རྫ་ཚེ་རིང་བཀྲ་ཤིས།
འཁྲུངས་སྐར་བདེ་ལེགས།
དེ་རིང་ནི་ས་ག་ཟླ་བའི་ཚེ་གཅིག་སྟེ། འཁྲུངས་སྐར་གྱི་ཟླ་བ་དངོས་སུ་དབུ་ཚུགས་པ་རེད། ཉིན་གཉིས་ཀྱི་སྔོན་དེར་ཁོ་བོས་སྒེར་གྱི་ཟིན་བྲིས་ཚུད་པའི་དྲ་ལམ་ཁག་ཅིག་ཏུ་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་འབོད་སྐུལ་རྩོམ་ཡིག་ཅིག་སྤེལ་ཞིང་། དེ་མ་ཐག་ཕྱི་ནང་གི་གྲོགས་པོ་ཧ་ཅང་མང་པོ་ཞིག་གིས་དོ་སྣང་གི་རྣམ་འགྱུར་ཤུགས་ཆེན་བསྟན། ད་དུང་གནད་ཡོད་ཀྱི་ལས་རིགས་སོ་སོའི་མི་མང་པོ་ཞིག་གིས་འདིའི་ཐོག་ལ་ལས་ཀ་བྱེད་མགོ་ཚུགས་ཤིང་། ད་ནངས་ནས་འཁྲུངས་སྐར་འཚམས་འདྲིའི་རྟེན་འབྲེལ་ཞུ་ཚིག་ནི་རྒྱུན་མི་འཆད་པར་ཕྱོགས་ཡོངས་ནས་ཕན་ཚུན་སྐུར་བཞིན་འདུག དེ་ནི་དགའ་བར་འོས་པ་ཞིག་ཡིན་པར་མ་ཟད། ང་ཚོས་བརྡ་འཕྲིན་གྱི་མ་ལག་འདི་ལེགས་པའི་ཕྱོགས་སུ་བེད་སྤྱོད་བྱ་རྒྱུར་འོས་མཚམས་ཀྱི་དཔེར་བརྗོད་ཅིག་རྙེད་པའང་རེད་སྙམ།
༡༽འཁྲུངས་ཚེས་གཅིག་གྱུར་གྱི་བསམ་ཚུལ།
འོན་ཀྱང་ཞབས་མཆན་འབྲི་མཁན་དག་གི་ནང་དུ་དང་འཕྲིན་ཕྲན་བརྒྱུད་བསམ་ཚུལ་ཤོད་མཁན་དག་གི་ནང་དུ། འཁྲུངས་སྐར་གྱི་ཚེས་གྲངས་ཀྱི་གཏན་ཁེལ་རང་བཞིན་དང་། འཁྲུངས་སྐར་འཚམས་འདྲིའི་གཅིག་གྱུར་རང་བཞིན་གཉིས་ཐོག་མར་གལ་ཆེན་ཡིན་པའི་བསམ་ཚུལ་བྱུང་། བསམ་ཚུལ་འདི་ནི་ཧ་ཅང་རིན་ཐང་དང་ལྡན་པ་ཞིག་རེད། འདིའི་ཐད་སངས་རྒྱས་ཀྱི་དུས་ཆེན་ཁག་གང་ལ་ཁེལ་བའི་བཞེད་མཚམས་མི་འདྲ་བའི་མདོ་དང་བསྟན་བཅོས་ཀྱི་ལུང་སྦྱོར་མཁོ་སྤྲོད་གནང་མཁན་དང་། འཁྲུངས་སྐར་འཚམས་འདྲིའི་བརྗོད་ཚིག་གཅིག་གྱུར་གྱི་བགྲོ་གླེང་བྱ་རྒྱུའི་རེ་བ་འདོན་མཁན་སོགས་ཀྱང་ཅི་རིགས་ཤིག་འབྱུང་བཞིན་འདུག འོན་ཀྱང་། གཅིག་གྱུར་གྱི་གྲུབ་དོན་ཞིག་རྙེད་རྒྱུ་ནི་དེ་ཙམ་ལས་སླ་པོ་ཞིག་མ་རེད། ལར་སངས་རྒྱས་འཁྲུངས་འདས་ཀྱི་ལོ་ཚིགས་དང་ཟླ་ཚེས་གང་ལ་ཡང་། ལུང་ཁོ་ན་དབང་བཙན་དུ་བྱས་ནས་གཅིག་གྱུར་གྱི་ཐག་གཅོད་པའི་ཐབས་ལམ་ནི་ཧ་ཅང་ཁག་པོ་ཆགས་ཡོད། རྒྱུ་མཚན། རྩོད་མེད་ཀྱི་མདོ་སྡེ་མི་འདྲ་བ་གཉིས་ཀྱི་ནང་དུ་ཧ་ཅང་ཁ་གསལ་པོས་གསུངས་སྟངས་མི་འདྲ་བ་གཉིས་བྱས་ནས་བཀའ་གནང་བའི་སྐབས་སུ་རང་ཉིད་ཀྱི་བློ་ཁོ་ནས་བླང་དོར་བྱ་རྒྱུར་དཀའ་ལས་འདུག
འོན་ཀྱང་ཐབས་ལམ་ཡག་ཤོས་ཤིག་ནི། སྐར་རྩིས་ཀྱི་གཞུང་ལུགས་ལ་བརྟེན་ནས་དངོས་དོན་དང་ཆེས་ཉེ་ཤོས་ཡིན་པའི་ཞིབ་འཇུག་གི་གྲུབ་དོན་ནམ་སྡོམ་ཚིག་ཅིག་རྙེད་པར་བྱ་རྒྱུ་དེ་རེད། དེ་ནི་འདས་འཁྲུངས་ཚུད་པའི་ལོ་ཚིགས་ཀྱི་ངེས་པ་མང་པོ་ཞིག་དུས་ཀྱི་ཆོས་ཉིད་རང་གིས་བསྒྲུབས་པའི་རིགས་ལམ་ཡང་དག་ཤོས་དེ་ཡང་ཡིན་སྲིད། འདིའི་ཐད་ཕུག་ལུགས་ཀྱི་ད་ལྟའི་ཡོངས་གྲགས་སྐར་ཚེས་པ་རྣམས་ཀྱིས་དབྱར་ཟླ་ར་བའི་ཚེས་བདུན་ལ་བཞེད་པ་ཉིད་ཡོངས་གྲངས་སུ་རྩིས་ནས་ཁས་ལེན་པ་ལས་འོས་མི་འདུག་སྙམ། འདི་ལྟར་བྱས་ན་རྒྱ་ནག་དང་ཉི་ཧོང་། ཝེ་ཏི་ནམ་སོགས་ཀྱིས་རྩ་བའི་ངོས་འཛིན་བྱེད་ཕྱོགས་དང་ཡང་ཉི་མ་གཅིག་གི་ཁྱད་པར་ལས་མེད། འདིའི་སྐོར་མཁས་པ་ཨ་ལ་ཚེ་ཏན་ཞབས་དྲུང་སོགས་ཀྱི་གསུང་ནའང་ཅི་རིགས་ཤིག་འབྱུང་བ་ཡིན།
