མྱི་ལྟིག
གཅིག
དེང་སང་གི་གསར་བུ་ཚོ་འགྱིག་གི་འདྲུད་ལྷམ་གྱོན་རྒྱུར་ཧ་ཅང་དགའ། འགྱིག་གི་འདྲུད་ལྷམ་ནི་ངེས་པར་མཁོ་བའི་ཆས་ཤིག་ཡིན་ལ་གོན་ཆོག་ཆོག་དང་ཕུད་ ཆོག་ཆོག་གི་སྟབས་བདེ་སྤྱོད་བདེ་ཡི་ཆས་ཤིག་ཀྱང་ཡིན།འགྱིག་གི་འདྲུད་ལྷམ་གྱི་བསླུ་བྲིད་ཀྱིས་ཀྱང་ལྷམ་སྤྱི་དང་མཚུངས་པར་མིག་ཆུའི་ལྷན་སྙིང་གཏམ་གྱིས་དྲུད་འགྲོ །ཆེས་ཐོག་མའི་བག་ཆགས་འཇོག་སྟངས་ཀྱང་ལྷམ་སྤྱི་དང་མཚུངས་མོད།གཟབ་ཀྱིས་གཤིབ་ཞོར་ལྷོད་ཀྱིས་འགྲོགས་དུས་ད་གཟོད་རང་ཉིད་འདྲོགས་དགོས་པ་ཤེས། དེ་དུས་ཀྱང་ཁྱོད་ནི་འདྲུད་ལྷམ་རྒྱུན་སྤྱོད་དུ་གྱུར་ཡོད་མཁན་ཞིག་ཡིན་ཚེ་ ཁྱོད་ཀྱིས་ད་དུང་འདྲུད་ལྷམ་གྱི་ཚོན་རྩིའང་འགྱུར་མེད་ སྣང་འཆར་ལ་འདྲུད་ལྷམ་ལ་དྲོད་ཁོལ་ཡོད་སྣང་སྐྱེས་སྲིད། ཡིན་ནའང་དྲོད་ཁོལ་དེ་ནི་ནམ་ཟླ་དབྱར་ཁ་ཡི་དྲོད་ཁོལ་ཡིན་པ་ངེས་པར་ཤེས་དགོས།
གཉིས་པ།
འདྲུད་ལྷམ་ལའང་སྣ་མང་པོ་ཞིག་ཡོད་དེ། དཔེར་ན། ཤིང་གི་འདྲུད་ལྷམ། བལ་གྱི་འདྲུད་ལྷམ། འགྱིག་གི་འདྲུད་ལྷམ་གྱིས་མཚོན་པའི་སྐོར་ཞིག་སྟེ། དང་པོ་ཤིང་གི་འདྲུད་ལྷམ་ནི་ཁྱད་འཛོམས་དང་དུངས་འདྲེན་གྱི་རིགས་ཤིག་ཡིན། གཉིས་པ་བལ་གྱི་འདྲུད་ལྷམ་ནི་སུས་ཀྱང་གྱོན་ཆོག་ཆོག་གི་རིགས་སུ་གྱུར་པ་དེ་ མིན། གསུམ་པ་འགྱིག་གི་འདྲུད་ལྷམ་ནི་གོང་གི་དེ་གཉིས་ལས་བརྒལ་བའི་རིགས་ཅན་ཏེ། རྐང་པར་འདྲུད་པའི་ཟོལ་གྱིས་གྱོན་ན་ཕལ་ཆེར་ལོ་ངོ་ལྔ་བཅུའི་མན་དང་བཅོ་ལྔའི་ ཡན། མདོར་ན་ཟ་ཁང་སོགས་སུ་འགྲོ་འོང་བྱེད་ཞོར་མཚན་གང་པོར་གོན་མི་ཐུབ་རུང་། སྐར་མ་ལྔའི་གོ་སྐབས་ལོངས་སུ་སྤྱོད་ཆོག་ཆོག་ཡིན། ཁྱོད་ཀྱིས་སེམས་ཁྲལ་ལྷག་མ་ཅི་གང་ཡང་བྱ་མི་དགོས་ཏེ། ཁྱོད་ཀྱི་སྒོར་ཁུག་ཏུ་ཀི་བཏབ་ཚར་དུས་ཁྱོད་ཀྱིས་སྤྱོད་བཞིན་པའི་འདྲུད་ལྷམ་ དེའང་བོར་ཚར་ཡོད།
