ཤར་ཕྱོགས་ཁུག་རྟ།
དེ་རིང་གསར་འགྱུར་ལས་ང་ཚོའི་སྲིད་སྐྱོང་མཆོག་བྷན་རྡ་ར་དང་ཨོ་རི་ས་བཅས་གཞིས་ཆགས་ཁག་གསུམ་ལ་གཟིགས་བསྐོར་དུ་ཕེབས་རྒྱུ་ཡིན་པ་མཐོང། གཟིགས་བསྐོར་ལ་ཕེབས་དགོས་ངེས་རེད་མོད། གཟིགས་བསྐོར་ལ་ཕེབས་དགོས་དོན་ག་རེ་རེད། ཕེབས་ནས་ཅི་ཞིག་གནང་གི་རེད་ཅེས་དྲི་བ་ཞིག་བཀོད་དགོས་ཚེ། ཕལ་མོ་ཆེས་ཚོད་དཔག་མི་ཐུབ་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང། ད་སྲིད་སྐྱོང་མཆོག་དངོས་གནས་བྱས་ན་གཟིགས་བསྐོར་ལ་ཕེབས་པའི་དུས་ཚོད་རེད་དམ་མ་རེད། ལྷག་པར་ཁས་ལེན་དམ་བཅའ་གླེགས་བམ་ལྟར་རི་བོ་རྡོ་ལ་ལྡིར་གྱི་ཚད་དང་མཉམ་པའི་སྲིད་སྐྱོང་མཆོག་འདི་ལྟར་བཞུགས་ན་སྲིད་འགན་རྩིས་སྤྲོད་བདེ་ལེགས་ངང་ལམ་དུ་འགྲོ་རྒྱུ་རེད་དམ། ད་ང་ཚོར་དུས་ཚོད་མང་པོ་ཞིག་གཏན་ནས་ཡོད་པ་མ་རེད།
ཁྱེད་ཚོས་སོམས་དང། བོད་མི་ཚོས་དྲན་པ་བརྗེད་མེད་པ་ནི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་པའི་ཁ་ཕོ་གནམ་ལ་བསྒྲགས་པའི་དམ་བཅའ་འདི་རེད། ཁ་ཕོ་ཆེན་པོ་འདིས་བོད་ཕྱི་ནང་ཀུན་ཡོམས་འདར་བྱས་ཤིང། གཞིས་ལུས་གཞི་རིམ་མི་མང་མི་ཉུང་བས་རེ་བ་གསར་པ་ཞིག་”བོད་ཀྱི་དཔོན་པོའི”་ཕྱོགས་སུ་གཏད། མི་མང་གི་ཁ་ལ་མེ་འབར་ནས་སྐད་ཆ་སྐད་ཆས་སྒྲོ་བཏགས་ཏེ་ཐ་ན་སྲིད་སྐྱོང་མཆོག་གི་སྐུ་པར་མཆོད་བཤམས་སུ་བསླེབས་ཤིང། སྲོང་བཙན་སྒམ་པོའི་ཡང་སྲིད་དང། དཔོན་པོ་བཟང་པོ་དཔོན་པོ་བཟང་པོ། དཔོན་པོ་བློ་བཟང་སེང་གེ་ཞེས་བློ་བཟང་སེང་གེ་རྩ་བ་ནས་ངོ་མི་ཤེས་པ་འགའི་རེ་བ་རྣམས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་ཁྱབ་སྐབས། སྲིད་སྐྱོང་མཆོག་ནས་རང་གི་སྐུ་སྟོད་ཀྱི་སྐུ་པར་ས་ཡིག་ཕྱག་བསྟར་མ་བོད་ནས་ཕེབས་ཤིང་བོད་དུ་ལོག་འགྲོ་མཁན་ཚོར་གནང་ཞིང། ༼ ཉིན་ཞིག་ང་སྲིད་སྐྱོང་སྒེར་དྲུང་ལས་ཁུངས་སུ་བཅར་སྐབས་པར་དེ་རྣམས་དངོས་སུ་མཐོང། རྩོམ་པ་པོའི་མཆན། ༽ཟླ་བ་དྲུག་དང་ཡང་ན་ལོ་གཅིག ཡང་ན་ལོ་གཅིག་དང་ཕྱེད་ཀའི་བར་སྟོང་བའི་དབྱིངས་སུ་འཁྱིལ་བའི་བྲག་ཆ་དེ་དག་གིས་སྲིད་སྐྱོང་མཆོག་ལ་བསོད་ཉམས་དོད་ཅིང་གསུང་སྐད་རྒྱུན་དུ་གོ་རྒྱུ་ཡོད་ཡོད་པ་ཞིག་ཡིན་པཱ།
འོན་ཀྱང། དེང་སང་ཕོ་བྲང་དཀར་པོ་གཙོས་སྲིད་འཛིན་གཞུང་གི་ལས་དོན་ཁག་ནང་ཤུགས་ནུས་བསམ་ཚུལ་ཙམ་ལས་འདོན་མི་ཐུབ་པའི་གྲོས་ཚོགས་འཐུས་མི་རེ་འགར་ཐུག་རྒྱུའི་མཚམས་ཆད་དེ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཟིགས་བསྐོར་ལ་འགྲོ་མགོ་བཙུགས་འདུག ༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་མི་མང་ནང་གཟི་བརྗིད་ངོམས་པའི་འགྲོ་སྟངས་དེ་མ་གཞི་ནས་རྙིང་ཟིན་ནའང། འདི་ལོའི་འཁྲུངས་སྐར་སྐབས་ཀྱང་༧རྒྱལ་བ་རིན་པོ་ཆེའི་ཉེ་འཁྲིས་ནས་ངོམས་སྟོན་གོ་སྒྲིག་རྒྱ་ཆེན་ཞིག་བྱས་འདུག དེ་ཡང་སྐྱོན་ཆེན་པོ་མིན་ནའང། སྐབས་དེའི་གཏམ་བཤད་ནང། གསར་བཤད་བྱེད་རྒྱུ་མེད་པ་ཀུན་ལ་མངའ་གསལ་ཡིན་སྟབས། རེ་བ་ཇེ་ཆུང་དང་སྲིད་སྐྱོང་ཇེ་སྐམ་ལ་འགྲོ་བཞིན་པའི་བོད་ཕྱི་ནང་གི་རེ་བའི་གནས་བབ་ལ་ཁ་བསྒྱུར་རམ་མགོ་གཡོག་བྱ་ཆེད། ”དང་པོར་ནུས་ཤུགས་ཕྱོགས་སྒྲིལ། བར་དུ་དངོས་གཞིའི་ལས་འགུལ། མཐའ་མར་འབབ་ས་འབྲེལ་མོལ་”ཞེས་རང་གི་ལས་སྟངས་ཀྱི་ནོར་འཁྲུལ་འགེབས་ཆེད་ཧམ་པ་ཆེན་པོ་གསུངས་འདུག་པ་སུ་ཡིས་འཁྱུག་ལྟ་བྱས་ཙམ་ནས་རྟོགས་ཐུབ་པ་ཞིག་རེད་ལ། ལྷག་པར་གནད་དོན་འདི་ཚོར་༸རྒྱལ་བ་རིན་པོ་ཆེར་ཞུ་དགོས་པ་དང་གཞིས་ལུས་བོད་མི་ཚོས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་འདོད།
སྲིད་སྐྱོང་མཆོག་གིས་ད་བར་བཀའ་ཤག་གི་གཞུང་འབྲེལ་ཡིག་ཆ་གང་དུའང་ཁ་ནས་གསུངས་པའི་ཆིག་སྒྲིལ་དང། ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་བ་སོགས་འབྲེལ་མོལ་ཡོང་ཐབས་ཡིན་ཞེས་གསལ་བསྒྲགས་གང་ཡང་སྤེལ་མི་འདུག་ལ། དེ་རིང་འབྲེལ་མོལ་གྱིས་མཚོན་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལ་དྲི་བ་བཏང་ཡོང་སྐབས་ཆབ་སྲིད་པའི་དམངས་སེམས་མོག་པོར་བཟོ་རྩིས་ཀྱི་ལུགས་སུ་ཞུགས་ནས། ཚིག་སྙན་མོས་གྲུབ་འབྲས་བསྟན་རྒྱུ་མེད་པ་འགེབས་ཐུབ་བྱས་པ་ནི་ཧམ་པ་རེད་ལ། གནད་འགག་གི་སྐབས་སུ་མགོ་ཁྲིད་ཀྱིས་རྫུན་མི་བཤད་པ་སྲིད་དོན་མགོ་ཁྲིད་ཚད་ལྡན་ཚོའི་གཞར་ཡང་མི་འདོར་བའི་གཤིས་སྤྱོད་ཅིག་ཡིན་ཡང། དེ་རིང་བསྟན་རྒྱུའི་གྲུབ་འབྲས་ནམ་མཁའི་མེ་ཏོག་གི་མཚུངས་ཟླར་སོང་ཡོད་པའི་རང་ནོངས་འགོག་ཆེད་དུ། སྔ་མོ་ནས་འདོད་མོས་ཞེ་དྲག་མེད་པར་བསྟན་པའི་བོད་རྒྱ་འབྲེལ་མོལ་དང། ཞལ་ཙམ་ནས་”དབུ་མའི་ལམ་ལ་འགྱུར་བ་མེད”་ཅེས་ཡང་ཡང་བཤད་པ་དེ་གཉིས་ད་ཆ་བྱས་པའི་ངོ་སོ་ལྟ་བུར་བསྒྲགས་པ་ནི་སྐྱག་རྫུན་བཤད་ནའང་བག་མི་ཚ་ཞེས་པ་དང་ཅི་ལ་མི་མཚུངས།