མདོར་ན་ངས་གང་བརྗོད་འདོད་པ་ནི། སྐྱེས་བུ་ཞིག་མདས་གནད་དུ་སྣུན་པའི་ཟུག་ངུས་ཉེན་པའི་སྐབས་སུ་མདའ་ཕོག་པའི་རྒྱུ་རྐྱེན་ལ་དཔྱད་ནས་འདུག་པ་གཙོ་བོ་མིན་པར་དེ་ལས་མདའ་བཏོན་ནས་སྨན་བཅོས་རྒྱུ་གཙོ་བོ་ཡིན་པ་ལྟར། ང་ཚོས་དུས་ཚིགས་གང་ཞིག་འཐད་དང་མི་འཐད་ཀྱི་སྐད་ཆའི་བགྲོ་གླེང་གི་འཇིངས་སུ་ཞུགས་ནས་དུས་ཚོད་རྫོགས་པར་མི་བྱེད་པར་དུས་ཐོག་དུས་ཐོག་ཏུ་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ་དང་། དེ་ཡང་། ཚང་མས་རེ་ཞིག་འཁྲུངས་སྐར་གྱི་ཚེས་གྲངས་ཀྱང་ཕུག་ལུགས་ཀྱི་སྐར་ཚེས་རང་གི་བཞེད་པ་ལྟར་བཞི་པའི་ཚེས་བདུན་ཉིད་ལ་ཆ་འཇོག་བྱ་རྒྱུ་ནི་འོས་མེད་ཀྱི་འདེམས་ཀ་ཞིག་རེད་སྙམ། མ་མཐའ་ཡང་ཕན་ཐོགས་ཡོད་པའི་འདེམས་ཀ་ཞིག་རེད།
༢༽འཚམས་འདྲིའི་ཤིས་ཚིག་གི་སྐོར།
དེ་བཞིན་འཚམས་འདྲིའི་བརྗོད་ཚིག་གཅིག་གྱུར་ཐད་རྒྱ་ནག་ལ་མཚོན་ན་ཁུང་ཙིའི་འཁྲུངས་སྐར་ལ་ཧྲིན་དན་ཅེ་སྟེ། འཕགས་མིའི་དུས་ཆེན་ཟེར་བ་ལྟར། ང་ཚོས་ཀྱང་། ཐད་ཀར་བརྒྱུད་ལམ་དང་རྣམ་པ་མི་འདྲ་བའི་ཐོག་ནས་ཤུགས་ཆེན་པོས་ཐ་སྙད་གཅིག་སྤྱད་ན་མཐར་དེ་རང་བཞིན་གྱི་རྣ་འཇགས་སུ་འགྲོ་བ་དང་། དེ་དུས་ཐ་སྙད་དེ་དང་བརྗོད་བྱ་དེའི་བར་ལ་བརྡ་དོན་གྱི་འབྲེལ་བ་ཐག་ཉེ་བོ་ཞིག་སླེབས་ཀྱིན་ཡོད་པས་དོན་གྱི་ཐོག་ལ་གནད་འགག་ཆེན་པོ་རང་མེད། དེ་ནི། དོན་གྱི་གོ་བས་གཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར།།ཞེས་པའི་རིགས་ལམ་དེ་ཀ་རང་རེད། འོན་ཀྱང་བརྡ་དང་ཐ་སྙད་གསར་བཟོའི་སྐབས་སུ་དང་མི་མང་གི་འཚོ་བའི་ནང་དུ་རྒྱུན་དུ་སྤྱོད་རྒྱུར་ཧ་ཅང་གལ་ཆེ་བའི་ཆ་རྐྱེན་གཞན་ཞིག་ནི། ཟོལ་ཡང་བ་དང་བརྗོད་བདེ་བ་གཉིས་རེད། རྒྱུ་མཚན་དེའི་དབང་གིས་ངས་སླར་ཡང་རྣམ་པ་ཚོར་རང་ཉིད་ཀྱི་ངོས་ནས་༼འཁྲུངས་སྐར་བདེ་ལེགས༽ཞེས་པའི་ཚིག་འདི་ལས་ལྷག་ཏུ་འོས་ཤིང་འཚམས་པ་ཞིག་མ་རྙེད་པར་ངའི་ངོས་ནས་ནི་རེ་ཞིག་ཚིག་འདི་རང་བེད་སྤྱོད་བྱ་རྒྱུར་བདམས་པ་ཡིན།
༣༽འཁྲུངས་སྐར་བསྲུང་རྩི་བྱེད་སྟངས་སྣ་ཚོགས།
འཁྲུངས་སྐར་སྲུང་བརྩི་བྱེད་པ་ནི་སྣ་མང་རང་བཞིན་ཅན་ཞིག་རེད། འགའ་ཞིག་གིས་ཕྲན་གྱིས་བཏོན་པའི་དོན་ཚན་དྲུག་གི་ནང་དོན་ཕལ་མོ་ཆེ་འཇིག་རྟེན་གྱི་བྱ་སྤྱོད་ཀྱི་ལུགས་སྲོལ་སྤྱིར་བཏང་བ་ཙམ་གྱི་ཆ་ནས་བཤད་པ་ལྟར་ཚོར་གྱིན་ཡོད་སྲིད་ལ། འགའ་ཞིག་གིས་དེང་རབས་ཀྱི་ལད་བཟློས་སུ་ཡང་བསམ་སྲིད། མ་གཞི་སྔོན་གྱི་གོང་མ་དག་གིས། རབ་སྒྲུབ་པའི་མཆོད་པ་ཟེར་བ་ལྟར་ང་ཚོས་ཀྱང་ལམ་བསླབས་པ་གསུམ་གྱི་ཉམས་ལེན་བྱ་རྒྱུ་དེ་འཁྲུངས་སྐར་གྱི་ལེགས་སྐྱེས་ཡག་ཤོས་ཡིན་པ་ཨ་ཅང་ཅང་། འོན་ཀྱང་ངས་གང་བརྗོད་ཀྱིན་ཡོད་པ་དེ་ནི་ཁྱེད་ཀྱིས། དེ་རིང་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་སོ་སྙམ་པ་ཙམ་ཞིག་མ་མཐའ་ཡང་དྲན་པ་གནང་རོགས་ཅེས་བརྗོད་ཀྱིན་ཡོད།
ཁྱད་པར་རབ་བྱུང་དག་གིས་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་།་ལུང་སྡེ་སྣོད་གསུམ་གྱི་ཉམས་ལེན་བྱ་རྒྱུ་ཉིད་བླ་ན་མེད་པའི་དུས་དྲན་ཡིན་མོད། དུས་སྟོན་གྱི་ཆོ་ག་སྣ་ཚོགས་པས་ཆོས་མཐུན་གྱི་བྱ་བ་བྱེད་པ་ནི་འདུལ་བ་ལས་ཀྱང་གསུངས་ཤིང་། འདུལ་བའི་དབང་དང་རྗེས་སུ་མཐུན་པའི་དགོས་ངེས་ཀྱི་ལག་ལེན་ཞིག་ཀྱང་སྟེ། དུས་དང་བསྟུན་ནས་ལག་ལེན་དུ་བྱེད་པའང་སངས་རྒྱས་ཉིད་ཀྱི་རྩ་བའི་དགོངས་བཞེད་དང་རྦད་དེ་མཐུན། ་
