རོང་བོ་དགེ་འདུན་ལྷུན་གྲུབ།
———–
སང་ཉིན་ཁྱེད་ཀྱི་འཁྲུངས་སྐར་ཡིན་པ་ཤེས་འཕྲལ
ངས་ལག་པ་ཀོབ་ཀོབ་ཀྱིས་ཅི་ཞིག་བྱ་དགོས
མཆུ་ཏོ་མུག་མུག་གིས་གང་ཞིག་འདོན་དགོས
མཆོད་པ་བདུན་ཚར་ཙམ་ཞིག་བཤམས་ནས
པར་སྒྲོམ་ལེགས་པོ་ཞིག་བཤམས་ནས
པུས་བཙུགས་ཀྱི་ངང་དུ
ལྷིང་འཇགས་ཀྱི་ངང་དུ
ཆུ་ཚོད་སྐར་མ་ཁ་ཤས་ལ་འདུག་རྒྱུ་དེ་འང
ཞེད་སྣང་དང་བཅས་ཏེ་རོལ་དགོས་པས
ད་ལྟའི་སྐབས་ཀྱི་སང་ཉིན་དེ
ང་ལ་མཚོན་ན་སྐྱེ་བ་སྔ་གཉིས་ཀྱི་མཚམས་རེད
དེ་ལྟ་མོད ངས་མཆོད་ཀོང་བདུན་ཚར་ཞིག་གིས
རང་གི་ལུས་ངག་ཡིད་གསུམ་གྱི་ཚབ་བྱས་ཏེ
ཁྱེད་ལ་དབུལ་རྒྱུ་ནི
ལྕགས་སྒྲོག་ཐོག་གི་མེ་ཏོག་དང
གཟེབ་དྲའི་དབུས་ཀྱི་འོད་ཐིག་ཡིན་རུང
ཅིས་ཀྱང་དབུལ་དགོས་ཨང
རོང་བོ་དགེ་འདུན་ལྷུན་འགྲུབ་ཟེར་བ་འདིས་རྩོམ་པ་པོ་ལྷམ་ཀོག་གི་རྩོམ་བརྐུས་འདུག རྩོམ་རྐུན་འདིར་ཆད་པ་གཅོད་དགོས་ངེས་རེད།