སོག་མདའ།
འཕོངས་ཚོས་ས་ལ་འཇོག་སའི་གནས་ཤིག་མ་མཐོང་།།
རྐང་ཐང་ལ་མོ་རྒྱག་པའི་ལམ་ཞིག་མ་རྙེད།།
ལག་པ་བྲང་ལ་བཞག་ནས་འདང་ཞིག་བརྒྱབ་ཀྱང་།།
རྐང་བ་གཉིས་ཀྱི་ཐོག་ལ་ད་དུང་ལངས་མེད།།
མིག་གིས་ཡར་ལ་བལྟས་ནས་རྗི་མ་མ་མཐོང་།།
རྣ་བས་ཚུར་ལ་ཉན་ནས་གསང་གཏམ་མ་གོ།།
ཡིན་ཚུལ་སྣ་དྲི་ཙམ་གྱི་ཤེས་ཚོར་ཙམ་ལས།།
ཡིན་ལུགས་བདེན་ཁ་ཕྲ་མོ་ངག་ནས་མ་ཐོན།།
སྙིང་ཆུང་དམར་བོ་ལྷོག་ལྷོག་ཇི་འདྲ་འགུལ་རུང་།།
གློ་བ་དཀར་ནག་གཉིས་ལ་ཚོར་བ་མི་འདུག །
ཁྲག་རྩའི་བཞུར་རྒྱུན་མ་ཆད་ལམ་ལམ་འགུལ་བས།།
དབུགས་ཆུང་ལྷེམ་ལྷེམ་ཞིག་གི་སྣེ་ན་བསྡད་འདུག །
ཕོ་བས་ཟ་འདོད་རྒྱུ་མ་འགུལ་འགུལ་བྱས་ནས།།
སུམ་བཅུའི་སོ་ཡི་མུར་མུར་གཙབ་ཧྲག་བཏང་ཀྱང་།།
མིད་པའི་མགྲིན་སྒོ་དོག་མོའི་འཕྲང་རིམ་བར་ནས།།
བསམ་བཞིན་འགྲོ་བའི་རང་དབང་རྨེན་བུས་འགོག་གི །
ལངས་པའི་མཇེ་མགོ་རྡོ་ལྟར་གྱེན་དུ་འཕགས་ནས།།
གཡབ་འདོད་ཁ་མཆུའི་ཐིགས་པ་ས་རུ་ཟགས་རུང་།།
གཉའ་མའི་མདེའུ་དེ་ལ་རྣོ་ངར་ཆེ་བས།
མཇེ་མགོ་ཕུར་ཕུར་ཙམ་ལས་རེ་བ་ཕྲ་གི །
ཕྱི་རྟིང་གནམ་ལ་བཅག་ནས་ལྟད་མོ་བལྟས་ཡོད།།
རྐང་ཆུང་ན་ཪོགས་བར་དུ་ལངས་ནས་བསྡད་ཡིན།།
གྲིབ་གཟིགས་རིང་མོ་རྒྱང་ནས་རྒྱང་དུ་བུད་ཐལ།།
འོད་ཆུང་དཀར་པོ་ང་དང་ཁ་ཐག་ཇེ་ཉེ།།
༢༠༡༢། ༡༠། ༣༡ ཉིན་རང་ཤག་ནས་བྲིས།
གོ་རྒྱུ་མི་འདུག