ཡང་འགའ་ཞིག་གིས་ཤོག་བྱང་ངམ་ཤིས་ཤོག་སྐུར་བ་སོགས་ཡེ་ཤུའི་ལུགས་ལྟ་བུར་བསམ་གྱིན་ཡོད་པ་འདྲ་ཡང་། དེ་ནི་ཡེ་ཤུ་པ་ཚོས་དེང་རབས་དུས་དར་གྱི་རིག་གནས་ལ་དང་ལེན་བྱས་པ་་ཞིག་ལས་དེང་རབས་ཀྱི་མིས་ཡེ་ཤུ་ལས་བསླབས་པ་ཞིག་མ་རེད། བསམ་ཚུལ་འདི་ང་ཚོ་ཆུང་ངུའི་དུས་སུ་ནུབ་ལྭ་གྱོན་མཁན་ཞིག་རིག་ན་འདི་ནི་རྒྱ་གོས་གྱོན་མཁན་ཞིག་རེད་ཅེས་དེང་རབས་དང་དུས་རབས་ཀྱི་སྤྱོད་ཆས་ཚང་མ་རྒྱ་རིགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལྟ་བུའི་ངོས་འཛིན་བྱེད་སྟངས་ཀྱི་བསམ་བློ་དེ་དང་འདྲ་ཙམ་འདུག་མོད། འོན་ཀྱང་བསམ་ཚུལ་འདི་རིགས་ནི་དེ་ཙམ་གལ་ཆེ་བ་ཞིག་མིན།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ས་ག་ཟླ་བའི་ཚེས་གཅིག་གི་ཉིན་བསྐྱར་སྣོན་གྱི་ཚུལ་དུ་བྲིས་ཏེ་ཕུལ།
རྫ་ཚེ་རིང་བཀྲ་ཤིས་བྱོན་པ་ལེགས། དུས་སྟོན་བྱ་བ་ནི་ཆོས་དང་མཐུན་ནོ། དེ་ག་རང་རེད། འོན་གྱང་ཤོག་བྱང་ཟེར་ན་ག་འདྲ་འདྲ་ཞིག་ཆགས་སོང་། ཡེ་ཤུ་པས་གཞན་ནས་བཤུས་རབས་འདྲ་ཞིག་གསུངས་སོང་། ཁྱེད་ཀྱིས་དངོས་གནས་གཉེན་ཉེ་མིང་སྲིང་དག་ལ་ཤོག་བྱང་སྐུར་ཡོད་དམ། ཟོག་རྫུ་བསླབས་པ་མ་རེད་དམ།
རྫ་ཚེ་རྩ་མེད་ཀྱི་རང་གི་སྟོན་པའི་འཁྲུང་སྐར་ཁ་ལ་འཁྱེར་ཏེ་རང་ཉིད་སྒྲོགས་ཐབས་བྱེད་བཞིན་པ་ཡིན་པ་གསལ་པོ་རེད་ཁོས་བྱས་པའི་ཤོག་བྱང་དེ་ཚོར་གཅིག་ལྟོས་དང་ཤེས་ཡོང་
ངས་སྔོན་ནས་ཞུས་ཟིན་པ་ཡིན་་ས་ཀ་ཟླ་བ་འདི་རང་རེ་གངས་ཅན་པ་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པའི་སྡིག་སྤོང་དགེ་འགྲུབ་ཀྱི་ཕྱག་སྲོལ་བཟང་པོ་ཞིག་ཡོད་པ་དེ་དྲན་སྐུལ་བྱེད་རྒྱུ་དང་ཁྱབ་སྤེལ་གང་ཐུབ་བྱེད་རྒྱུ་ཞིག་བྱུང་ན་དེ་གལ་ཆེ་ཤོས་རེད་
དེ་མིན་གཞན་ལ་ལད་མོ་དེ་འདྲ་གང་ཡང་བྱེད་དགོས་པ་ཞིག་མ་རེད་ཁ་ནས་ནང་པ་ཡོངས་རྫོགས་གཅིག་འགྱུར་གྱི་དྲན་གསོའི་ཤོག་བྱང་སྐུར་རེས་ཟེར་བ་སོགས་བྱེད་པ་ལ་ཐོག་མར་ནང་པ་ཡོངས་འཁྲུང་སྐར་འདི་ལ་རེད་ཟེར་བའི་དུས་ཚོད་ངེས་ཅན་ཞིག་གཅིག་འགྱུར་གྱི་འདོད་པ་ཞིག་ཡོང་དགོས་པ་རེད་དེ་ནི་ཤིན་ཏུ་དཀའ་བའི་གནད་ཞིག་རེད་དེ་ལས་ཟླ་བ་འདི་ལ་སྟོན་པའི་དུས་ཆེན་གསུམ་འཛོམས་ཞིག་ལ་འདོད་པ་ལ་མི་མཐུན་ཆེར་མེད་པ་རེད་དེ་ལ་སྔར་ནས་ཡོད་པའི་ཕྱག་སྲོལ་དེ་དག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེན་ཞིག་རེད་
རྫ་ཚེ་ཟེར་བ་དེ་བྱེད་རྒྱུ་མང་པོ་རང་གི་རང་སྒྲོགས་རྒྱུ་ལ་དགའ་བ་སྨྱོ་ཚུབ་ཚུབ་ཞིག་དང་ཡི་གེ་དག་ཆ་ཁ་ཤས་བྲི་ཤེས་པ་ཙམ་རེད་མི་འདི་ཚོས་ཆོས་ཕྱོགས་དང་ཆབ་སྲིད་གང་སྤྱིར་དྲ་ལམ་སོགས་རྒྱུད་ཏེ་མི་དམངས་མགོ་བོ་རྨོངས་ཐབས་བྱེད་བཞིན་པ་དེ་འདྲ་རེད་སྐད་ཆ་ལ་བདག་པོ་རྒྱབ་ལོ་པ་དེ་འདྲ་མ་རེད་