ཚང་མས་ཤེས་གསལ་ལྟར་རྒྱ་རི་རིན་པོ་ཆེ་དགོངས་པ་ཞུས་པའི་སྔ་ཕྱིའི་གནས་ཚུལ་དང། སྐབས་དེར་རིན་པོ་ཆེར་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་བཅར་འདྲི་བྱས་པའི་ནང་དོན། སྲིད་སྐྱོང་གིས་དེར་གནང་བའི་ལན་དང་སྐལ་བཟང་རྒྱལ་མཚན་དེ་མ་ཐག་ཡོ་རོབ་དམིགས་བསལ་སྐུ་ཚབ་དུ་བསྐོས་པའི་རྣམ་འགྱུར། དུས་དབང་སྐབས་རྒྱ་རི་རིན་པོ་ཆེར་གསུང་བཤད་གནང་སར་༼ གསར་འབྱོར་ཚོས་རེ་བ་བཏོན་ནའང། རྩོམ་པ་པོའི་མཆན། ༽སྣེ་ལེན་ཁང་གི་སྟེགས་བུ་མ་གཡར་བ་བཅས་ཀྱིས་གནད་དོན་མང་པོ་ཞིག་རང་བཞིན་གྱིས་རྟོགས་ཐུབ་པས། སྲིད་སྐྱོང་མཆོག་གིས་ད་བར་འབྲེལ་མོལ་སྐོར་གྲོས་ཚོགས་དང་མི་མང་གང་ལའང་ལན་འདེབས་ཚད་ལྡན་གནང་ཐུབ་མེད་པ་དང། དེའི་ཐད་ནུས་ཤུགས་བསྐྱོན་པའི་ལས་རིམ་གང་ཡང་ལག་ལེན་བསྟར་མེད་པ་གཉིས་ནི་རྩ་ནས་འགེབས་ཐབས་བྲལ་བ་ཞིག་ཡིན།
དེ་བཞིན་”དབུ་མའི་ལམ་ལ་འགྱུར་བ་མེད་”ཅེས་པ་འདི་ནི་གོ་སྐབས་ནམ་བྱུང་ལ་བརྗོད་དགོས་པའི་ཚིག་གཅིག་མ་རེད་ལ། གལ་སྲིད་འགྱུར་བ་འགྲོ་དགོས་ཚེ་སྲིད་སྐྱོང་གིས་འགྱུར་བ་འགྲོ་དགོས་ཞེས་ཀྱང་གསུངས་དགོས་ཀྱི་མ་རེད། དེ་ནི་༸གོང་ས་མཆོག་གིས་ཐད་ཀར་གྲོས་མགོ་འདོན་པའམ། ༼ གྲོས་མགོ་མ་བཏོན་ན་བོད་ནང་གི་བོད་མི་ཚོའི་ཚབ་མཚོན་ཐུབ་མཁན་བཙན་བྱོལ་ནང་སུ་ཡང་མེད། རྩོམ་པ་པོའི་མཆན། ༽མང་མོས་འོས་བསྡུ་དང་ཁྲིམས་བཟོ་ལྷན་ཚོགས་བཅས་ཀྱི་གཏན་འབེབས་བརྒྱུད་ན་མ་གཏོགས་ཡོང་ཤེས་མེད་སྟབས། རང་གི་ཨ་མ་ངོ་རྟགས་ཆོད་པའི་བུ་ཕྲུག་ལ་ང་ཨ་མ་ཡིན་ང་ཨ་མ་ཡིན་ཞེས་གོ་སྐབས་ནམ་བྱུང་ལ་རྩ་བ་ནས་གསུངས་དགོས་ཀྱི་མ་རེད། དེ་ལྟར་གསུང་གི་བསྡད་ན་ཨ་མ་དང་བུ་ཕྲུག་གི་བརྩེ་བར་དོ་ཕོག་འབྱུང་གི་རེད། དབུ་མའི་ལམ་ལ་འགྱུར་བ་མེད། དབུ་མའི་ལམ་ལ་འགྱུར་བ་མེད་ཅེས་གསུངས་བསྡད་ན་མི་མང་གིས་དེ་ནི་སྲིད་སྐྱོང་མཆོག་གི་རི་བོང་གནམ་ལྡིབ་ཀྱི་ཐུགས་ཁྲལ་རེད།
ང་ཚོས་དབུ་མའི་ལམ་ལ་འགྱུར་བ་མེད་པ་ཤེས་ཀྱི་ཡོད་ཅེས་སྨྲ་བཞིན་པ་རེད་ལ། མི་འགྱུར་བ་ཞིག་ལ་འགྱུར་བ་མེད་ཅེས་ཞུ་དགོས་པ་ཞིག་འགྲོ་སྟངས་དང་གཏན་ཚུགས་གཉིས་ཀར་འོས་པོ་མེད་སྟབས། བཀའ་མོལ་འདི་འདྲ་གནང་ན་དངོས་གནས་༧གོང་ས་མཆོག་གི་དགོངས་གཞི་སྲིད་འགན་རྩིས་སྤྲོད་བྱེད་སའི་མི་གོ་ཆོད་ཀྱི་མེད་པ་གསལ་བོ་རེད། ལར་ནས་འགྱུར་བ་མེད་ཅེས་གསུང་རྒྱུ་ལས་ཉེ་སྔོན་ཐའེ་ཝན་ནས་ཕེབས་པའི་བོད་རང་བཙན་དོན་གཉེར་བའི་རྒྱ་ཕྲུག་དེ་ཚོར་ཐུག་འཕྲད་གནང་བ་ལྟ་བུ་རྩ་ནས་མ་གནང་ན་ཡག་གི་རེད། དྲང་པོར་ཀུན་གྱིས་ཡིད་ཆེས་བློ་འགལ་བྱེད་ཙང་”ང་རྐུན་མ་མིན་”ཞེས་ནམ་ཡང་གསུང་མི་དགོས་པ་དེ་འཇིག་རྟེན་ཡ་རབས་ཀྱི་སྲོལ་བཟང་རེད། འོན་ཀྱང་ཐའེ་ཝན་གྱི་སློབ་ཕྲུག་བོད་རང་བཙན་བཤད་མཁན་དེ་ཚོར་ཐུག་འཕྲད་གནང་བ་འདི་གཅིག་པུས་བོད་རྒྱ་འབྲེལ་མོལ་བྱེད་འདོད་ཀྱི་ཆོད་སེམས་དང། དབུ་མའི་ལམ་ལ་འགྱུར་བ་མེད་ཟེར་བ་གཉིས་ཀ་ཁ་ཞེ་གཉིས་མེད་ཡིན་མིན་ལ་དཔྱད་པ་གཏོང་སའི་གཞི་ཆགས་ངེས་རེད།
མཐའ་སྡོམ། ངས་སྲིད་སྐྱོང་མཆོག་ལ་རེ་སྐུལ་འགའ་ཞུ་འདོད་དེ། སྤྱིར་མཁས་མཛངས་ལྡན་པའི་ལམ་སྟོན་དང་གནང་སྟངས། རྣམ་འགྱུར་བཅས་ལ་སུ་ཡིན་ཡང་གུས་བརྩི་ལོས་ཞུ་མོད། གདེང་ཚོད་དང་གཞུང་ལུགས། ཁོར་ཡུག་བཅས་གང་ཐད་ནས་མེད་པའི་རྣམ་འགྱུར་གསར་པ་སྟོན་རྩིས་བྱེད་པ་དེ་ནི་དགོངས་གཞི་སྒྲུབ་སྟངས་ཤིག་མ་རེད་ལ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་སྟངས་ཤིག་དེ་བས་ཀྱང་མ་རེད།
དེ་བས་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་མགོ་མི་འཁྱོངས་པ་གསལ་བོ་ཡིན་པ་རྒྱ་བོད་ཕྱོགས་གཉིས་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱིས་ཆོས་ཉིད་ལྟར་ཐག་བཅད་ཟིན་པ་ཞིག་ཡིན་སྟབས། དངོས་ཡོད་གནས་ཚུལ་དང། མི་མང། ཤེས་ལྡན་པ་དག་གི་ཐུགས་མོས་གཞིར་བཟུང་ཕྱོགས་ལྷུང་རྩ་བྲལ་ཐོག་༼ བཀའ་བློན་ལས་རོགས་འདེམས་པ་ལྟར་མིན་པ། རྩོམ་པ་པོའི་མཆན། ༽སྐུ་ཚབ་ཀྱི་འོས་མི་༸རྒྱལ་བ་རིན་པོ་ཆེར་མྱུར་དུ་འབུལ་ལམ་ཡོང་བ་དང། དེ་དང་མཉམ་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡོད་ཅིང་སུས་ཀྱང་བསྒྱུར་ཏུ་མི་བཏུབ་པའི་དངོས་ཡོད་གནས་ཚུལ་གྱིས་སྤྲད་པའི་འོས་འགན་སྟེ་རྒྱ་ནག་དང་མཉམ་དུ་ཁོང་གི་སྐུ་ཚབ་ཐུག་འདོད་ཡོད་པའི་བཀའ་སློབ་ཕེབས་རོགས་ཞེས་ནན་སྐུལ་མ་ཞུས་དུས། བགྲང་བྱ་ལྔ་འདི་འདི་ལྟར་རྫོགས་སོང་ན། དཔོན་པོ་བཟང་པོ། དཔོན་པོ་བཟང་པོ། དཔོན་པོ་བློ་བཟང་སེང་གེ་ཞེས་བསྟོད་དབྱངས་གནམ་དུ་སྒྲོག་མཁན་གླེན་པ་རེ་ཟུང་དང་། སྒེར་གྱི་ལྟོ་གོས་དོན་གཉེར་བ་འགའ་ལས་མི་ལྷག་པ་ཧ་ཅང་གསལ་བོ་རེད་འདུག་ན། དགོངས་པས་དགྱེས་བཞེས་ཡོང་བར་འཚལ།།
༢༠༡༣། ༧། ༢༩། ཉིན་འཁྲུངས་སྐར་གཏམ་བཤད་བཀླགས་ཏེ་སྦྱར།།
Thank you so much mr khutah la,
