འཁྲུངས་སོང་།
འཁྲུངས་སོ།
ཤར་ཕྱོགས་ཨ་མདོའི་ཡུལ་ལ།
ལྷ་མོ་དོན་གྲུབ་འཁྲུངས་སོ།
བཞུགས་སོང་།
བཞུགས་སོང་།
བཞུགས་སོང་།
ནུབ་ཕྱོགས་དྷ་སའི་རི་ལ།
དགུང་ལོ་བརྒྱད་ཅུར་བཞུག་སོང་།