ལས་མ་དག་པ་ང་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཨ་མའི་མཆན་ཁུང་ནས་སྐྱེས་པ་དང་སྐྱེས་མ་ཐག་གོམ་པ་སྤོས་པ། གོམ་པ་སྤོས་ཤུལ་ནས་མེ་ཏོག་འཁྲུངས་པ་སོགས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཆུང་དུ་གཏོང་བ་དང་སེམས་ལ་མི་བདེ་བའི་སྣང་བ་སྟེར་གི
དེ་ལས་ལོ་དྲུག་དཀའ་བ་སྤྱད་ཚུལ་དང་བྱང་ཆུབ་དུ་སངས་རྒྱས་ཚུལ། ཆོས་འཁོར་རིམ་པར་བསྐོར་ཚུལ་སོགས་ཀྱིས་དད་པའི་སྤུ་ལོངས་གཡོ་ཞིང་། ངོ་མཚར་ཆེན་པོ་སྐྱེ་གི
སངས་རྒྱས་ཀྱི་ཆེ་བ་བརྗོད་ན་ཕྱོགས་གང་ནས་བརྗོད་དགོས་མིན་དེར་ངོས་འཛིན་གསལ་པོ་ཐོབ་པ་གནང་ན་ཕན་ཐོགས་ཆེ་གི་རེད།
པིར་གྱི་རི་མོ་དང་བྱིས་པའི་སྒྲུང་གཏམ་དེ་ཚོས་མི་ལ་དང་བ་འདྲེན་དཀའ་གི་རེད།རིག་པ་ཅན་གད་མོ་ཡང་ཤོར་གི་རེད།
རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་ཐེ་ཝན་ཡུལ་ལྗོངས་ལ་སྟོན་པ་ཤཱཀྱའི་རྒྱལ་པོའི་དུས་སྟོན་བཟང་པོ་རྩི་བའི་གནས་ཚུལ་དང་འབྲེལ་རང་གི་བཞེད་པ་བཀོད་པ་ཡང་བཀླགས་པའི་སྐལ་བ་བཟང་པོ་བྱུང་། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། སྔོན་བོད་ཀྱི་ཡུལ་དུ་དར་བ་བཞིན་མཛད་ཐུབ་པ་བྱུང་ན། དུས་བཟང་དགའ་སྟོན་རྩི་བའི་དགོས་པ་མཆོག་ཏུ་འགྱུར་རོ། །
རྫ་ཚེ་ལགས་ཀྱིས་སྟོན་པའི་འཁྲུངས་སྐར་ས་ག་ཟླ་བའི་ཚེས་བདུན་ལ་གཏན་འབེབས་བྱེད་རོགས་ཞེས་རེ་སྐུལ་ཞུས་པ་ཀུན་སློང་ཡག་མོད་ཀྱང་རང་རེས་བོད་པ་ཚང་གིས་གནའ་ནས་ད་བར་ས་ཟླའི་ཚེས་བཅོ་ལྔ་ལ་བྱེད་པ་ཡོངས་གྲགས་རེད། དུས་ཆེན་གསུམ་འཛོམས་ཞེས་ཁུངས་དང་ལོ་རྒྱུས་ཡོད་པ་དེ་ཚོ་སྣང་མེད་དུ་བཞག་ནས་གཞན་ཞིག་ལ་བསྟུན་དགོས་པ་དགེ་མཚན་ཅང་མ་མཐོང་ངོ་། །འོ་ན་རྒྱ་གར་དང་བལ་ཡུལ། ཤྲི་ལང་ཀ །ཐེ་ལན་ཊི་སོགས་ཉན་ཐོས་སྡེ་པ་དག་གི་ནང་པ་ཚོས་འཁྲུངས་སྐར་བོད་ཟླ་གསུམ་པའི་བཅོ་ལྔ་ལ་མ་ཡིན་ནམ།
བདག་ཅག་གི་སྟོན་པའི་འཁྲུངས་སྐར་འཛམ་གླིང་ནང་པས་གཅིག་རྒྱུར་གྱི་ངོས་འཛིན་བྱེད་ཐུབ་ན་ཡག་པོ་འདུག།
ཟས་གཙང་སྲས་པོ་ཁོང་སྐུ་འཁྲུངས་མ་ཐག་གོམ་པ་བདུན་བོར་ནས་རྗེས་ཤུལ་མེ་ཏོག་སྐྱེས་པར་བཤད་པ་དེ་དག་དོན་དངོས་ཡིན་ནམ་ཡང་ན་ཆོས་ལུགས་དད་པའི་ངོས་ཀྱི་སྐད་ཆ་ཞིག་་ཡིན་གསལ་པོར་གསུང་རོགས་གནང་།
༧༽ གངས་སེང་ལགས་ནས།
ཟས་གཙང་སྲས་པོ་༸སྐུ་འཁྲུངས་མ་ཐག །
གོམ་པ་བདུན་བོར་ནས་རྗེས་ཤུལ་མེ་ཏོག་སྐྱེས། །
བཤད་པ་དེ་དག་དོན་དངོས་ཡིན་ནམ་ཞེས། །
གངས་སེང་བུ་ཡིས་དྲི་བ་འདོན་པའི་ལན། །
ཀརྡོས།
མ་ཡུམ་གསོ་སྦྱོང་དུས་སུ་ལྷུམས་སུ་བཞུགས་དང་གཅིག །
ཡུམ་གྱི་གློ་གཡས་འོག་ནས་བདེ་བར་འཁྲུངས་དང་གཉིས། །
འཁྲུངས་མ་ཐག་ཏུ་གོམ་བདུན་སྤོས་སོགས་མཛད་དང་གསུམ། །
ཉེར་དགུར་ཉ་གང་ཟླ་འོད་འོག་ལ་ཐར་དང་བཞི། །
རབ་ཏུ་མ་བྱུང་སྔོན་གྱི་རྫུ་འཕྲུལ་ཆེ་བཞིར་འདོད། །
འཁྲུངས་སྐར་ཚེས་བཅོ་ལྔ་རང་ལ་སྲུང་བརྩི་བྱས་ན་ཕན་ཐོགས་ཆེ།
སྤྱང་ཤོག་ལགས། བདག་ཅག་གི་སྟོན་པའི་འཁྲུངས་སྐར་འཛམ་གླིང་ནང་པས་གཅིག་གྱུར་གྱི་ངོས་འཛིན་བྱེད་ཐུབ་རྒྱུར་ཡོང་བ་ཁག་པོ་རེད། རྨི་ལམ་མ་གཏོང་རོགས།
ཟབ་ཟབ་སྟོང་དུ་སྒྲོགས་པའི་དུས་ཞིག་ནས།
ཡོད་ཚད་གཞན་ལ་རྟེན་པའི་རིག་གཞུང་ལས།
རང་གི་ཕ་རྒན་འཁྲུངས་བའི་དུས་ཚོད་ཀྱང་།