གསུམ་པ།
འདྲུད་ལྷམ་གྱོན་མཁན་གྱི་གསར་བུ་དེ་ཚོ་དགོན་སྡེ་ནས་ཡོང་མཁན་ཡིན་ལ། ཁ་གསལ་དུ་བཏང་ན་སྔོན་ཆད་གྲྭ་བ་བྱས་མྱོང་པའི་དགེ་བོའི་༼རང་ཉིད་ཀྱང་འདུ༽ རིགས་ཡིན་ཏེ་རྔོ་པག་གིས་གཅུན་ཡོང་དུས་འགྱིག་གི་འདྲུད་ལྷམ་དང་ལྷམ་རིགས་གྱི་ ཧེ་བག་ཧབ་ཧོབ་ཀྱིས་འཕྱུགས་འགྲོ ། ཡིན་ནའང་ཁས་མི་ལེན་པར་‘‘འདྲུད་ལྷམ་ནི་ལྷམ་མིན་ནམ་ལྷམ་ཡིན་པའི་རྒྱུ་མཚན་ གྱིས་འདྲུད་ཀྱི་རྗེས་སུ་ལྷམ་ཞེས་པའི་མིང་ཚིག་ཅིག་ཡོད་པའི་ཕྱིར”ཞེས་ཁྱོད་ལ་ རྟགས་གསལ་འདྲ་ཞིག་འཕེན་ངེས་ཡིན། ད་དུང་མི་འདི་རིགས་ཀྱིས་འགྱིག་གི་འདྲུད་ལྷམ་རེ་ངོམ་ཞོར། རང་ཉིད་ལ་ཐན་བྱུར་གྱི་ཆག་སྒོ་གང་ཡང་མ་བྱུང་ན་འགྱིག་གི་འདྲུད་ལྷམ་གྱིས་དབྱར་ དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་ལྷོད་ཀྱིས་འཁྱོལ་ངེས་པའི་བཏང་བཏང་བྱུང་ བྱུང་གི་སྐད་ཆའང་ཤོར་སྲིད་དོ།
མཐའ་མའི་གཏམ།
ཀོ་ལྷམ་དང་རས་ལྷམ་སོགས་ཀྱི་རིན་གོང་མཁའ་རུ་བསྐྱོད་པའི་བར་སྐབས་འདིར་འདྲུད་ ལྷམ་རེ་གྱོན་ལོས་དགོས་མོད། ཐོག་མ་ནས་རྒྱུན་སྤྱོད་ཀྱི་ཧམ་པ་དང་སྒེར་སེམས་ཀྱི་འདོད་རྔམ་མེད་པར་སྒམ་ བརླིང་གིས་གྱོན་མ་གཏོགས་ཁྱོད་ཀྱིས་འཆར་སྒོ་ཡོད་ཚད་སྣ་ཁུག་ཁ་འཐེན་དུ་འགྱུར་ངེས་ཡིན་ལ། ཁྱོད་ལ་དབང་ཆོག་པའི་ལྕེ་གཏམ་བཤད་ཞོར་ཁྱོད་ལ་གཏན་དུ་ཐོབ་མི་སྲིད་པའི་འཇིག་ རྟེན་ཟླུམ་པོ་ཞིག་ཀྱང་གྲུབ་པར་བཤད། ད་དུང་། ཁྱོད་རང་ཉིད་ཀྱིས་སྤྱོད་བཞིན་པའི་འདྲུད་ལྷམ་དེས་ཁྱོད་ཀྱི་རྐང་པ་ནས་འགོ་ བཙུགས་ཏེ་ཡར་ཡོང་ནས་དངུལ་ཁང་གི་བྱང་བུ་དང་། ཁྱོད་ཀྱི་བདེ་སྐྱིད་ཅེས་པ་དེའང་ཁྱུར་མིད་བྱ་ངེས། གལ་ཏེ་ཀློག་པ་པོ་ཁྱོད་ཀྱང་འདྲུད་ལྷམ་གྱོན་མཁན་ཞིག་ཡིན་ཚེ། ངའི་སྐད་ཆ་འདི་དག་ཞོགས་པ་ཚར་གཅིག་དང་དགོང་མོ་ཚར་གཅིག་གདོན་པར་གྱིས་ཤིག ། ༢༠༡༢ ༠༤ ༢༦ཉིན། ནོར་གླིང་དུ།
༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་སྒྱུར་བསྐྱངས་སྐབས་སུའང་འགྱིག་གི་འདྲུད་ལྷམ་ཞིག་མནབས་པ་དེས་མི་རྣམས་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་བྱིན་པ་ལན་གཅིག་མིན།
འགྱིག་གི་འདྲུད་ལྷམ།
འདི་ལ་བོད་རང་གི་ཐ་སྙད་དུ་༼འགྱིག་ཀྲད་༽ཟེར་བ་རེད།
གཞན་ཅང་ཞུ་རྒྱུ་མེད།
ནོར་གླིང་གི་ནོར་གནག་ཅིག་འདི་ན་འདུག ཧ་ཧ་ཧ་ཧ། ཀུ་རེ་ཡིན།
འགྱིག་གི་འདྲུད་ལྷམ་འདིས་་་སྐད་ཆ་གཞན་ཞིག་བཤད་ཀྱིན་འདུག་མོད་་་་་ད་དུང་་་བསམ་གཞིག་བྱེད་ཀྱིན་པ་ཡིན། བཀའ་དྲིན་ཆེ།
བསིལ་ལྷམ། ཡང་ན། མགྱིག་གི་བསིལ་ལྷམ།
འགྱིག་གི་འདྲུད་ལྷམ་དེས་རྐང་པ་ལ་ན་ཚ་ཚབ་ཆེན་བཟོ་སྲིད། དེས་ན་འགྱིག་གི་འདྲུད་ལྷམ་གྱོན་མཁན་ཚོས་གཟབ་རྒྱུ་གལ་ཆེ། གཉིས་མེད་སེང་གེས་གོང་ས་མཆོག་གིས་ཀྱང་འགྱིག་གི་འདྲུད་ལྷམ་གཞེས་འདུག་ཟེར་འདི་ནི་ཇི་འདྲའི་སྐུར་འདེབ་ཚབ་ཆེན་ཞིག་མ་རེད། ཧཧཧ
གཉིས་མེད་སེང་གེས་གསུང་བ་འདི་བདེན་ཐག་ཆོད་ཡིན།
༧ གོང་ས་མཆོག་གིས་འགྱིག་ལྷམ་བཞེས་ཡོད་པ་མིག་གིས་མཐོང་མྱོང་། ལུང་རྟོགས་ལགས། ཧ ཧ ཧ ་་་་
གནའ་སྔ་མོ་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ཉེ་འདབས་སུ་བཞུར་ཆུ་ཞིག་ཡོད་པ་དེར་༧གོང་ས་མཆོག་གིས་གཏེར་ཞིག་སྦས་བཞིན་པའི་ཐོག་སོང་པ་ཡིན། ༧གོང་ས་མཆོག་གི་བསིལ་ལྷམ་སྔོན་པོ་ཞིག་བགྱོན་འདུག ཐག་ཉེ་ནས་མཐོང་མྱོང་། ད་དུང་བསིལ་ལྷམ་སྟེང་གི་ཡི་གེ་དེ་ཚོ་བཀོག་ནས་བགྱོན་འདུག འགྱིག་ལྷམ་ཅུང་ཟད་རྙིང་སོང་དུ་གྱུར་བ་ཞིག་བགྱོན་འདུག
