ས་འཛིན་དཀར་པོ།
དང་པོ་བཀའ་བློན་ལས་སུ་ཞུགས་པའི་དུས།།
ཁྱོད་ནི་ཆོལ་ཁ་གང་ཡིན་དཔྱད་མྱངས་མེད།།
མ་འོངས་རེ་བ་གསར་པ་བཅོལ་མྱངས་ཡོད།།
མ་ཚད་མཐོང་ཆེན་དཔོན་སྣའི་གྲས་སུ་རྩིས།།
ཁ་སང་དེ་རིང་ཁྱོད་རང་འཁྲུལ་སྣང་རྣམས།།
གུས་ལ་མཚོན་ན་སེམས་ནས་ངོ་གནོང་ཤོར།།
ཡང་སྒོས་གངས་ཅན་བུ་མོའི་མདུན་སྐྱོད་དེ།།
ཁྱོད་ཀྱིས་མ་བསམ་སྒེར་དོན་གཉེར་བར་སྐྱོ།།
དེང་རབས་ཤེས་ཡོན་སྣ་ཚོགས་ཡོད་ན་ཆོག།
ཁ་ནས་སྤྱིའི་དོན་བཤད་པར་མཛེས་ན་ཆོག།
མ་འོངས་ལས་འཆར་འགོར་རྒྱུ་ཡོད་ན་ཆོག།
ཁྱོད་རང་གུ་ཡངས་མེད་པར་སེམས་ནས་སྐྱོ།།
ཁེར་རྐྱང་བུད་མེད་འཆར་སྣང་མང་ན་སྲིད།།
མ་འོངས་ཁྱིམ་གསར་འཚོལ་རྒྱུ་ཡོད་ན་ཆོག།
ཕོ་མོའི་དགའ་སྡུག་རྣམ་རྟོག་གྱེས་ཡང་སྲིད།།
ཁྱོད་རང་སྤྱིའི་དོན་བཟོན་སྲན་མེད་པར་སྐྱོ།།
ལོ་གྲངས་མ་ཟིན་དགོངས་ཞུས་བྱས་པ་དེ།།
ལོ་རྒན་ཨ་མ་སེམས་ཀྱིས་འཁྲུལ་སྣང་ཞིག།
ལོ་མང་མི་དམངས་ཡིད་ཆེས་སྟེར་པ་ཀུན།།
ལོ་མཐར་རྒས་མོ་འཁྲུལ་པས་རེ་སྟོང་གྱུར།།
ལུང་ཚན་ཕྱོགས་རིས་ཞེན་ཁོག་མེད་ན་ནི།།
ལོ་གྲངས་མ་ཟིན་སྒང་ནས་འགྲོ་དོན་མེད།།
སྤྱིའི་དོན་བློ་དཀར་སེམས་པར་ཡོད་ན་ནི།།
ད་རེ་བཟོད་སྲན་མེད་པས་གྱོང་གུན་རེད།།
སྤེན་ཚེར་དུང་བ་ཆེ་བས་དགོངས་ཞུས་ཕུལ།།
ཆང་རག་བཟི་ངར་ཆེ་བས་ཡོད་ཚད་འཁྲུལ།།
སྤེན་ཚེ་ཕྱོགས་རིས་ཆེ་བས་ཁྱེད་རང་བསླུས།།
རྒས་མོ་འཁྲུལ་སྣང་ཆེ་བས་ཡིད་ཆེས་བརླག།
ཁ་སང་ཁྱོད་རང་རྒྱ་ནག་དགོས་མཁོ་བསྐྲུན།།
དེ་རིང་ཁྱེད་རང་སེམས་པར་ཨེ་བདེ་ལགས།།
སང་ཉིན་ལུང་ཚན་ཕྱོགས་རིས་སྤེལ་བ་དེས།།
ལོ་རྗེས་ཁྱོད་རང་སེམས་པར་ཨེ་སྐྱིད་ལགས།།
ལྟད་མོ་མང་གི སྤེན་ཚེ་ནས་དུས་བབ་ཁོ་རང་ཁོ་ན་ཁྱབ་བསྒྲགས་བྱེད་སར་བསྒྱུར་འདུག བཀའ་བློན་བདེ་སྐྱིད་ཁོ་རང་ཁོ་ན་བསྒྲགས་པའི་ལག་ཆར་བཀོལ་ཟིན། སྐུ་སྒེར་བདེ་སྲུང་ཁྲིམས་ཁང་། ཐ་ན་སྨན་རྩིས་ཁང་སོགས་ཀྱང་སྤེན་ཚེ་ཤོག་ཁག་གི་མི་སྣ་བཀོལ་ནས་སྤེན་ཚེ་ཡི་ཞབས་གཡོག་རེད་ཟེར།
བློ་སེང་བྱེད་སྟངས་ལ་བལྟ་ན་རྒྱ་རི་སྒྲོལ་མ་ཡང་དགོངས་པ་ཞུ་ངེས་ཡིན། བློ་སེང་ལ་རྒྱ་རི་ཚང་དང་། བཀྲས་མཐོང་ཚང། གཞུང་ཞབས་རྙིང་པ་སོགས་དགའ་མཁན་དཀོན་པོ་འདུག ཆབ་སྲིད་ཤེས་མཁན་ཚོའི་ཁ་ོ་ལ་དགའ་སྣང་མི་འདུག
རྒན་མོ་བདེ་སྐྱིད་ཀྱིས་ད་རེས་སེམས་པ་ཕམ་བཅུག་སོང་།