ད་གཡུག་བཞོག་སྲིད་སྐྱོང་ནི་མིང་ཙམ་དང་། མི་མང་མགོ་བོ་རྨོངས་སུ་བཅུག་རྒྱུ་ཙམ་ལས་དོན་གྱིས་རང་དབང་ཐོག་ཕྱག་ལས་ཤིག་གནང་ཐུབ་ཀྱང་གནང་ས་ཡོད་མིན་དེ་ཟུར་གནས་ཀུན་གྱི་ཤེས་གསལ་རེད། བོད་རྒྱའི་འབྲེལ་མོལ་ཟེར་བ་དེ་ཚོ་བཀའ་ཤག་སྐབས་སྔ་མའི་དུས་ནས་རྩ་མེད་བཟོས་ཟིན་པ་ཞིག་ལ། ཁོང་གིས་སླར་ཡང་མཐུད་ཐབས་ཤིག་ཡོད་མེད་དེ་ཡང་རྟོགས་དཀའ། གང་ལྟར་ད་ལྟའི་བཙན་བྱོལ་བ་ཚོར་ལམ་གཅིག་རང་ཡོད་པ་ནི་ལོག་བཅུག་རོགས་ཟེར་རྒྱུ་དེ་ལས་གང་ཡང་ལྷག་མེད། དེ་ནི་ཉེ་སྔོན་པདྨ་འཕྲིན་ལས་ཀྱི་ནིའུ་ཡོག་ཏུ་བཤད་པའི་གཏམ་བཤད་ལས་རྟོགས་ནུས། མདོར་ན་སྲིད་སྐྱོང་ནི་མིང་ཙམ་ལས་ཁོང་ལ་ནུས་ཤུགས་གང་ཡང་མེད་པ་ཡང་ཉེ་སྔོན་༧གོང་ས་མཆོག་གི་གྲོས་ཚོགས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ནུས་ཞེས་ཞལ་གྱིས་བཞེས་པ་དེས་ཀྱང་སྲིད་སྐྱོང་མཆོག་གི་ཕྱག་ལས་དང་མཚན་མཐོང་ལ་ཕན་གནོད་ག་ཚོད་འབྱུང་རྒྱུ་ཡིན་ཧ་གོ་གོ་རེད། བོད་པ་རང་ཉིད་ཀྱི་དཔོན་པོ་ལ་བོད་པས་བརྩི་བཀུར་མེད་ན། རྒྱལ་སྤྱིར་ཁོང་གི་འབོད་བསྐུལ་དང་ཕྱག་ལས་སོགས་ལ་དོ་སྣང་གང་ནས་ཡོང་། དེས་ན་གང་ལྟར་ལོག་བཅུག་རོགས་ཟེར་ནས་ལོག་རྒྱུ་རང་རེད་ཨ།
ད་གཡུག་བཞོག་སྲིད་སྐྱོང་ནི་མིང་ཙམ་དང་། མི་མང་མགོ་བོ་རྨོངས་སུ་བཅུག་རྒྱུ་ཙམ་ལས་དོན་གྱིས་རང་དབང་ཐོག་ཕྱག་ལས་ཤིག་གནང་ཐུབ་ཀྱང་གནང་ས་ཡོད་མིན་དེ་ཟུར་གནས་ཀུན་གྱི་ཤེས་གསལ་རེད། བོད་རྒྱའི་འབྲེལ་མོལ་ཟེར་བ་དེ་ཚོ་བཀའ་ཤག་སྐབས་སྔ་མའི་དུས་ནས་རྩ་མེད་བཟོས་ཟིན་པ་ཞིག་ལ། ཁོང་གིས་སླར་ཡང་མཐུད་ཐབས་ཤིག་ཡོད་མེད་དེ་ཡང་རྟོགས་དཀའ། གང་ལྟར་ད་ལྟའི་བཙན་བྱོལ་བ་ཚོར་ལམ་གཅིག་རང་ཡོད་པ་ནི་ལོག་བཅུག་རོགས་ཟེར་རྒྱུ་དེ་ལས་གང་ཡང་ལྷག་མེད། དེ་ནི་ཉེ་སྔོན་པདྨ་འཕྲིན་ལས་ཀྱི་ནིའུ་ཡོག་ཏུ་བཤད་པའི་གཏམ་བཤད་ལས་རྟོགས་ནུས། མདོར་ན་སྲིད་སྐྱོང་ནི་མིང་ཙམ་ལས་ཁོང་ལ་ནུས་ཤུགས་གང་ཡང་མེད་པ་ཡང་ཉེ་སྔོན་༧གོང་ས་མཆོག་གི་གྲོས་ཚོགས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ནུས་ཞེས་ཞལ་གྱིས་བཞེས་པ་དེས་ཀྱང་སྲིད་སྐྱོང་མཆོག་གི་ཕྱག་ལས་དང་མཚན་མཐོང་ལ་ཕན་གནོད་ག་ཚོད་འབྱུང་རྒྱུ་ཡིན་ཧ་གོ་གོ་རེད། བོད་པ་རང་ཉིད་ཀྱི་དཔོན་པོ་ལ་བོད་པས་བརྩི་བཀུར་མེད་ན། རྒྱལ་སྤྱིར་ཁོང་གི་འབོད་བསྐུལ་དང་ཕྱག་ལས་སོགས་ལ་དོ་སྣང་གང་ནས་ཡོང་། དེས་ན་གང་ལྟར་ལོག་བཅུག་རོགས་ཟེར་ནས་ལོག་རྒྱུ་རང་རེད་ཨ། དེས་ན་རྙོགས་གཏམ་གྱིས་ཅི་ཡང་ཕན་པ་མེད། བསྟོད་སྨད་ཀྱིས་ཅི་ཡང་ཕན་གནོད་མེད་པའི་དུས་ལ་སླེབས་ཟིན་པ་རེད། དེ་བས་སྐྱོན་བརྗོད་དང་འུར་གཏམ་འཆལ་གཏམ་བཙན་གཏམ་གང་ལའང་ཡིད་ཆེས་དང་བདག་སྤྲོད་མི་བྱེད་པར། ཆོལ་གསུམ་རང་རིགས་ཡོངས་རྫོགས་ལག་པའི་ནང་ལག་པ་སེམས་པའི་ནང་སེམས་པ་བཞག་ནས་ལོག་འགྲོ།
་་་་ བགྲང་བྱ་ལྔ་འདི་འདི་ལྟར་རྫོགས་སོང་ན། དཔོན་པོ་བཟང་པོ། དཔོན་པོ་བཟང་པོ། དཔོན་པོ་བློ་བཟང་སེང་གེ་ཞེས་བསྟོད་དབྱངས་གནམ་དུ་སྒྲོག་མཁན་གླེན་པ་རེ་ཟུང་དང་། སྒེར་གྱི་ལྟོ་གོས་དོན་གཉེར་བ་འགའ་ལས་མི་ལྷག་པ་ཧ་ཅང་གསལ་བོ་རེད་འདུག་ན། དགོངས་པས་དགྱེས་བཞེས་ཡོང་བར་འཚལ།། ་་་་་ཟེར།
ད་ངེད་ཚང་གི་སེང་གེ་དེ་གངས་སེང་མིན་ཁྱི་སེང་གི་འགྱུར་འགྲོ་ཡོད་པ་དངོས་ཡོད་རེད། མཁས་ལངས་དང་དམ་བཅས་པ་གཅིག་གི་ཐོག་ལ་མི་འགྲོ་བ་མ་ཟད་ད་ལྟ་ཕྱོགས་ཁག་སྒྲིག་པར་འབད་བརྩོན་བྱེད་ཀྱིན་པ་དེ་དངོས་ཡོད་ཡིན་པས་ན་ང་ཚོ་ཚང་མས་ངེས་པར་དུ་བསམ་བློ་གཏོང་རན་འདུག། རང་གི་པར་འཁྱེར་ཏེ་ཐང་ཁ་བཟོས་པ་མ་ཟད་ག་དུས་ཡིན་ཡང་བྱིས་པ་དག་ལ་མགོ་སྐོར་གཏོང་བྱེད་ཀྱི་གཏམ་བཤད་ཏག་ཏག་གནང་དེ་བསྡད་འདུག། སེང་གེ་བློ་བཟང་གི་རང་གཟུགས་ག་ལེར་སྟོན་གི་འདུག།
སྲིད་སྐྱོང་ནས་ཕྱག་ལས་གནད་ལ་ཁེལ་བ་མང་པོ་བྱེད་སོང། ཤར་ཁུག་ཁྲག་དམར་པོ་འཁྱེར་ནས་རྒྱ་ལ་ལོག་
ཤར་ཁུག་ཁྱོད་ལ་སྲིད་སྐྱོང་ནས་ལས་དཀའ་ཞིག་མ་གནང་བ་སོང་ཙང་སྙིང་ནད་ཡིན་པར་སུས་ཀྱང་ཤེས་ རང་ངོས་ནས་བལྟ་ཕྱོགས་ནོར་ན་ག་དུས ཡིན་ཡང་སྐྱོན་རང་མཐོང་བ་དང་། དོལ་ཚོགས དང་རྒྱ་རོ་ནས་ག་དུས་ཡིན་ན་ཡང་༧གོང་ས་མཆོག་ལ་སྐྱོན་མཐོང་བཞིན་རེད། ་སྲིད་སྐྱོང་ལ་ནོར་བ་ཡོད་ཀྱང་ ཁྱོད་རང་ལབ་པ་ནང་བཞིན་ནག་པོ་ནག་ཀྱང་ཞིག་མ་རེད། དྲང་པོ་ཞེས་པ་དེ་གལ་ཆེའོ་
མངའ་རེས་ནས་གསུང་པ་ལ་གོ་རྒྱུ་ཆེ་ལ་བདེན་ཁ་སྦྱིན་ནོ།
ཤར་ཁུག་རང་བཙན་རྩོད་མཁན་ཚོ་དགྲར་བལྟ་བ་རེད་། རང་བཙན་ཐོབ་མཚམས་ཁྱོད་བཙོན་ཁང་ལ་གཞག་ན་ཡག་པོ་འདུག། སྔོན་ཁྲག་དར་མགོ་ལ་གྱོན་ནས་རྒྱ་ལ་ལོག་ན་ཁེ་སང་ཆེ།
མྱངས་ཡོད། ཉིད་ཀྱི་ལངས་ཕྱོགས་དང་སྤོབས་སེམས་ལ་ནམ་ཡང་གུས་འདུད་ཡོད།
ཤར་ཁུག་ལགས་སུ། སྐད་ཆ་དྲང་པོ་བཤད་ན། འཛམ་གླིང་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་སྐྱབས་མགོན་ཡིད་བཞིན་ནོར་བུ་འམ། རྒྱལ་བ་རིན་པོ་ཆེ་དང་། དེ་རྗེས་དོན་གྱི་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་ཐེངས་མ་གཉིས་ཐམ་པ་འོས་ཤོས་ཐོབ་སྟེ་ཕྱག་ལས་གནང་། ཁོང་གཉིས་ཀྱིས་མ་འཇོན་པ་ཞིག་སེང་གེ་བུ་ཕྲུག་གསར་བུ་ཞིག་གི་འཇོན་རྒྱུ་ག་ལ་ཡོད་དམ། མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་རྒྱ་འབྲེལ་མོལ་ཀྱང་འཇུག་སྦྲེལ། བོད་གཞུང་གི་མིང་ཡང་བཙོན་བྱོལ་སྒྲིག་འཛུགས་སུ་བསྒྱུར་སྟེ། བློ་བཟང་སེང་གེའི་སྟེང་དུ་གཡོགས། ད་དུང་དེ་ཡང་སེང་གེ་ལ་དབང་ཆ་ཡོངས་རྫོགས་ཡོད་མེད་ཀྱང་ཐེ་ཚོམ་རེད། དགོས་ན་ད་དུང་སྤྲོས་ཆོག །
