ཁྲོ་གཏུམ།
འཕུར་སོང
འགྱིག་ཤོག་དཀར་པོ་དེ
ལྕགས་ཀྱི་དྲ་ཐག་ནས་བར་ནས་འཕུར་སོང
སྡོང་པོའི་ཡལ་ག་རྒྱུད་དེ་འཕུར་སོང
རླངས་འཁོར་གྱི་འཁོར་ལོའི་བར་ནས་འཕུར་སོང
མི་ཚོགས་ཀྱི་རྐང་བར་ནས་འཕུར་སོང
གང་ལ་འཕུར་རམ
གང་ནས་འདུག་གམ
ཡང་ན
འགྱིག་ཤོག་འདི་ངེས་མེད་སྡོམ་སྟེ་འཆི་ས་གང་ཡིན
ད་དུང་འཕུར་གྱིན་འདུག
མི་འཚོགས་འདུ་ས་ན
སྤྲོ་སྐྱིད་གཏོང་ས་ན
སྤང་ཁ་སྔ་ལྗང་ལྗང་ན
གླིང་གའི་བཀོད་པ་མཛེས་ས་ན
སྔར་བཞིན་འཕུར་གྱིན་འདུག
མ་འདྲ་བ་ཞིག་ལ
རླུང་གིས་རལ་མི་འདུག
ལན་རེར་བྱིས་པ་རྣམས་ཧང་སང་ཏེ་ཅེར་བཞིན་རྩེད་ཆས་ཤིག་རེད་བསམ
བར་རེར་ཁྱི་གུ་ཆུང་ཆུང་རེའི་ལག་ཏུ་ཤོར་ནས་རྩེད་ཆས་སུ་གྱུར
སྤྲོད་སྐྱིད་གཏོང་མཁན་གྱི་མིག་ལ་རྒྱུད་རུང་སེམས་ཀྱིས་མ་ཚོར
འཁོར་ཡུག་སྲོང་སྐྱོབས་པ་མ་ཐོན་པའི་བར་དེར་འཕུར་སོང
གད་སྙིགས་དབོར་འདྲེན་གྱིས་གད་སྙིགས་སྒམ་གཅིག་པུ་ལས་མ་མཐོང
འགྱིག་ཤོག་ད་རུང་འཕུར་གྱིན་འདུག
གང་ཞིག་ལ་ཐོན་སྲིད་དམ
ཡང་ན་གང་ཞིག་ཤི་སྲིད་དམ
ད་ནི་འགྱིག་ཤོག་ཆུ་ཕྲན་ཞིག་ལ་ཕྲད་སོང
ཆུ་ཕྲན་གྱིས་ཡན་ལག་བརྒྱད་ལྡན་གྱི་གཙང་བོར་བརྐྱལ་སོང
གཙང་བོས་འཁུར་ཞོར་གཙང་བོར་འདྲེས
མཐའ་མར་རྒྱ་མཚོར་འདྲེས
འགྱིག་ཤོག་ཀྱང་རྒྱ་མཚོར་འདྲེས
རས་སྤལ་གྱིས་ཟས་ཏེ་ཤི
ཉྭ་ཞིག་གིས་ཟས་སྟེ་ཤི
ཉྭ་དེ་ཆུ་སྲིན་གྱིས་ཟས་ཏེ་ཤི
མཐའ་མར་ཆུ་ཤོག་དེ་ནི་ལོ་ངོ་སྟོང་ལ་བསྡད་ཀྱང་ཤི་མི་འདུག་པའི་གཏམ་རྒྱུད་གོ་སོང
༢༠༢༡ ཟླ་༠༢ ཚེས་ ༢༣ ཉིན།