འགྱིག་གི་འདྲུད་ལྷམ་སོགས་མིང་གསར་བ་འདི་ཚོ་ཅ་པ་ལི་ལས་རིང་དུ་གྱུར་འདུག མིང་རིང་དྲག་འདུག ཅ་པ་ལི་ཚེགས་ཁྱིམ་གསུམ་གྱི་ས་དེ་ཚེགས་ཁྱིམ་བཞི་བཟོས་ཡོད་པར་མ་ཟད། ཡིག་འབྲུ་ཁ་མེད་སྣ་མེད་མང་རུ་གྱུར་ཚར་འདུག དེ་ལས་ཅ་པ་ལི་ཟེར་ན་ཡག་ས་རེད། ནོར་མི་འགྲོ་བ་དང་གཅིག ཁ་ནང་ལ་བདེ་པ་དང་གཉིས། ཡི་གེ་འབྲི་སྐབས་ས་ཆ་མང་པོ་མི་ཟ་བ་དང་གསུམ། འབྲི་ཀློག་སྐབས་སུ་དུས་ཚོད་ཉུང་འཕྲི་བྱེད་ཐུབ་པ་དང་བཞི་བཅས་ཀྱིས་སོ།
གོང་ས་མཆོག་ནས་འགྱིག་ལྷམ་གཞེས་ཡོད་པ་ངས་ཀྱང་མཐོང་མྱོང་། འོན་ཀྱང་རྩོམ་ཡིག་འདིའི་བརྗོད་བྱའི་འགྱིག་ལྷམ་དེ་འགྱིག་ལྷམ་ངོ་མ་ཞིག་རེད་དམ་གྲོགས་པོ་ཚོ།
ངས་ཟེར་དོན་༧གོང་ས་མཆོག་གིས་ཁྲུས་གཞོང་དུ་སྐུ་ཁྲུས་ཡེ་ནས་གནང་མྱོང་མེད་ཅིང་། གང་དུ་མགྲོན་ཁང་ནང་བཞུགས་སྐབས་ཀྱང་གློག་སྒོ་གཏན་ནས་ཕྱི་རོལ་ཏུ་ཕེབས་ཀྱི་ཡོད་གསུངས་པ་སོགས་ཁོང་གི་རྒྱས་སྤྲོས་མེད་པའི་མཛད་རྣམ་གྱི་ཆ་ཤས་རེ་རེས་མི་རྣམས་དང་བ་འདྲེན་གྱི་ཡོད་པ་དེའོ། །
གོང་ས་མཆོག་གི་ཅ་པ་ལི་ཨང་ཚད་བདུན་པ་དང་། ཡི་གེ་གཏན་ནས་མེད་པ་ཡིན་དགོས། གཅིག་གིས་སྐུར་འདེབས་ཡིན་ན་གཅིག་ཟེར་གིན་འདུག་སྟེ་ལོ་ཤས་སྔོན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཅ་པ་ལི་དཀར་པོ་ཞིག་བསྣམས་ཤིང་ཕྱག་ཐལ་མོ་སྦྱར། ཞལ་འཛུམ་བཞིན་པའི་སྐུ་པར་ཞིག་མཇལ་བྱུང་ལོ།
ངའི་རྩོམ་ཡིག་འདི་བཀླགས་མཁན་གྱི་ཁྲོད་ན་མི་ཁག་ཅིག་གིས་འབྲེལ་མེད་ཀྱི་དོན་དག་བཤད་ཀིན་འདུག
ངོ་མ་ཡིན། ངས་འགྱིག་གི་འདྲུད་ལྷམ་ཟེར་བ་ནི་མི་ཞིག་ལ་གོ་དགོས་པ་ལས་ང་ཚོས་སྤྱོད་བཞིན་པའི་