ཨ་ཨ་ཨ། ཕྱིར་སྡོད་བཀའ་བློན་དང་སྤྱི་འཐུས་ནས་བོད་མི་ས་ཡ་དྲུག་གིས་ཚབ་བྱེད་མི་ཐུབ་ཞེས་རྒྱལ་བ་རིན་པོ་ཆེས་གསུང་བ་དེ་བདེན་པ་རེད། རྒྱལ་བ་རོན་པོ་ཆེ་ཁོང་གིས་ཡང་བོད་མི་ཡོངས་ཀྱི་ཚབ་མི་ཡོང་བ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་མཇུག་རྫོགས་བྱས་བ་ཡིན་རྒྱུ་རེད།
མངའ་རིས་འཕྲིན་ལས་ལགས། ༼༧གོང་ས་མཆོག་གི་གྲོས་ཚོགས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ནུས་ཞེས་ཞལ་གྱིས་བཞེས་པ༽དངོས་གནས་བདེན་པ་རེད་དམ། ཁྱེད་ལ་ཁུང་སྐྱེལ་ཡོད་ན་གསུངས་རོགས་ཞུ། ཐུགས་རྗེ་ཆེ།
ཉེ་སྔོན་སྲིད་སྐྱོང་བདེ་སྐྱིད་གླིང་དུ་འཚམས་གཟིགས་སུ་ཕེབས་ཏེ”ད་ནས་བོད་གཞུང་ལ་དཔལ་འབྱོར་གྱི་དཀའ་ངལ་གང་ཡང་མེད། མ་ཟད་བོད་མི་ལྔ་སྟོང་ཨ་རི་ལ་གཏོང་འཆར་ཡོད”ཅེས་བཤད་པ་ཁྱོད་ཚོས་ཐོས་སམ། སྐད་ཆ་འདི་ནི་ང་རང་ས་གནས་དེའི་སྐྱེ་དམན་ཞིག་དང་དངོས་སུ་ཐུག་ཏེ་ཁོ་མོས་བཤད་པ་ཞིག་ཡིན་པ་ལས། ངས་རང་བཟོ་བྱས་པ་ཞིག་གཏན་ནས་མིན།
ང་རང་ནས་བོད་ཡིག་ཡག་པོ་ཤེས་མེད། ཡིན་ན་ཡང་། སྐད་ཆ་ཞིག་དྲང་བོ་བཤད་གི་ཡིན། ངའི་ཨ་ཁུ་ལ་སྐལ་བཟང་རྡོ་རྗེ། སྲིད་སྐྱོང་གི་གྲོགས་པོ་ཡག་ཤས་རེད། ཁོ་རང་ལ་དགེ་རྒན་བྱས་ན་འཇོན་ཐང་ཡོད་དང་ཁ་བོ་རེད། མ་གཏོགས་སྲིད་སྐྱོང་ཤེས་མ་རེད། འ་ནེ་ཁོ་རང་གིས་མི་གཞན་ལ་འབྲེལ་ལམ་བྱེད་མི་ཤེས། ཁོ་རང་གི་གཤིས་ཀ་གཅིག་པོ་བསྡད་དེ་ཀོ་ཧྤེ་འཐུང་། ཞལ་པར་བཏང་ནས་སྡད། ཚམ་ལ་རེ་དྲ་རྒྱ་ངོགས། དབྱིན་ཇི་འབྲི་ཡ་ལ་སྲིད་སྐྱོང་ལས་ཡག་པོ་ཡོད་རེད། དེ་འདྲ་སོང་ཙང་། ཚ་མོ་ངའི་རེ་བ་ཨ་ཁུ་སྲིད་སྐྱོང་གི་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་ལས་སམ་བྷོ་ཏ་སློབ་གྲྭའི་དགེ་རྒན་བྱས་ན་ཡང་འདུག
བོད་པ་ནང་ཁུལ་དེ་ཕྱོགས་ཁག་བྱེད་ན་ཡག་པོ་མི་འདུག
གལ་སྲིད་ང་ངའི་ཨ་ཁུ་ཡིན་ན། ཨ་རིའི་སྐུ་ཚབ་འགྲོ་གི་མ་རེད། སྲིད་སྐྱོང་གི་གྲོགས་པོ་ལམ་སང་དེ་གོ་ས་མཐོན་པོ་སྤྲད་ན། རྒྱ་ནག་བྱེད་སྟངས་དང་གཅིག་པ་རེད་བསམ་གི
I think its not equal to our Tibetan community as Sikyong said so three principles unity,innovation and self-reliance.Thus please move forwards as equal right and justice.
ཕྱོགས་ཞེན་གདོན་གྱིས་ཟིན་པའི་མི་ངན་དང་། ། དམ་སྲི་ཁོག་ཏུ་ཞུགས་པའི་མི་སྲིན་དང་། །དགྲ་བོའི་མངོན་འདོད་བརྩོན་མཁན་རྒྱུག་ཁྱི་སོགས། །ཁ་བརྡ་དྲ་བ་ཚང་གི་སྐུ་འགྲོན་རྣམས། །དེ་རིང་སླར་ཡང་ཐུག་པར་ལེགས་སོ་ཡོད། །མི་འདོད་ཆོ་ངེ་སྟོང་གསུམ་བསྒྲོག་ཀྱང་ཆོག །མི་གཞིར་ངན་སྨྲས་གང་འདོད་བྱས་ཀྱང་ཆོག །མི་བརྗེ་སྲིད་སྐྱོང་བོད་མིའི་དཔོན་པོ་ལ། །རྒྱལ་ཞེན་ཅན་ཚོས་ངོས་འཛིན་བཀུར་སྟི་དེས། །ཁྱེད་ཅག་སྙིང་དུ་གཟན་རུང་ཐབས་ཤེས་དབེན། །མང་པོས་བཀུར་བའི་མི་རྗེ་སྲིད་སྐྱོང་མཆོག །མི་བུ་རྣམ་དཔྱོད་ཅན་ཞིག་ཡིན་པ་དེར། །ཉི་ཤར་སྦར་མོས་འགེབས་འདོད་རྨོངས་རྟགས་དང་། །རང་རྒྱུད་གདོན་གྱིས་ཟིན་པའི་བྱ་སྤྱོད་ལས། །དེ་མིན་གནས་ལུགས་བདེན་པའི་དཔྱད་གཏམ་གཅིག །སྔར་ཡང་མ་མཐོང་ཕྱིས་སུ་མཐོང་རེ་མེད། །རྣམ་ཀུན་དབྱེན་སྦྱོར་མཁན་པོ་ཐན་བྱ་དང་། །བླུན་སྤྱོད་མ་ལུས་འབྱུང་གནས་མངའ་རིགས་དང་། །གཟུར་གནས་བློ་མིག་ཞར་ར་ཆོས་འཕེལ་སོགས། །ཚོད་མེད་ཁ་ལ་བདག་པོ་མེད་པ་དེས། །རང་གཤིས་དམར་ཧྲང་རང་གིས་སྟོན་ཙམ་ལས། །རང་རིགས་མགོ་བོ་ནམ་ཡང་འཁོར་དོགས་མེད། །
ཡ་ད་བཀའ་སྤྱི་གཉིས་ཀྱི་བོད་མི་ས་ཡ་དྲུག་གི་འཚབས་མཚོན་མ་ཐུབ་ན་ཕལ་ཆེར་ད་་་་ཏིང་ཞོ་ཕིང་དང་་་ཀྱང་ཙེ་མེན་་་་ཧྤི་ཅིས་ཐོ་་་་ཞི་ཅིན་ཕིན་་་བཅས་ཡིན་འགྲོ་ཡ་ཡ་བཙན་བྱོལ་
ནང་གི་་་་རྒྱལ་ཟང་་་་གཉིས་མགོ་འདོག་གི་བསམ་བློ་མ་གཏོགས་མེད་བ། དེ་ཡིན་དུས་གོང་གི་རྒྱ་རྒན་དེ་ཚོ་བོད་མིའི་འཚབས་མཚོན་ཡིན་དང་ཡིན་། ཤར་ཁུག་ནི་རྒྱ་དམར་གི་ཁྲག་དར་
ཕྱར་ནས་མགོ་འདོག་རིང་ལུགས་གི་མགོ་གཙོ་ཡིན་པ། ཧཧཧཧཧཧ
མྱི་འདིའི་ཁ་ན་ཁ་བྲོ་བའི་གཏམ་ཞིག་མེད།
མྱི་འདི་ལ་ཆི་ལས་འདི་ལས་མེད།
རྒྱ་ཁུག་འདིའི་ལག་ལ་དར་དམར་བཞག་ནས་གཏོར་རྫོངས་བྱས་ན་ང་ཚོ་རྣ་དལ།
མྱི་འདི་འདྲ་རྣ་རྫོད། སྔོན་མ་ཡང་ང་ཚོ་ལ་གཅིག་གཉིས་རེ་ཡོད་མྱོང་བ་རེད།
མྱི་འདིའི་རིགས་མཐའ་མ་སྔ་མར་ཨ་རི་ཡོ་རབ་ལ་སོང་ནས་མ་བྱན་གཡོག་རྒྱུག་འདྲ་བྱེད་པ་ལས་ལམ་གཞན་མེད། མྱི་འདི་ཚོས་བོད་མི་གཅེ། སོ་སོ་གཅེ། སོ་སོའི་རང་དོན་ལ་མྱི་གསོན་ཟ་བྱེད། བོད་རྒྱ་ལ་བཙོང་། ཡོད་མེད་ལ་བསྒྱུར། མེད་ལ་མུག་གེ་སྟེར།
གཡོ་འོག་དུ་མི་ཚུད་པར། ང་ཚོ་ཚང་མས་བློ་སྒྲིམ་དགོས། བྱོས་སོང་ངམ། དྲ་གྲོགས་ཚོ། བོད་གངས་ཅན། དགྲའི་ཁ་གཏད།
དགེ་ཆོས་ཚང་ལ་ཡི་རྒྱབ་སྐྱོར་ཡོད། སྲིད་སྐྱོང་ལ་གྲུབ་འབྲས་ཏིལ་འབྲུ་ཙམ་མེད་འཇིག་རྟེན་ཀུན་གསལ་རེད།།
སྲིད་སྐྱོང་ལ་ཁག་ཆེ། རྒྱལ་བ། པཎ་ཆེན། ས་སྐྱ་སོགས་བླ་ཆེན་རྣམས་པ་དང་འདིའི་སྔོན་བྱུང་མྱུང་བའི་བཀའ་བློན་དང་ཆབས་སྲིད་སུས་ཀྱང་ལས་ཐུབ་མེད་པ་རེད་མ་གཏོགས་སྲིད་སྐྱོང་བློ་བཟང་སྐབས་རང་བཙན་ཤོར་བ་ཞིག་མ་རེད་ད།