གཞན་ནས་འཚོལ་དགོས་ཀྱེ་མ་ཨ་རེ་བླུན།།
བོད་ཀྱི་བུ་ལགས། ངས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་དེ་ཚོ་ས་ཁྱབ་རྡོ་ཁྱབ་རང་ཡིན་པར་ཆ་བཞག་ནས་གཙོ་ཆེར་མ་གླེང་། ང་ལ་ཆོས་བརྒྱད་དང་རང་འདོད་སོགས་ནི་ཅིས་ཀྱང་ཡོད་སྲིད་དེ། གཙོ་ཆེར་ཁྱེད་ཀྱིས་སེང་གི་ལ་རྡོ་འཕངས་པ་ལྟར་སྐད་ཆའི་ནང་དོན་ལ་བདེན་པའི་ཆ་ཡོད་མེད་ལ་ཐུགས་བསམ་བཞེས་ཙམ་གནང་ན་ཅི་མ་རུང་། གཞན་དུ་ང་ནི་དངོས་གནས་དུག་གསུམ་གྱི་ཕུང་པོ་འབའ་ཞིག་པ་ཞིག་ཡིན།
ལེགས་བཤད་ལགས།
ངས་གཞན་ལ་བསྟུན་པ་མིན། ང་ཚོའི་བོད་ཀྱི་ལོ་ཐོ་དང་བསྟུན་པ་ཡིན། རྒྱའི་ཞིང་རྩིས་ལ་ཚེས་བརྒྱད་རེད། སྤྱིར་བཏང་དུས་ཆེན་གསུམ་འཛོམས་ཟེར་བའི་ཁོངས་སུ་སྐུ་བལྟམས་དུས་ཆེན་མེད་མོད། དེར་བཞེད་མཁན་ཡང་མེད་པ་ནི་མིན།
ཀརྡོ་གཉེར་ཕྱག་པ་ལ་ཞུ་རྒྱུར། ཁྱེད་ཀྱིས་༼མ་ཡུམ་གསོ་སྦྱོང་དུས་སུ་ལྷུམས་སུ་བཞུགས་དང་གཅིག །༽ གསུངས་པ་དེ་ནི་ཕལ་ཆེར་བསྟོད་ར་སྨད་རར་སོང་བ་ལྟ་བུ་ཞིག་འདུག གང་ཡིན་ཞེ་ན། མ་ཡུམ་གསོ་སྦྱོང་ལ་གནས་དུས་ལྷུམས་སུ་ཕྲུ་གུ་ཆགས་ན་གསོ་སྦྱོང་གི་སྡོམ་པ་ཤོར་སོང་བ་འདྲ་བོ་འདུག
༼ཡུམ་གྱི་གློ་གཡས་འོག་ནས་བདེ་བར་འཁྲུངས་དང་གཉིས། །༽ གསུངས་པ་དེ་ནི། མ་ཡུམ་བཤས་བཅོས་བྱས་ན་མ་གཏོགས་གློ་གཡས་ནས་ཕྲུ་གུ་སྐྱེས་ཚུལ་འཇིགས་རྟེན་པས་རྟོགས་པ་ཤིན་ཏུ་དཀའ།
༼འཁྲུངས་མ་ཐག་ཏུ་གོམ་བདུན་སྤོས་སོགས་མཛད་དང་གསུམ། །༽ གསུངས་པ་དེ་ནི་གློ་གཡས་ནས་འཁྲུངས་པར་བཤད་པ་དང་གཉིས་སུ་མ་འཆིས།
༼ཉེར་དགུར་ཉ་གང་ཟླ་འོད་འོག་ལ་ཐར་དང་བཞི། །༽ གསུངས་པའི་དོན་ཁོ་བོས་མ་ཤེས་སོ།
དེ་ལྟར་༼རབ་ཏུ་མ་བྱུང་སྔོན་གྱི་རྫུ་འཕྲུལ་ཆེ་བཞིར་འདོད།༽ དེ་དག་ད་ལྟའི་རྒྱ་གར་ནང་པ་དགེ་སློང་སེར་པོས་ཁས་མི་ལེན་པའི་ཚུལ་དང་དེར་མ་ཟད་ས་ག་ཟླ་བ་སྟོན་པའི་འཁྲུངས་ཟླ་མི་འདོད་པར་ཁོ་བོས་ཐོས་པས་དེ་དག་གི་དོན་གང་ཡིན་ཞེས་དྲི་འདོད་བྱུང་། གསུང་ལན་ཡོད་པ་ཞུ།
༧༽ གངས་སེང་ལགས་ནས།
ཟས་གཙང་སྲས་པོ་༸སྐུ་འཁྲུངས་མ་ཐག །
གོམ་པ་བདུན་བོར་ནས་རྗེས་ཤུལ་མེ་ཏོག་སྐྱེས། །
བཤད་པ་དེ་དག་དོན་དངོས་ཡིན་ནམ་ཞེས། །
གངས་སེང་བུ་ཡིས་དྲི་བ་འདོན་པའི་ལན། །
ཀརྡོས།
མ་ཡུམ་གསོ་སྦྱོང་དུས་སུ་ལྷུམས་སུ་བཞུགས་དང་གཅིག །
ཡུམ་གྱི་གློ་གཡས་འོག་ནས་བདེ་བར་འཁྲུངས་དང་གཉིས། །
འཁྲུངས་མ་ཐག་ཏུ་གོམ་བདུན་སྤོས་སོགས་མཛད་དང་གསུམ། །
ཉེར་དགུར་ཉ་གང་ཟླ་འོད་འོག་ལ་ཐར་དང་བཞི། །
རབ་ཏུ་མ་བྱུང་སྔོན་གྱི་རྫུ་འཕྲུལ་ཆེ་བཞིར་འདོད། །
ཅེས་པའི་འགྲེལ་པ་ནི།
མ་ཡུམ་གསོ་སྦྱོང་དུས་སུ་ལྷུམས་སུ་བཞུགས་དང་གཅིག །༼ཕ་མ་གཉིས་ཀ་མེད་པའི་མི་སློབ་དཔོན་ཨརྱ་དེ་ཝ་དང་སློབ་དཔོན་ལྟ་བུ་སོགས་མང་བྱུང་མྱོང་བ་རེད།༽
ཡུམ་གྱི་གློ་གཡས་འོག་ནས་བདེ་བར་འཁྲུངས་དང་གཉིས། །༼ནང་བསྟན་ལུ་རྒྱུས་རྙིང་པར་ཡབ་འཁོར་ལོ་སྒྱུར་བ་ལས་སྲས་བུ་སྐྱེས་པའི་ལོ་རྒྱུས་ཁྱད་མཚར་དེ་འདྲ་ཡོད་རེད། འདིར་རྫུན་བཟོ་བྱས་དགོས་དོན་ཡོད་མ་རེད། ཁྱེད་རང་དད་སྟོབས་ཆུང་བའི་སྐྱོན་རེད།༽
འཁྲུངས་མ་ཐག་ཏུ་གོམ་བདུན་སྤོས་སོགས་མཛད་དང་གསུམ། །༼གཉསི་པ་དང་མཚུངས་སོ།༽