འདྲུད་ལྷམ་དེའི་རྒྱུ་སྤུས་གླེང་བ་མིན།
ཁ་བརྡའི་མཆན་འདེབས་པ་བཀྲ་ཤིས་ལགས།
སྐུ་ཉིད་ནས་ཁ་བརྡར་མཆན་འདེབས་ཀྱི་བརྒྱུད་རིམ་ནང་། ༼རིན་ཆེན་མཚོ། བཀྲ་ཤིས། འཁྱམས་པོ། སད་ན་ལེགས། methokma བོད་ཀྱི་བུ། དྲང་མདའ། པ་སངས་ལྷ་མོ། གཡང་འཛོམས། བུ་བཀྲ་ཤིས། ཁ་བའི་སྒྲོལ་མ། གསེར་མདོག ༽བཅས་སྨྱུག་མིང་བཅུ་གཉིས་བེད་སྤྱོད་བྱེད་བཞིན་པ་འདི་དག་ལས། ད་ནས་སྐུ་ཉིད་ཀྱིས་སྨྱུག་མིང་གཅིག་རང་བེད་སྤྱོད་གནང་བའི་རེ་བ་ཞུ་ཡི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
—
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
འདི་ན་བཀྲ་ཤིས་མེད་པ་ལ།།
བཀྲ་མི་ཤེས་འདི་ཅི་གོ་རེད།།
ད་ནི་རྩོམ་པ་པོས་གསལ་བཤད་གནང་སོང་། ང་ཚོའི་མི་འདི་ཚོས་རྩོམ་ཀློག་སྟངས་འདི་འདྲ་ཡིན་ན་ངོ་མ་གད་མོའི་གནས་རེད།
གྱིག་གི་འདྲུད་ལྷམ་གྱོན་དུས།
གྱིག་གི་ཞྭ་མོ་མཆོད་དགོས།
ངོ་མ་འདྲུད་ལྷམ་ཐེད་པོ་ཞིག་ལ་ཐུག་ན་བཟོ་བཅོས་རྒྱག་རྒྱུར་དཀའ་བ་འདྲ་བས་དགེ་བོ་ཚང་མས་གཟབ་གཟབ་ཅིག་བྱས་ན་མ་གཏོགས་རྗེས་ནས་ཕྱི་ནང་བར་གསུམ་ཚང་མ་ཐེད་སོང་ན་དགེ་བོ་ད་དགེ་བོ་རང་ཡིན་པས་ཅི་སྐྱོན།་་་ཡིན་ན་ཡང་རང་གི་བུ་རབས་ཚ་བརྒྱུད་ཚང་མའི་སྔུན་ནས་རྟག་བརྟན་ཐེར་ཟུག་གི་ཐེད་པོ་ཞེས་པའི་མིང་ངན་ཞིག་ཆགས་རྒྱུ་ནི་གདོད་མི་ཟ།
རྩོམ་ཡིག་ནི་གློག་བརྙན་ཞིག་ཡིན་པར་ཆ་བཞག་ན་གློག་བརྙན་དེས་ལྟད་མོ་བ་དག་གི་ཡིད་དེ་ཙམ་འགུགས་མ་ཐུབ་ན་ཁོང་ཚོས་ལྟ་ཞོར་དུ་གནད་དོན་གཞན་གྱི་ཐད་ཁ་བརྡ་བྱེད་པའང་སྲིད།
༄། །དངོས་གནས་རེད། རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་མིག་སྔར་མཛེས་སྡུག་ལྡན་པའི་རྩམ་ཆོས་སྤེལ་བར་གལ་ཆེ།