ཤར་ཀུག་ལ་ཁག་མེད་སྲིད་སྐྱོང་གི་ཕྱག་ལས་ཤར་ནུབ་ལ་ཁྱབ་ཚེ་སྙིང་རྩ་གས་ནས་མ་ཤི་བ་བཟང་། ཁྱེད་ཅག་ཁྱི་རྒྱུགས་ཚོས་གང་བཤད་ན་བཤད་ཆོག་
འུ་ཚོས་འདི་བཞིན་གླེང་མོལ་བྱས་ན། བསམ་བློ་རྗེ་རེས་ཟེར་བ་དང་། བློ་སྐྱེད་འོང་རེས་ཟེར་བ་སོགས་ཉིན་མོའི་སྐར་མ་ལྟ་བུ་རེད། ཤར་ཕྱོགས་ཁུག་རྟས་ཐེངས་འགའ་རེར་སྲིད་སྐྱོང་མཆོག་གི་སྲིད་ཕྱོགས་ཀྱི་ལས་དོན་དང་། དེ་འབྲེལ་གྱི་གསུང་འགའ་རེ་ལའང་དོགས་སློང་ངམ་བསམ་ཚུལ་བཤད་པ་ངས་མཐོང་མྱོང་། ངས་དུས་རྒྱུན་དེ་ཚོ་མཐོང་དུས་འདང་ཅི་ཞིག་བརྒྱབ་མྱོང་བ་ལྟར་བཤད་ན། དེ་ནི་རང་རེའི་སྲིད་སྐྱོང་མཆོག་དང་། འུ་ཚོའི་མི་དཀྱུས་མ་ཞིག་གཉིས་ཀའི་ཐུན་མོང་གི་གཟི་བརྗིད་རེད་འདོད་པ་དེ་ཡིན། དེའི་རྒྱུ་མཚན་མདོར་བསྡུས་ནས་བཤད་ན། འུ་ཚོའི་ཁོར་ཡུག་ཆུང་ཆུང་བོ་འདིར། སྟོབས་ཆེན་དགྱ་ནག་ལའང་མེད་པའི་སྨྲ་རྗོད་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ཁོར་ཡུག་སོགས་ཡོད་པས་རེད་ཟེར་གྱིན་ཡིན།
གོང་ས་མཆོག་ཕ་ཡུལ་ལ་གདན་འདྲེན་ཞུ་རྒྱུ་འདི་གལ་ཆེན་ནང་གི་རྩ་ཆེན་ཞིག་ཡིན་པ་དེ། སུ་ལའང་བཤད་མི་དགོས་པ་ཞིག་རེད། རང་རེའི་གཞིས་ལུས་བོད་མི་རྣམས་ཀྱི་ཉིན་ཟླ་ལོ་གསུམ་གྱི་འཚོ་བའི་ནང་གི་སེམས་ཁམས་དང་རེ་བ་བསམ་བློ་བཅས་སུ་གོང་ས་མཆོག་ལ་གཅིག་མཇལ་ནས་ཆོས་ཞུ་འདང་དེ། དུས་རྒྱུན་དུ་ཡོད་ཡོད་པའི་དོན་དག་ཅིག་རེད། དེ་མིན་གཞན་ཞིག་གི་སྟེང་ནས་བཤད་ན། བརྒྱད་ཅུ་ལོའི་སྐབས་ཀྱི་འོས་ལངས་ཁག་དང་། གཉི་སྟོང་བརྒྱད་ལོའི་ཞི་རྒོལ་གསར་རྗེ་ཆེན་མོ་དང་། དེའི་རྗེས་ཀྱི་ཞི་བའི་རང་སྲེག་ངོ་རྒོལ་རིམ་པ་བཅས་ཀྱི་སྐབས་སུའང་། གཞིས་ལུས་བོད་མི་གཙོས་བོད་མི་ཡོད་དོ་ཅོག་ཐུན་མོང་གི་རེ་འདུན་མཚོན་བྱེད་ཀྱི་འབོད་སྒྲ་མང་པོ་ཞིག་ཡོད་པའི་ནང་ནས། གཅིག་མཐུན་གྱི་གལ་ཆེའི་འབོད་སྒྲ་དེ། ཁོང་ཡིད་བཞིན་ནོར་བུ་རང་ས་རང་ཡུལ་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གདན་འདྲེན་ཞུ་རྒྱུ་རང་ཡིན་མོད། འོན་ཀྱང་དེ་ཚོ་ལས་སླ་པོའི་དོན་དག་ཅིག་མིན་པ་ངོ་མ་བདེན་པ་རེད། ཡིན་ན་ཡང་། འུ་ཚོས་ཉམས་འཇོག་དགོས་པ་ཞིག་ལ། རང་རེའི་སྲིད་སྐྱོང་ལགས་གཙོ་བའི་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས། གནད་དོན་དེའི་ཆེད་དུ་ཅི་ཞིག་བྱེད་ཀྱིན་འདུག བྱས་བཞག་པ་དེ་ཚོ་གང་ཡིན། ཅི་ཞིག་བྱ་འདང་ཡོད་པ་སོགས་ཀྱི་ཐད་ལ། དམིགས་བསལ་བྱེ་བྲག་ཏུ་བབས་ནས། བསམ་ཚུལ་འདོན་རྒྱུ་དང་འདྲི་རྩད་གནང་རྒྱུ་དེ་ཅིས་ཀྱང་གལ་ཆེན་ཞིག་ངས་རེད་འདོད།
ཨ་ལགས་ཀྱིས་བསམ་ཚུལ་ཡག་པོ་གསུང་གི་འདུག་པས་དགའ་བསུ་ཞུ་རྒྱུ་ཡིན།
དྲྭ་གྲོགས་ཡོངས་ལ་ཕུལ་བ།
ཁ་བརྡའི་གླེང་སྟེགས་འདི་ནི་མི་དགེ་བའི་ལས་གསོག་ས་དང་། བོད་མི་རིགས་ཀྱི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ཡོ་བྱད་ཆེན་པོ་ཞིག་ཏུ་ཆགས་འགྲོ་བཞིན་འདུག །འདི་གར་སླེབས་མཁན་མང་བོ་ཞིག་ནི་ཆོས་པ་དང་གྲྭ་བཙུན་ཡིན་བཞིན་དུ། རབ་ན་གསང་བ་སྔགས་དང་ཐེག་པ་ཆེན་པོའི་ལྟ་སྒོམ་དང་། ཐ་ན་དགེ་སྦྱོང་གི་ཆོས་བཞི་ཙམ་ཞིག་ཉམས་ལེན་དགོས་པས། མི་གཞན་པར་སྐྱག་པ་དང་། བླུན་པོ་སོགས་དེང་སང་མི་སྐྱ་ཤེས་ཡོན་ཅན་ཚོའི་ཁ་ནས་ཀྱང་མི་འོང་བའི་ཚིག་ངན་གི་འཁོར་ལོ་ཉིན་མཚན་ཀུན་ཏུ་བསྐོར་བ་འདི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཉམས་པའི་སྔ་ལྟས་རེད།
རང་གི་བསྟན་པ་ལ་ཤ་ཚ་དེ་འདྲའི་ཆེན་པོ་ཡོད་ན། ཉིན་མཚན་ཀུན་ཏུ་མི་གཞན་ལ་ཁ་བཏང་ནས་དུས་མི་འདའ་བར། དུས་ཚོད་དམ་འཛིན་གནང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་གནོང་དང་། རང་གི་བརྒྱུད་པའི་བླ་མ་མཉེས་པའི་མཆོད་པའི་མཆོག་དང་། བསྟན་པའི་ཞབས་ཕྱིར་འགྲོ །
ཁ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ལ་རྒྱ་གཙང་མ་ཞིག་ཡོད་ན། བོད་རིགས་སྤུན་ཟླ་རྣམས་ལ་མིང་ངན་མཚང་འདོགས་སྨ་འབེབས་དང་དབྱེན་དཀྲུག་གནང་བ་ལས། རིག་གནས་དང་ཤེས་ཡོན་སློབ་སྦྱོང་མཛད་ནས། རང་གི་མི་རིགས་ཀྱི་མདུན་ལམ་ལེགས་པོ་བསྐྲུན་པར་མཁོ་བའི་བྱས་རྗེས་ཞིག་འཇོག་རོགས།
ཡིད་ཤིན་ཏུ་སྐྱོ་བ་ཞིག་ལ། ཁ་བརྡར་ཕེབས་པའི་མི་རྣམས་ཀྱི་ཁྲོད་ནས་སློབ་གྲྭར་སོང་བའི་མི་སྐྱ་རེད་སྙམ་པ་ཚོས་སྒེར་གྱི་ལྟ་ཚུལ་ག་རེ་ཡིན་ཀྱང་། གླེང་མོལ་བྱེད་སྐབས་སུ་བསམ་མནོ་ཞིབ་ཏུ་བཏང་ཞིང་། གུས་ཞབས་ལྡན་པའི་སྒོ་ནས་སྐད་ཆ་ལབ་ཀྱི་ཡོད། དེ་ལས་ལྡོག་ཏེ་གྲྭ་བ་དང་གྲྭ་ལོག་ཡིན་པ་འདྲ་བོ་མང་བོས་ཁ་ཡར་བཀྱག་ཚེ་རང་བསྟོད་གཞན་སྨོད་རྐྱང་རྐྱང་གི་གཏམ་འཆལ་དང་ཆགས་སྡང་གི་ཚིག་རྩུབ་ཆུ་བཞུར་བཞུར་འོང་གི་ཡོད་རེད། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་གསུངས་པ་ཅི་མ་བདེན།