ཉེར་དགུར་ཉ་གང་ཟླ་འོད་འོག་ལ་ཐར་དང་བཞི། །༼དགུང་ཉེར་དགུར་རྒྱལ་ཁང་བཟང་བཙོན་ལས་ཐར་སྟངས་རེད། སྟོན་པའི་ལོ་རྒྱུས་མ་བཀླགས་པའི་སྐྱོན་རེད། དེའི་རིགས་མགོ་སེར་ཆོས་མེད་ས་ཡ་མང་པོས་ཤེས་ཤིས་ཟིན་པ་རེད། ད་ང་ཚོ་བོད་རིགས་ཅིག་གིས་མ་ཤེས་ན་ནོར་བ་ཆེན་པོ་རེད། འོན་ཀྱང་ཆོས་དད་དགོས་རེད་ཅེས་བརྗོད་བགྱིད་མེད་དོ།༽
རབ་ཏུ་མ་བྱུང་སྔོན་གྱི་རྫུ་འཕྲུལ་ཆེ་བཞིར་འདོད། ༼ཆོས་འཕྲུལ་དང་རྫུ་འཕྲུལ་སྐོར་ལ་དད་པ་མེད་ན་དཔྱད་པ་བྱེད་འོས་ཤེས་བྱ་ཅིག་རེད་དོ། །
གངས་སེང་ལགས་ཀྱིས། ཐེ་ཚོམས་མེད་པར་དྲི་བ་གནང་བ་ངས་དགའ་བསུ་ཞུ། འོན་ཀྱང་ང་ཚོའི་ཐེག་ཆེན་པའི་དགེ་སློང་ཚོས། ཐེག་དམན་གྱི་དགེ་སློང་ཚོ་དང་བསྟུན་དགོས་ན། ཐེག་ཆེན་གྱི་དགེ་གློང་རྣམས་དགེ་སློང་མ་རེད་ཅེས་ངས་གཤེ་རྒྱུཉག་ཅིག་རེད་གདའ། ཀུན་གྱིས་གཟབ་པར་འཚལ་ལོ། །
རིག་པའི་གཞུང་ལུགས་དག་ན་སྟོན་པ་ཐུབ་པའི་དབང་བོ་མཆོག་རབ་ཏུ་མ་བྱུང་གོང་རོལ་དུ་སྲས་གཞོན་ནུ་དོན་འགྲུབ་ཡིན་པ་དང་ཁྱིམ་ཆུང་མ་དང་བཅས་སྤྱིར་མི་ཕལ་པ་ཞིག་ཏུ་ངོས་བཟུང་ཡོད་པ་རེད། རིག་པའི་ཤོད་སྟངས་དེ་ནི་གཞུང་ལུགས་དང་མཐུན་པ་མ་ཟད་ཚན་རིག་དང་ཡང་མཐུན་གི་རེད།
དེ་མིན་སྐྱེས་མ་ཐག་ཏུ་རྒྱུ་འབྲས་ཀྱི་གོ་རིམ་ལྡོག་པའི་ཤོད་ཚུལ་དེ་རིགས་ནི་དབང་རྟུལ་དད་པའི་རྗེས་འབྲངས་ཚོ་ལ་དམིགས་པའི་རྣམ་ཐར་ཞིག་ལས་དབང་རྣོན་རིག་པའི་རྗེས་འབྲངས་པ་ཞིག་ཡིན་ཕྱིན་ཁག་ཙམ་གདའ།
དོན་གྲུབ་སངས་རྒྱས་སྟངས་ལ། ཐེག་དམན་དང་བྱང་སེམས་མདོ་ལུགས་དང་གསང་སྔགས་གསུམ་ག་ཕན་ཚུལ་འགལ་བ་ཡོད་དགོས་པ་ཡང་ཐུ་བ་རྒྱ་མཚོས་གོ་ཡང་མྱོང་མི་འདུག ཤེས་པ་དང་དད་པ་ག་ནས་ག་ནས་་་་་
རྒྱུ་འབྲས་གོ་ལྡོག་པའི་གནས་ལུགས་ཤིག་ཡིན་ན་རིག་པ་དང་འགལ་གི་རེད། རིག་པ་དང་འགལ་པའི་གནས་ལུགས་ཤིག་ཡིན་ཕྱིན་ཚད་མར་འཛིན་མི་རུང་བ་མ་ཟད། ནམ་ཡང་ཁས་ལེན་རུང་དཀའ་བ་ཅིག་ཡང་རེད། དོན་དག་དེ་དམ་པ་གོང་མ་རྣམས་ཀྱི་གསུང་གི་སྙིང་བོ་རེད་ལ། སྟོན་པ་རང་ཉིད་ཀྱིས་ཀྱང་ནན་ཏན་ཏུ་གསུངས་ཡོད་པ་ཅིག་རེད།
ང་ཚོ་རྣམས་ནི་རྐང་བ་གཉིས་ལྡན་གྱི་འགྲོ་བ་མི་ལས་ལྷག་ཅིག་གང་ཡང་མིན་ཙང་མི་ལ་མི་ཡི་འགྲོ་ལུགས་དེ་བཤད་ན་ཡག་ཤོས་ཆག་གི་རེད། དེ་མིན་ཅིག་ཅིག་ཅིག་གི་ལུགས་རེད་ཟེར་པ་དེ་ཚོ་མུན་ནག་ནང་གི་རི་མོ་དང་ཆ་རེད། དབྱིབས་གཟུགས་ལེགས་པོ་ག་ཚོད་ཡོད་ཀྱང་མིག་ལ་མཐོང་རྒྱུ་མེད་པའི་སྐད་ཆ་ཅིག་རེད།
ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མ་རེད་པེ། དམྱལ་ཡུལ་དང་ལྷ་ཡུལ་ཡོད་མ་རེད་པེ། ཡོད་ཚད་མིའི་མིིག་གིས་མཐོང་དགོས་སམ། ཁྱེད་ཚུལ་རོལ་མཛེས་པ་པ་ཡིན་ནམ། ལགས།
མི་ཡུལ་གྱི་འཇིག་རྟེན་ན་ཡོད་པ་ཞིག་ཡིན་ན་མཐོང་དགོས་དང་དགོས། སྲས་གཞོན་ནུ་དོན་འགྲུབ་ཡང་མི་ཡུལ་འཁྲུངས་པ་ཅིག་དང་། ལྷག་པར་དུ་ཡང་བཙུན་མོ་ཞིག་ལ་འཁྲུངས་པ་མ་རེད་པས།
ལྷ་ཡུལ་དང་དམྱལ་ཡུལ་དེ་ཚོ་བྱིས་སྒྲུང་དང་ཆ་རེད། ཕུགས་དེད་ན་བསྟན་ས་འཇུ་ས་གས་ཡོད་མ་རེད།
༡༩༽ ཐུ་བ་རྒྱ་མཚོ་ལགས།