རྒྱ་ནག་སྲིད་གཞུང་ནི་འཛམ་གླིང་སྟེང་དུ་དྲྭ་འཕྲུལ་ངན་སྤྱོད་བྱེད་མཁན་གཙོ་བོ་ཞིག་ཡིན་སྟབས། ང་ཚོས་གཟབ་གཟབ་གནང་དགོས། རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་རྡ་ས་ནས་བོད་མི ཡིན་པའི་རྒྱ་མིའི་སོ་པ་ཞིག་འཛིན་བཟུང་བྱས་ཡོད། གལ་ཏེ་རྒྱ་མིའི་སོ་པ་ཞིག་ཡོད་ན། མི་དེའི་ཁ་ནས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་མདོག་དང་། བོད་དོན་ལ་དགའ་མདོག་བྱས་ནས། དོན་དུ་གཡོ་ཐབས་སྒོ་ནས་བོད་ཀྱི་སྤྱི་ཚོགས་ལ་དངོས་ཤུགས་སྒོ་ནས་གནོད་སྐྱོན་གཏོང་ཅི་ནུས་བྱེད་ཀྱི་རེད། དེས་ན་ཆོས་ལུགས་དང་ཆོལ་ཁའི་བར་དང་། མི་ཕན་ཚུན་བར་ལ་ནང་འགལ་བཟོ་བའི་གཏམ་སྒྲོག་མཁན་ཚོ་ལ་དོ་སྣང་གནང་དགོས།
ཁ་བརྡ་ལ་དགེ་མཚན་མང་བོ་ཡོད་པ་སྨོས་ཅི་དགོས། འདི་གར་མི་ཆེ་ཆུང་སུ་སླེབས་ཀྱང་འདྲ་མཉམ་ཡིན་པ་མ་ཟད། ཁྲིམས་མཐུན་གྱི་སྨྲ་བརྗོད་རང་དབང་གླེང་སྟེགས་ཡིན་པས། རྒྱལ་སྤྱིའི་ཁྲིམས་དང་མ་འགལ་ཚེ་རང་གི་ལྟ་མོས་ཆ་ཚང་བཏོན་ཆོག་གི་རེད། གལ་ཏེ་ཁྲིམས་དང་འགལ་ཚེ། གློག་ཡིག་གཏོང་མཁན་གྱི་མི་དེའི་སུ་ཡིན་དང་སྡོད་གནས་གསལ་བོ་རྩད་གཅོད་བྱས་ཚེ་ཧ་གོ་གི་ཡོད་སྟབས། ད་ནས་དྲན་ཤེས་ལེགས་པོ་མ་བརྟེན་ན་མ་འོང་པར་རང་མགོར་རྙོག་དྲྭ་ལྷུང་ངེས།
བདེ་བོར་བཞུགས།
ཁུག་རྟ། སྲིད་སྐྱོང་གིས་ཁྱེད་རང་གི་ལྟོ་ཕོར་ཐེངས་གཅིག་བཅགས་པར་དེ་འདྲའི་འཁོན་འཛིན་བྱེད་དགོས་ཨ་ཡོད། ཁོང་ག་ཚོད་སྡུག་ཀྱང་མི་མང་གིས་འོས་འདེམས་བྱས་པའི་སྐྱིད་སྐྱོང་རེད། མི་རིགས་འདིེའི་ཆེད་དུ་དཀའ་ལས་སྐྱོན་མཁན་ཞིག་རེད། ཁོང་གང་དུ་པེབས་མིན་དང་། ཕྱག་ལས་གང་ཞིག་གནང་ཀྱང་ཚང་ལ་སྲིན་བྱ་ཁྱོད་རང་ལ་བསྙན་སེང་ཞུ་དགོས་ཨ་ཡོད། དབུ་མའི་ལམ་བུའི་སྟེང་དུ་ཁྱེད་རང་ལ་ལྟོ་ཕོར་ཞིག་རག་ཙང་ཟམ་གདོང་རིན་པོ་ཆེར་བསྟོད་བསྔགས་ཚད་ལས་འགལ་བ་བྱས། ཉིན་ཞིག་དབུ་མའི་ལམ་བུའི་སྟེང་གི་ཁྱེད་རང་གི་ལྟོ་ཕོར་དེ་བཅག་ཚེ་ཟམ་གདོང་རིན་པོ་ཆེ་ཁྱེད་རང་གིས་སྨྱུ་རྩེ་གཏོད་ས་ལྟེ་བ་དེ་ཆགས་ངེས་རེད། གང་ཡིན་ཟེར་ན། དེ་ནི་ཁྱེད་རང་གི་མི་གཞི་ངོ་མ་དེ་རེད།
ཤར་ཁུག་འདིའི་ ག་དུས་ཡིན་ན་སྲིད་སྐྱོང་མཆོག་གིས་མ་འཇོན་པ་ཤར་རྟག་བཤད་ཀྱིས་འདུག། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་སྲིད་སྐྱོང་གཅིག་པོའི་ལས་མགན་མིན་པ་ང་ཚོ་བོད་རིགས་ཚང་མའི་ལས་མགན་རེད་བསམ་གྱི་འདུག་ འོ་ན་ཁྱོད་ཀྱིས་ལོ་གཅིག་གིས་སྔོན་ནས་རྒྱ་མི་ལ་སྤྲེ་ལོད་ཁྲབ་ནས་དར་དམར་གནམ་ལ་ཕྱར་ནས་བོད་ནང་དུ་ཅི་ཞིག་འཕན་སོང་ དེ་ལས་རྒྱ་ནག་དུ་ལོག་ནས་༧གོང་ས་མཆོག་འཕེབ་སྲུ་རུ་གཅར་ན་དངོས་གནས་ཁྱོད་བུ་དཔའ་བོ་ཞིག་རེད་ དེ་མིན་ག་ཚད་བཤད་སྟོང་སྐད་རེད།
ཕན་ཚུན་གྱི་བསམ་བློར་རྩ་ནས་མ་བལྟས་དུས། སེམས་ཀྱི་ངོ་མ་བསམ་རྒྱུ་བོ་བཤད་སར་འགྲོ་མི་ཐུབ། འདི་ནས་འགའ་རེས་དར་དམར་ཁྱེར་ནས་སོང་ཟེར་བ་དང་། ཡང་དགྱ་ནག་ལ་འགོ་འདོགས་ཆེད་སོང་ཟེར་བ་དེ་ཚོ། ཉེས་སྔོན་གྱི་ཉོག་སྒྲ་ཞིག་རེད་མོད། འདིའི་ཐད་ནས་ངར་ཡང་བསམ་ཚུལ་མང་པོ་ཞིག་ཡོད་ཀྱང་། རེ་ཟུང་གིས་ཁད་ལ་མིང་འདོགས་ངན་པ་རེ་ཟེར་ཅི་ཐུབ་བྱས་ནས། དོན་སྙིང་ལ་མ་གསན་དུས་ཅང་བཤད་ས་མི་འགྲོ། གོང་གི་དྲ་གྲོགས་འོད་གསལ་ལགས་ཀྱི་ཁ་ཏ་དེ་སེམས་ལ་བབས་སོང་། བཀའ་དྲིན་ཆེ།
ང་ཡང་འོད་གསལ་ལ་བདེན་པར་འཛིན་
དྲི་བ་དྲིས་ལན་གནང་དུས་གདོང་གི་མཁས་པའི་ཉམས་དེ་ཤོར་འགྲོ་ལ།།
ཡར་མར་འགྲོ་དུས་འགྲོ་སྟངས་ལྟ་སྟངས་མི་ཆེན་དཔོན་ཉམས་ངོམས་ལ་གོམས།།
ད་ནངས་ཤོད་པའི་སྐད་ཆ་དག་ནི་ཕྱི་དྲོ་ལ་ཡང་འགྱུར་ནས་འགྲོ།།
དོན་གྱི་སེང་གེའི་ཁྲི་སྟེང་དེ་ལ་ཝ་སྐྱེས་སེང་པགས་གྱོན་པ་ཞིག།
འཁྲུངས་སྐར་གཏམ་བཤད་ནང་གི་ནག་ཐིག་དང་། །
ཤར་ཁུག་ཆེད་རྩོམ་ནང་གི་ནག་ཐིག་གཉིས། །
ནག་ཐིག་གང་ཆེ་གང་ཆུང་ཀུན་མདུན་བཤམས། །
སེང་གའི་སྒྲིག་འཛུགས་ཡར་རྒྱས་དོན་ལྡན་ཤོག །
སེང་གེས་བགད་རྒྱང་བསྒྲགས་པའི་ཚེ། །
ཤར་ཁུག་ཤོག་རྩལ་འགྲན་རན་འདུག །
ཤར་ཁུག་གིས་བཤད་པ་དེ་དྲང་བདེན་རེད། སྲིད་སྐྱོང་གི་གཏམ་བཤད་དག་ལ་ནང་འགལ་མང་། སྲིད་སྐྱོང་ཡང་ཁ་བཤད་ལས་ལག་ལེན་མེད། མི་ཚོགས་ཆེ་ས་དང་ཐག་རིང་ཡིན་ཚད་སར་སྲིད་སྐྱོང་གིས་བཀའ་བློན་ཚང་མ་གཅིག་ལྕོགས་བྱེད། བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་མེད། བོད་ཀྱི་སྐད་ཡིག་ལ་ཁོ་མི་དུངས། ཆོས་ཐད་ནས་ཁྱིམ་པའི་རྟེན་ཅན་གྱི་བྱང་སེམས་ཅན་ཞིག་མིན་འགྲོ་སྙམ།
བཙན་བྱོལ་བོད་མི་རྣམས་བོད་ལ་ལོག་རྒྱུའི་ཚབ་ཏུ་གཞིས་ཆགས་ཚགས་ཚུད་དང་ཕྱི་རྒྱལ་ལ་གཏོང་གི་ཡོད་བཟོ་སྟོན། དེ་ཐད་ནས་སྲིད་སྐྱོང་གིས་”ང་རང་བོད་མིའི་གཞིས་ཆགས་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་སྐབས་ཕྱི་རྒྱལ་དུ་གནས་སྤོ་ཆེད་རོགས་རམ་ཞུ་མཁན་མང་པོ་འདུག ང་དང་ངའི་ལས་རོགས་བཀའ་བློན་རྣམ་པ་ཚོས་ལོ་གཅིག་ལྷག་རིང་དེའི་ཐོག་ཤུགས་བརྒྱབ་ཡོད།”ཅེས་ཀྱང་བཤད་མྱོང་།
བོད་རྒྱ་འབྲེལ་མོལ་ཐད་ནས་སྲིད་སྐྱོང་གིས་”དུས་ཚོད་ལ་ངེས་པ་མེད་”ཚུལ་ཀྱང་མང་དུ་བསྒྲགས་མྱོང་། དངོས་གནས་བཤད་ན་བོད་རྒྱ་འབྲེལ་མོལ་ཐད་དུས་ཚོད་ལ་ངེས་པ་དགོས་པས་མ་ཚད། དུས་ཚོད་དེ་ཧ་ཅང་འཕྱི་དྲགས་ཡོད། ད་དུང་མང་ཡང་་་་་་་་་་་
བོད་རྒྱ་འབྲེལ་མོལ་གྱི་དུས་ཚོད་བཟོ་མཁན་དེ་སྲིད་སྐྱོང་མ་རེད་རྒྱ་ནག་གཞུང་རེད། གལ་སྲིད་རྒྱ་གཞུང་ནས་འབྲེལ་མོལ་བྱེད་རྒྱུའི་རྣམ་འགྱུར་ཞིག་བསྟན་ཚེ་སྲིད་སྐྱོང་མཆོག་གིས་དེ་ལ་ཡ་ལན་གནང་མི་ཤེས་པ་དང་། གྲ་སྒྲིག་མེད་པ། ཧ་མི་གོ་བ། དུས་ཚོད་མེད་ཟེར སོགས་རྩ་བ་ནས་ཡོང་གི་མ་རེད། སེམས་འཁྲལ་མི་དགོས་སེམས་འཁྲལ་རི་བོང་གནམ་རྡིབ་ཀྱི་སེམས་འཁྲལ་རེད། གང་ལྟར་དེང་སྐབས་ཁ་ཤས་ནས་སྲིད་སྐྱོང་གི་མ་འགྲིག་མ་བྱས་མ་ཤེས་ཟེར་མཁན་དེ་ཚོ་སྒེར་ནད་ཁོག་བཅང་གིས་བཤད་བསྡད་པ་ལས། དོན་དངོས་འདྲེ་ཤར་གླུད་ནུབ་ཏུ་སོང་ཡོད་དོ།
ད་དངོས་གནས་ང་ཚོའི་སྲིད་སྐྱོང་གིས་ཅི་གང་མི་འཇོན་པ་དེ་ཧ་ཅང་གསལ་བོ་རེད།།
སྲིད་སྐྱོང་དང་ཤར་ཁུག་གཉིས་རྒྱབ་འདྲེ་ཅིག་རྒྱག་ན་ད་ལྟད་མོ་ཡོད་ས་རེད། ཧཧཧཧ
འདིར་ཕེབས་མཁན་ཚོས་ཤར་ཁུག་གི་རྩོམ་གནད་སྙིང་པོ་དེ་གང་ཞིག་རེད་འདུག་དེ་གཟིགས་རྒྱུ་གལ་ཆེ། བློ་བཟང་ཆོས་འབྱོར་གྱིས་ག་དུས་ཡིན་ནའང་སྲིད་སྐྱོང་ལ་སྐྱོན་འཛུག་ཚད་ལས་རྒལ་བ་བྱེད་ཀྱིན་པ་ནི། ཁོ་པའི་སྲིད་སྐྱོང་ལ་ཟུག་པའི་ཁོངས་འགྲས་རྙིང་པ་སྐྱར་སློང་བྱེད་བཞིན་པ་འདྲ་ཞིག་སྣང་ཡང་དོན་དངོས་སུ་ཁོ་པས་རྒྱ་ནག་ལ་དགོས་པའི་ལས་ཀ་སྒྲུབ་བཞིན་པ་ནི་གསལ་ཐིང་རེད། དཔེར་མཚོན་གཅིག་ད་ལན་རྩོམ་འདིའི་ནང་གསལ་པོར་ཐོན་སོང་།
གོང་དུ་བློ་ཆོས་ཀྱི་རྩོམ་ལས་ “ སྐུ་ཚབ་ཀྱི་འོས་མི་༸རྒྱལ་བ་རིན་པོ་ཆེར་མྱུར་དུ་འབུལ་ལམ་ཡོང་བ་དང། དེ་དང་མཉམ་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡོད་ཅིང་སུས་ཀྱང་བསྒྱུར་ཏུ་མི་བཏུབ་པའི་དངོས་ཡོད་གནས་ཚུལ་གྱིས་སྤྲད་པའི་འོས་འགན་སྟེ་རྒྱ་ནག་དང་མཉམ་དུ་ཁོང་གི་སྐུ་ཚབ་ཐུག་འདོད་ཡོད་པའི་བཀའ་སློབ་ཕེབས་རོགས་ཞེས་ནན་སྐུལ་མ་ཞུས་དུས། ” ༸སྐྱབས་མགོན་རིན་པོ་ཆེ་ཆབ་སྲིད་ལས་བགྲེས་ཡོལ་གནང་བ་དེས་རྒྱ་ནག་ལ་འཛམ་གླིང་ཐོག་ལབ་སྟངས་མི་ཤེས་པའི་དཀའ་ངལ་ཆེན་པོ་ཞིག་སྤྲད་ཡོད། ལོ་མང་རིང་རྒྱ་ནག་གིས་ཏཱ་ལ་གཙོས་པའི་ཡུལ་གྱལ་སྲིད་གཞུང་འགོ་ཁྲིད་ཚོས་འགྲིག་མ་སོང་མ་གཏོགས་ཁོ་ཚོས་གྲ་སྒྲིག་ཨང་གསལ་ཡོད་རབས་ཀྱང་བཤད་ནས་དུས་ཚོད་བསྐྱལ་བ་རེད། དགོས་དབང་གིས་ཏཱ་ལའི་བླ་མ་ཆབ་སྲིད་ནས་ཡོངས་སུ་བགྲེས་ཡོལ་གནང་རྗེས་རྒྱ་ནག་གིས་སོ་སོའི་མཛུབ་མོ་ཁར་བཅུག་ནས་སྡོད་རྒྱུ་ལས་ཐབས་མེད་པ་ཞིག་ཆགས་སྟབས། ད་དུང་ཨུ་ཚུགས་ཀྱིས་ཏཱ་ལས་ལྐོག་ནས་ཆབ་སྲིད་ཀྱི་འགན་ལེན་བཞིན་ཡོད་རེད་ཅེས་སྒྲོག་ཅི་ཐུབ་བྱེད་བཞིན་པ་ནི། འདས་ཟིན་གྱི་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་ལ་ཏཱ་ལའི་བླ་མའི་མ་འགྲིག་བ་རྐྱང་རྐྱང་བཤད་ནས་དུས་ཚོད་བསྐྱལ་བ་ལྟར་ད་དུང་དེ་ལྟར་འགྲོ་འདོད་ཡོད་པ་མངོན་གསལ་རེད།
བློ་བཟང་ཆོས་འབྱོར་ཁོ་པས་ད་ལན་རྒྱ་ནག་གི་རེ་བ་ངོ་མ་དེ་ཕྱིར་བསྒྲགས་བྱས་པ་ནི་རྒོད་བྲོ་བ་ཞིག་དང་དོན་སྙིང་སོ་སོ་བོད་མི་རིགས་ཀྱི་ཁྲག་རྒྱུན་ཡོད་པའི་གངས་ཅན་པ་ཞིག་གིས་སོ་སོའི་གློ་བ་ཁྲོམ་ལ་སྟོན་པ་ནི་སེམས་པ་སྐྱོ་ཡ་ཞིག་རེད།
གོང་ས་མཆོག་མེད་ན་བོད་རྒྱ་འབྲེལ་མོལ་མེད། འདི་ཁས་མི་ལེན་རང་ལེན་རེད། དངོས་ཡོད་གནས་ཚུལ་ག་དུས་ཡིན་ནའང་དངོས་ཡོད་གནས་ཚུལ་རང་རེད་དོ།
དབུ་མའི་ལམ་ལ་འགྱུར་བ་འགྲོ་མི་དགོས་པ་ཞིག་མ་རེད་ལ་མི་འོས་པ་ཞིག་ཀྱང་མ་རེད། འོན་ཀྱང་སྲིད་སྐྱོང་མཆོག་ནི་མི་སྔོན་གྱི་ལག་ཕྱི་ཙམ་ལས་དབང་ཚད་ཡོད་པ་མ་རེད་ལ། ཟམ་གདོང་བཀའ་ཤག་གིས་བཀས་བཅད་ཀྱི་རྒྱ་ལས་བརྒལ་ནས་འགྲོ་ས་གང་ཡང་ཡོད་མ་རེད། དེར་རྟེན་སྲིད་སྐྱོང་མཆོག་གིས་འཇོན་ཚོད་ཅིག་གནང་གིན་ཡོད་པ་རེད་ལ། ལམ་འགག་མེད་ས་ནས་སྲིད་སྐྱོང་ལ་སྨ་འབེབས་དང་སྒེར་འཁོན་སློང་བ་ནི་ཐ་ཤལ་བྱབ་ཆུང་ལས་ཅི་ཡང་མ་རེད།
སེང་གེས་མི་འབྱོན་པ་བཤད་ན་། ཤར་ཁུག་ཁྱེད་ཀྱིས་བོད་དོན་ཆེད་བྱ་བ་གང་ཞིག་འབྱོན་ཡོད་། ཁྱེད་ཀྱིས་འབྱོན་ཡོད་པ་མི་མང་གི་མིག་ལ་སྟོན་ཀྱི་ཨེ་ཡོད་།
སྐུ་དྲག་ཚོ་ཡིས་ཤོ་མིག་བརྒྱབ་བརྒྱབ་ནས།།
བོད་མི་ཡོངས་རྗོགས་ཁ་འཐོར་དགུ་འཐོར་བཏང།
སེང་གེ་འཇོན་ནོ་ཡུལ་སྐོར་སྤྲོ་འཆམ་རེད།།
ཁ་ཕོ་བྱེད་ཡུལ་བོད་མི་རྒན་འཁོགས་རེད།།
བརྒྱུད་རིམ་ཅི་ཙམ་དགོས་ན་དགོས། དགྱ་བོད་ཀྱི་གྲོས་མོལ་རྣམ་དག་ཅིག་ནམ་བྱུང་ན། དེ་དུས་གོང་ས་མཆོག་དང་དགྱ་གཞུང་གི་སྐབས་དེའི་སྲིད་འཛིན་སྲིད་བློན་གྱི་མཇལ་འཕྲད་དང་། བོད་དགྱ་གཉིས་ཀྱི་གཏན་ཁེལ་གྲོས་མོལ་གྱི་ཉིན་མོ་དེ་ཡིན་པ། དེང་སྐབས་ཀྱི་ཤེས་ལྡན་མི་སྣ་ཚོའི་བསམ་དོན་ཉིད་ཅིག་རེད། དགྱ་ནག་ཚང་ལ། གོང་ས་མཆོག་གི་ཆབ་སྲིད་བགྲེས་ཡོལ་འདི་དཀའ་ངལ་ཞིག་ཡིན་རབས་དེའང་། རང་རེའི་དགྱ་ནག་ཞིབ་འཇུག་མཁན་ཚོར་སྐད་ཆ་མང་པོ་འདུག བསྟན་འཛིན་རྒྱལ་པོ་ལགས་ཀྱི་སྐད་ཆ་དེ་ཆ་ཤས་ཅིག་ཡིན་དུ་ཆུགས་ཀྱང་། སྐོར་དེའི་གནད་དོན་གཙོ་བོ་མིན་པར་ང་འདྲ་བས་ཀྱང་ཤེས། བསྟན་འཛིན་རྒྱལ་པོ་ལགས་ཀྱིས་ཤར་ཕྱོགས་ཚང་གི་རྩོམ་འདིའི་གནད་འགའ་རེ་དང་དང་། འབྲེལ་བ་ཡོད་པའི་མཆན་བརྒྱབ་པ་འདི་འགྲིགས་འདུག
སྲིད་སྐྱོང་ནི་ཆེ་ཉམས་དང་སྟོང་སྐད་རྒྱག་རྒྱུར་དགའ་བ་ལས། ཁོ་ཡིས་རྩ་དོན་གསུམ་དུ་བསྒྲགས་པའི་ནང་གི་གཅིག་ཀྱང་ད་བར་དུ་བྱུང་མེད་ལ། ཁོ་ཡིས་ཤེས་ཡོན་གལ་ཆེར་བསྒྲགས་པའི་ཁྲོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་ཆ་ནས་ཀྱང་ང་ཚོའི་མིག་མདུན་བཤམས་ཡོད་པ་དེ་ལྟར་རེད།