སྐྱེ་བ་མངོན་པར་དགའ་ལྡན་སྐྱེ་བའི་མཛད་པ། དེ་ནས་ལྷ་ཡུལ་དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་བཞུགས་པའི་མཛད་ཁས་ལེན་དང་མི་ལེན། ལགས། རྒྱ་མཚོ་ལགས། དེ་ནས་རྩོད་པ་སྒོ་ནས་བཙུག་ཆོག་ག
དང་ཐོག་རྒྱ་མཚོ་རང་ནང་པ་ཡིན་དང་མིན། ནང་ཆོས་ལ་དད་དམ། ཐེག་ཆེན་ལ་དད་དམ། ནང་པའི་གསང་སྔགས་ལ་དད་དམ་མི་དད། ལགས།
སྔོན་ཆད་བོད་མི་དང་བོད་ཀྱི་ནང་པ་ཡོངས་ཀྱིས་ཚོད་ཚོད་ཚོད་ལ་རི་ཡི་རྒྱལ་པོ་ཟེར་པ་ཞིག་ལ་དད་པ་བྱས་པ་རེད། མཎྡལ་ཟེར་པ་ཞིག་ཕུལ་ན་དགེ་བ་ཡོད་ཀི་ཡོད་རབས་ཤོད་པ་རེད། ཉི་ཟླ་གཉིས་རི་མཐོན་པོ་དེའི་མཐའ་ལ་སྐོར་ར་རྒྱག་གི་ཡོད་པར་ཡིད་ཆེས་དང་དད་པ་བྱས་པ་རེད། ཕྱག་འཚལ་པ་རེད། ད་དུང་རི་དེ་ཡི་སྐེད་པའི་བང་རིམ་ན་དགའ་ལྡན་དང་འཕྲུལ་དགའ་ཟེར་པའི་ལྷ་ཡུལ་མང་པོ་ཞིག་ཡོད་པ་དེ་ཚོ་རིམ་པ་བཞིན་ཆགས་ཡོད་རབས་ཤོད་པ་རེད། ད་དེང་སང་རིའི་རྒྱལ་པོ་ཟེར་པ་དེ་གང་ན་ཡོད་པ་རེད། རི་དེ་མེད་ན་ལྷ་ཡུལ་སོགས་ཀྱང་རི་དེའི་སྐེད་པར་ཆགས་ཡོད་ཙང་རང་བཞིན་གྱིས་མེད་སོང་བ་རེད། དཔེ་དེ་དང་དེ་བཞིན་རེད།
དགའ་ལྡན་ཟེར་པ་དེ་ཁས་ལེན་དགོས་ན་རིའི་རྒྱལ་པོ་ཟེར་པ་དེ་ཡང་ཁས་ལེན་དགོས་གི་རེད། རིའི་རྒྱལ་པོ་ཁས་བླངས་ན་ ཉི་མ་དང་ཟླ་བ་སོགས་དེའི་སྐེད་པ་ན་འཁོར་གི་ཡོད་པ་ཁས་ལེན་དགོས་གི་རེད། ཁྱེད་ཀྱིས་སེམས་ལ་རིའི་རྒྱལ་པོ་འཛམ་གླིང་གི་དཀྱིལ་ན་གྲུང་སེ་ལངས་བསྡད་ཡོད་པ་ཅིག་དང་། དེའི་མཐའ་ན་གླིང་བཞི་དང་གླིང་ཕྲན་བརྒྱད་ཆགས་བསྡད་ཡོད་པ། རི་དེའི་རྩེ་མོ་ན་ཉི་མ་ཟླ་བ་གཉིས་ནི་ཉིན་མཚན་ལྟོས་མེད་ཀྱིས་སྐོར་ར་རྒྱག་བཞིན་པའི་བྱིས་སྒྲུང་དེ་ཁས་ལེན་བཞིན་ཡོད་པས།
དོན་དག་དེ་གསལ་པོ་ཆགས་སོང་ན་དེ་ནས་ལྷ་ཡུལ་དང་དགའ་ལྡན་ཤོད་ཆོག་གི་རེད།
འོ། ད་འགྲིགས་སོང་། ཁྱོད་ནང་ཆོས་ལ་མཁས་པ་ཅིག་རེད་འདུག རི་རྒྱལ་མི་འདུག་གསུངས་པ་འདི་ལ་གཟབ་དགོས། དཔེར་ན་༸གོང་ས་མཆོག་གིས། སྔོན་པ་མཛོད་ནས་བཤད་པའི་རི་རྒྱལ་མི་འདུག དེ་ནི་རི་རྒྱལ་གྱི་གྲིབ་མ་ལས་ཉིན་མཚན་འོངས་བར་བཤད་འདུག་པས། དེ་ནི་དིངསང་ཚན་ན་རིག་པའི་རྒྱང་ཤེལ་བརྒྱུད་ནས་མངོན་སུམ་ཚད་མ་དང་གནོད་པས་ཁས་བླངས་མི་ཐུབ་གསུངས་པ་ལྟར། ངས་ཀྱང་དེ་ལྟ་བུའི་རི་རྒྱལ་མེད་འདོད་ཀྱང་།
དེ་མིན་སྤྱིར་སྟངས་རི་རྒྱལ་མཐའ་གཅིག་ཏུ་མེད་པ་གསུངས་བགྱིད་མེད། ད་དུང་དུས་འཁོར་ནས་རི་རབ་ཟླུམ་པོ་རྩེ་མོ་ཕྲ་བ་མར་བསྟན་ལ་ནམ་མཁའ་ཡར་སྦོམ་པའི་གཟུགས་ཅན་ཡང་བཤད་ཡོད། ཡང་གཞུང་ཁ་ཅིག་ལས། རི་ཆེན་པོ་གངས་རིན་པོ་ཆེ་ཀེ་ལ་ཤྰ་ལྟ་བུ་ལ་ཡང་རི་རྒྱལ་གསུངས་པ་དང་། རྒྱ་གར་འཛམ་བུ་གླིང་ཞེས་སྒྲ་འཇུག་ས་གཅིག་ཉིད་ཀྱི་རི་ཆེན་ལ་རི་རྒྱལ་ལྷུན་པོ་གསུངས་པའང་ཡོད་རེད་དོ།
མདོར་ན་གལ་སྲིད་རི་རྒྱལ་ཡོད་ན་མི་ཕལ་པའི་མིག་གིས་མཐོང་བའི་མ་ཁྱབ་སྟེ། བྱང་ཕྱོགས་ཤམ་བྷ་ལ། ཨོ་རྒྱན་མཁའ་འགྲོའི་གླིང་གི་ཕོ་བྲང་། ནུབ་ཕྱོགས་བདེ་བ་ཅན་སོགས་འགའ་ཞིག་ལྷ་མི་མཐུན་མོང་གི་ལོངས་སྤྱར་གྱུར་པ་མང་དག་ཅིག་ཡོད་དགོས་པས་སོ། ཧ་ཧོ། ཨེ་མ་ཧོ། ངོ་མཚར་མི་ཆེའམ། ལགས།
༨༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༡ གི་ཆུ་ཚོད་ ༡༩ སྐར་མ་ ༤༨
སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་ནང་ལ། ནང་པའི་དཔེ་མཛོད་ནང་ལ་སྟོན་པས་རང་ཉིད་ལུང་བསྟན་པ་དེ་མཐོང་ཚུལ་དང་། དེ་ནས་ནམ་མཁར་ཕུར་ནས་སློབ་དཔོན་ཨརྱ་དེ་ཝས་རྗེས་དེད་ཀྱིས་མཐར་གནམ་གྱི་སྤུ་གྲི་བསྟན་པ་འདི་ནི། དེ་དུས་ནས་ནང་པས་ཕྱི་ཡི་ཚན་རིག་མཁྱེན་ཚར་འདུག་པ་འདི་ལ། ང་དུས་རྟག་ཏུ་ཡ་མཚན་ཆེ་དྲགས་ནས། ངས་མགོ་སེར་སློབ་མ་ཚོ་ལ་ངོམ་ངོམ་བྱས་ནས་ཡང་ཡང་བཤད་མྱོང་།
ཐུ་བ་རྒྱ་མཚོ་ལགས་ཀྱིས་ལན་ཅིག་ཀློག་པར་རེ་ནས་འདིར་སླར་ཡང་བཀོད། དོན་ཡོད་པར་གྱིས་ཤིག ཀྱེེ།
ཨ་ལེ། མངོན་པ་མཛོད་ནས་གསུང་བའི་རི་རྒྱལ་དེ་མ་ཡིན་པའི་དེ་ལས་གཞན་པའི་རི་རྒྱལ་གཞན་པ་ཅིག་ཡོད་རེད་པས། ཡོད་ན་ག་འདྲ་སེ་ཡོད་རེད། གང་ན་ཡོད་རེད། ད་རེས་གི་རི་རྒྱལ་དེའི་རྩེ་མོ་ན་ཉི་ཟླ་གཉིས་སྐོར་ར་འཁོར་གི་ཡོད་རེད་པས། སྐེད་པ་ན་དགའ་ལྡན་དང་འཕྲུལ་སོགས་ཆགས་ཡོད་རེད་པས། མཐའ་སྐོར་ན་གླིང་བཞི་དང་གླིང་ཕྲན་བརྒྱད་སོགས་ཡོད་རེད་པས། མི་ཕལ་པས་མཐོང་མི་ཐུབ་པ་ཞིག་ཡིན་ན་མི་ཁྱད་པར་པ་ཞིག་གིས་མཐོང་ཐུབ་གི་རེད་པས། གལ་སྲིད་རི་རྒྱལ་དེ་མཐོང་མཁན་གི་མི་ཁྱད་པར་པ་དེ་སུ་ཡིན་ནམ། འཛམ་གླིང་འདིའི་ཐོག་ན་མི་མི་འདྲ་བ་རིགས་གཉིས་ཡོད་རེད་པས། རིའི་རྒྱལ་པོ་མཐོང་ཐུབ་མཁན་གི་མིའི་རིགས་ཁྱད་པར་པ་ཁག་གཅིག་དང་། ཡང་། རིའི་རྒྱལ་པོ་མཐོང་མི་ཐུབ་མཁན་གི་མིའི་རིགས་ཕལ་པ་ཁག་གཅིག་བཅས་ཡོད་རེད་པས།
ངས་བྱས་ན་བཤད་སྟངས་དེ་ཚོ་ཚང་མ་ནང་ཆོས་མཚན་ཉིད་པ་དངོས་ནས་ཅིག་ཡིན་ན་ནང་ཆོས་ལ་ཕན་པའི་ཤོད་སྟངས་ཅིག་མ་རེད། ནང་ཆོས་ལ་གནོད་པའི་བཤད་སྟངས་ཅིག་རེད། མཐར་གཏུགས་ན་ནང་ཆོས་ལ་ཞབས་འདེགས་མ་རེད་ཞབས་འདྲེན་རེད། བྱིས་སྒྲུང་དེ་ཚོ་ཨུ་ཚུགས་རྒྱབས་ནས་ཤོད་མཁན་གང་ན་སུ་ཡོད་ཚང་མ་ནང་པ་མཚན་ཉིད་པ་ཞིག་ཆགས་མེད།
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །
ཀ་རྡོ་ལགས།
ཁྱོད་ནང་གྲལ་ནས་ངས་མ་ཕུད་སྔོན་ལ་ཁྱེད་རང་རང་འགུལ་གྱིས་ནང་པའི་གྲལ་ནས་ཐོན་འགྲོ་རྩིས་བྱེད་པ་མ་རེད་པས། ང་ཚོ་ནང་པ་བ་ཞིག་ཡིན་ན་ཁྱད་གཞི་མེད་པའི་ཁྱད་ཆོས་དང་། མགོ་མེད་པའི་སྣ་ཞིག་ཁས་ལེན་གི་མ་རེད། གསལ་དུ་བཏང་ནས་བཤད་ན། རི་རྒྱལ་མེད་ས་ནས་རི་རྒྱལ་སྟེང་གི་ལྷ་ཡི་གྲོང་ཁྱེར་རིམ་པ་སུ་གསུམ་པོ་དེ་དག་རྣམས་ཡོད་ས་འགྲོ་གི་མ་རེད། གྲོང་ཁྱེར་མེད་ས་ནས་གྲོང་ཁྱེར་དེ་ལ་གནས་པའི་འགྲོ་བའི་རིགས་གང་ཡིན་ཡང་རི་བོང་རྭ་ཡི་ཟླ་གྲོགས་མིན་ན་ཅི་རེད། ད་གསལ་པོ་ཆགས་སོང་ངམ།
དེ་ནས།
མངོན་ཤེས་བསྒྲུབས་ཏེ་འཇིག་རྟེན་གཞན་དག་ང་ལ་སྟོན་གི་ཡིན་ཟེར། ཧཧཧ ཤིང་བཟོ་ཀུན་དགའ་ལྷ་ཡུལ་ལ་ལྷ་ཁང་བཞེངས་དུ་སོང་བའི་དཔེ་དང་ཆ་མ་རེད་པས། གུས་པ་ནི་NaSa དང་EeSa གཉིས་ཀྱི་བཀའ་དྲིན་ལ་འདི་ནས་ལེ་དབར་ཐེ་འབུམ་མང་པོའི་ཕ་རོལ་གནས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་འགའ་ཡི་ཞིང་བཀོད་ཡིད་དུ་འོང་མང་པོ་རྣམས་མིག་གིས་མཐོང་ཐུབ་པ་བྱུང་ཡོད།
ཁྱོད་ལ་མངོན་ཤེས་ཐོབ་ཐོབ་པར་དུ་བསྒུག་དགོས་ན་ནི་འདི་ནས་སྐྱེ་བརྒྱ་ཡི་རྗེས་ལ་ད་རུང་བསྒུག་དགོས་རྒྱུ་རེད་ཡ། ཧཧཧ ཀུ་རེ་ཡིན་ལོ།