དགྱ་གཞུང་གི་དགོས་མཁོ་ཇི་བཞིན་དགྱ་ནག་གཅིག་གི་སྐད་ཆ་བཤད་ན་མ་གཏོགས། བོད་དགྱའི་གྲོས་མོལ་རྣམ་དག་ཅིག་ནམ་ཡང་ཡོང་གཞི་མེད། བོད་དགྱའི་འབྲེལ་མོལ་ཙམ་ཡང་དུས་ཚོད་ག་དུས་ཤིག་ལ་ཡིན་ཡང་འགྲིག་ཚེ། བོད་དགྱའི་ཞི་མོལ་དངོས་གཞི་དེ་ག་དུས་ཤིག་ལ་འགྲོ་རྒྱུ་ཡིན་ནམ།
རང་གི་མི་དམངས་ལ་ཁས་ལེན་ཆ་ཚང་ཞུས་པའི་མགོ་ཁྲིད་ཅིག་གིས་མ་འཇོན་ན། ཁོ་ཡིས་མི་འཇོན་ཚུལ་དེ་བརྗོད་དགོས་པ་མི་དམངས་ཀྱི་འགན་རེད། ཁག་ཀྱང་ཅི་ཡོད། སྲིད་སྐྱོང་ནི་བོད་མཐོང་མ་མྱོང་མཁན་གྱི་བོད་མི་ཞིག་ཡིན་པས།
བོད་ལ་རྒྱུས་མངའ་དང་མཁྱེན་རྟོགས་གསལ་བོ་མེད་པ་རེད།
ཤར་ཁུག་གི་ནད་ཚ་དེ་ད་རུང་དྲག་མེད་པ་འདྲ། སྲིད་སྐྱོང་ལ་སྐྱོན་ཆ་ཡོད་ངེས་ཤིང་། ཡོད་ཚད་སྐྱོན་དུ་ལྟ་བ་ནི་ཤར་ཁུག་གི་རང་གཤིས་ལྟ་བུར་གྱུར་ཡོད། གཞན་ལ་ལྟ་བའི་མིག་ཡོད་ན། རང་ཉིད་ལྟ་ན་མེ་ལོང་དགོས། ཟེར་བ་ལྟར་མེ་ལོང་ལག་ཏུ་མ་བཟུང་བའི་མི་བུ་ཞིག་གིས་ཁ་ནས་གང་ཡོང་བྱེད་པ་འདི་ཏག་ཏག་བསྡད་མི་འདུག མྱུ་གུ་ཞིག་ལག་ཏུ་འཛིན་ཤེས་པ་ཙམ་གྱིས་དོན་དག་ཚང་མ་ཐག་གིས་གཅོད་མི་ཐུབ་པ་གསལ་བོ་རེད། རང་ཉིད་ལ་འཇོན་ཐང་ཡོད་ན་ལས་ཀ་བྱེད་ས་ཚང་མ་རིམ་པ་བཞིན་སྒོ་རྒྱག་དགོས་དོན་ཡོད་དམ། རྒྱ་ལ་སྤྲེལ་ལད་འཁྲབ་ཡ་མང་དྲག་ནས་གཅིག བོད་པ་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་ཡ་མང་དྲག་ནས་གཉིས། དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཞེས་སྐྱག་རྫུན་བཤད་ཡ་མང་དྲག་ནས་གསུམ། ངོ་མ་མི་ཟེར་ན་ཅང་མེད་གི་ཡ་
ཨ་རོག་རྒྱང་མིག་ལགས། བོད་དགྱ་༡གྲོས་མོལ་༢ཞི་མོལ་༣འབྲེལ་མོལ་སོགས། དོན་གྱི་ཁྱབ་ཁོངས་གཅིག་ན་ཡོད་པ་མིན་ནམ། མ་མཐའ་ཡང་དང་པོ་གཉིས་གཅིག་མ་ཡིན་པའི་སྣང་བ་ཞིག་ངར་མི་འདུག དགྱ་གཞུང་གི་འདོད་པ་ནང་བཞིན་གྱི་མི་ཞིག་གཏང་དགོས་རེད་ཟེར་བ་ཡིན་ནམ། ཡིན་ན་དེ་དངོས་བདེན་གྱི་སྐད་ཆ་ཞིག་ཡིན་ནའང་། དགྱ་གཞུང་ངོས་ནས་ཁོ་ཚོའི་འདོད་པའི་མི་དེ་གསལ་ཁ་མ་བྱུང་ན། ང་ཚོས་ག་འདྲ་བྱས་ནས་ཤེས་སམ། དེ་སྔོན་འབྲེལ་མོལ་བྱས་པའི་སྐབས་ཀུན་ལའང་། དགྱ་གཞུང་ངོས་ནས་ཁོ་ཚོའི་འདོད་པའི་མི་འདི་ཡིན་དེ་ཡིན་གྱི་འདེམ་ཐོན་ཞིག་བྱུང་རབས་མ་གོ ཕྱིན་ཆད་ང་ཚོའི་ངོས་ནས་གོང་ས་མཆོག་བདམས་ན། དེར་དགྱ་གཞུང་གིས་དང་ལེན་ཐུབ་མིན་སུས་ཤེས་ནི་རེད། དེ་ནས་བོད་དགྱ་གྲོས་མོལ་རྣམ་དག་དེ་ནམ་ཞིག་ལ་འོང་ཐུབ་བབ་ཟེར་བ་འདྲ་ཞིག་འདུག དྲི་བ་འདི་བོད་དགྱ་གྲོས་མོལ་ཆེད་དུ་འགྲོ་མྱོང་མཁན་གྱི་གྲོས་མི་ཚོ་དང་། དེ་དག་བཀོད་འདོམས་བྱེད་མཁན་རྣམ་པ་ཚོར་དྲིས་ན། ཁོང་རྣམ་པས་ཅི་ཞིག་གསུང་རྒྱུ་ཡིན་ནམ། ངས་བལྟས་ན་ངར་ཡོད་པའི་སྐད་ཆ་སྟེ། དེ་བཤད་ཤེས་ནི་མ་རེད་ཅེས་པའི་ལན་འདི་ཡིན་སྲིད། འོ་བོད་དགྱ་གྲོས་མོལ་ཞེས་པའི་དོན་དེ། བོད་དང་དགྱ་ཡི་གྲོས་མོལ་ལས་གྲོས་གཞི་གྱུར་བའི་བོད་དགྱ་ཞིག་ལ་མི་གོ་བ་འདྲ་ཞིག་འདུག ནོར་བ་ཡོད་ན་དགོངས་དག
ཡག་པོ་བྱུང་སོང་། ད་མཚམས་ཆད་པ་ཡིན་ས་རེད། གནད་དོན་ལ་གདོང་ལེན་མེད་པར་གང་ཟག་གདོང་ཐུག་གི་རྙོག་དྲ་ལུང་པ་ཤོད་བཞིན་པ་ཡིན་ནི་ཡིད་སྐྱོའི་གནས་སྟངས་རང་རེད། དངོས་ཡོད་ཁུངས་ལུང་ཡོད་པ་དང་སྤྱི་ཚོགས་ལ་ཕན་པ་ཞིག་ཡིན་ན། སྡིངས་ཆའི་སྒང་མཐོན་ནས་ཕོ་དང་ཕོ་གདོང་དང་གདོང་ཐུག་གིས་དག་སེལ་བྱེད་རྒྱུ་ལས་དེ་མིན་དྲ་རྒྱའི་ནང་བསམ་ཚད་དང་མཐོས་ཚད་བཀོད་དེ་སྤྱི་ཚོགས་ནང་དཀྲུག་ཤིག་ལྟ་བུ་ཆགས་ན་དེ་ཡག་ཨེ་ཡོད། ད་ལས་ད་མཚམས་ཆད་ན་ཡོག་ཤོས་རེད། བཀྲ་ཤིས་བདེ་ལེགས།
ཤར་ཁུག་འདིས་དོན་ལ་༧གོང་ས་མཆོག་གིས་མ་འགྲིག་པ་དང་མ་ཤེས་པ་ནོར་འཁྲུལ་བཅས་
བཤད་ཀྱི་འདུག ཆབ་སྲིད་ཀྱི་སྐུ་དབང་སྤྲད་ས་ནོར་ཡོད་མདོག་དང་།
བོད་དུ་ཕེབས་པའི་ནུས་པ་མེད་ཚུལ། རྒྱ་རིགས་ལ་ཐུགས་འབྲེལ་བྱས་པ་དེ་ཚོ་ནོར་བ་ཡིན་ཚུལ།
བོད་ནས་གཞས་པ་ཚོས་བསྟོད་གཞས་བླ་མ་བཟང་པོ་༧སྐྱབས་མགོན་ཡིད་བཞིན་ནོར་བུ་ལེན་མཁན་
དེ་ཚོ་གླེན་པ་ཡིན་ཚུལ་དང་། ཕོ་བྲང་དཀར་པོ་ནང་དུ་ཕེབས་པའི་ནུས་པ་མེད་ཚུལ།
བོད་ནང་དུ་ལོག་མཁན་ཚོས་སྐུ་པར་ས་སྟགས་ཅན་དེ་ཚོར་མཆོད་བཤམས་ལ་བསྒྲིགས་པ་སོགས་མ་འགྲིག་
ཚུལ་རེད་འདུག
་མདོར་ན་རྒྱ་ཕོགས་དང་དོལ་ཕོགས་གང་རུང་ཞིག་རག་ཡོད་ཚོད་རེད།
ཤར་ཁུག་འདི་ལ་མི་གཞི་འདི་འདྲ་ཞིག་ལས་མེད་པ་སྲིད་སྐྱོངས་མཆོག་གིས་དང་པོ་ཉིད་ནས་ཤེས་ཏེ་གནས་དབྱུང་བཏང་བ་ལོས་ཡིན། ཤར་ཁུག་གིས་མི་ཚེ་གཅིག་ལ་འབད་འབུངས་བྱས་ཀྱང་སྲིད་སྐྱོངས་མཆོག་
གིས་ཆུ་ཚོད་གཅིག་གི་གཏམ་བཤད་ཙམ་ཡང་མི་ཐོན་པ་ཟར་བལྟས་ལེབ་མཐོང་རེད།
ཅི་ཙམ་སྡུག་སྐད་རྒྱབ་ཀྱང་དེ་ཙམ་ཁྱོད་རང་གི་མཐོང་མེད་འགྲོ་བ་ཙམ་ལས་གཞན་ནུས་པ་སྐར་གང་མེད།
ཞུ་འདོད་པ་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེ་ལ་ཟུར་ཟ་མ་བྱེད།།
སྲིད་སྐྱོངས་མཆོག་ལ་ཕྲག་དོག་མ་བྱེད།
བོད་རིགས་ནང་ཁུལ་དཀྲུག་ཤིང་མ་འཕེན།
དོན་དགའ་ནས།