རྩོམ་སྒྲིག་པའི་གཏམ།
དང་པོ།
བཙན་བྱོལ་གྱི་མང་གཙོ་འདི་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་ཡོད། ད་ལྟ་ཚུན་གྱི་འགྱུར་བ་དག་ནི། ཡིག་ཆའི་ཐོག་གི་འགྱུར་བ་དང་གྲངས་ཀའི་འགྱུར་བ་རེད། ཐོག་མའི་ཆར།
ཁྲིམས་བཟོ་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་བྱུང་། དེའི་རྗེས་སུ་ཁྲིམས་ཞིབ་ལྷན་ཁང་བྱུང་། རིམ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མིའི་གྲངས་ཀ་ཡང་འཕེལ་འགོ་ཚུགས།
འོན་ཀྱང་། གྲངས་ཁ་འཕེལ་བ་དང་གཞི་རྐང་བཙུགས་པ་ནང་བཞིན། འགྱུར་བ་རླབས་ཆེན་དེ་འདྲ་བྱུང་མེད། འགྱུར་བ་ཆེན་པོ་ཞིག་མ་བྱུང་བའི་རྒྱུ་མཚན་གཅིག་ནི། བཙན་བྱོལ་གྱི་མང་གཙོ་འདི་། བཅུ་ཕྲག་བཞིའི་རིང་ལ་སྒང་ནས་མར་འགྱུར་བ་བཏང་བསྡད་པ་ཞིག་རེད། འོག་ནས་ཡར་ལ་འགྱུར་བ་བཏང་བ་ཧ་ཅང་ཉུང་ཉུང་རེད། གང་ལྟར།
ཕྱི་ལོ་༢༠༠༠ཚུན་ཆད་ནས་འགྱུར་བ་ཆེན་པོ་ཞིག་འགོ་བཙུགས་ཡོད། དེ་ནི་བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་འགོ་བྱུང་བ་དེ་རེད། དེ་འགྱུར་བ་རླབས་ཆེན་གཅིག་ཏུ་བགྲངས་ཆོག འོན་ཀྱང་། འགྱུར་བ་དེ་ལ་མང་ཚོགས་ཀྱིས་ལག་ལེན་རླབས་ཆེན་ཞིག་བྱུང་མེད། འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་བོད་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༣༠ལྷག་གིས་མ་གཏོགས་འོས་འཕེན་གྱི་ཐོབ་ཐང་བླངས་མེད།
གཉིས་པ།
ད་ལོ་ནས་བཙན་བྱོལ་གྱི་མང་གཙོ་ལ་སྲོག་དབང་གསར་བ་ཞིག་ཞུགས་བཞིན་ཡོད། དེ་ནི་ང་བཀའ་བློན་ཁྲི་བའི་འོས་གཞིར་ལངས་གི་ཡིན་ཟེར་མཁན་འབྱུང་བཞིན་པ་འདི་རེད། འདི་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པའི་རྟགས་མཚན་གསལ་ཤོས་ཤིག་རེད། བཙན་བྱོལ་གྱི་མང་གཙོའི་ནང་གི་འགྱུར་བ་ཆེན་པོ་ཞིག་ཀྱང་རེད། བཀའ་བློན་ཁྲི་བ་དེ་མི་མང་གིས་ཐད་ཀར་འདེམས། བཀའ་བློན་ཁྲི་བ་དེས་ཀྱང་འོས་བདམས་མ་བྱུང་སྔོན་ནས་ང་བཀའ་ཁྲིའི་འོས་གཞིར་ལངས་གི་ཡིན་ཞེས་མི་མང་གི་སྔོན་ལ་ཐོན། བྱེད་སྟངས་འདི་གཉིས་ཀ་མང་གཙོའི་སྤྱི་ཚོགས་ཁྲོད་ཀྱི་མདུན་བསྐྱོད་ཀྱི་གོམ་ཞེང་ཆེན་པོ་གཉིས་རེད། འོན་ཀྱང་། བཀའ་ཁྲིའི་འོས་གཞིར་ལངས་མཁན་དེས་འགྱུར་བ་ཞིག་གཏོང་ཐུབ་གི་རེད་དམ། འདི་ལ་རྩིས་རྒྱག་དགོས་ཀྱི་འདུག རྩིས་ཞིབ་ཏུ་རྒྱག་དགོས་ཀྱི་འདུག
བཀའ་བློན་ཁྲི་བས། བཀའ་ཤག་ལྷན་རྒྱས་སྐབས་འགོ་འདོམས་བྱེད་རྒྱུ་དང་། ཕྱག་རོགས་བཀའ་བློན་སོ་སོར་འགན་དབང་དང་ལས་ཁུངས་ཆ་བགོས་བྱེད་པ། རྒྱུ་མཚན་ལྡན་པའི་སྒོ་ནས་བཀའ་བློན་བྱེ་བྲག་པ་གང་རུང་དགོངས་ཞུ་བྱ་དགོས་བའི་བསམ་འཆར་གནང་ཆོག་པ་བཅས་རེད། གཞན། གཞུང་གི་ལས་དོན་གལ་ཆེའི་རིགས་ཚང་མའི་ཐག་གཅོད་ནི་བཀའ་ཤག་ལྷན་རྒྱས་ནས་གྲོས་བསྡུར་དང་ཐག་གཅོད་བྱེད་དགོས་ཀྱི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཡང་། ‘བཀའ་ཤག་གི་འགན་ཁུར་ནི་བཀའ་བློན་ཚང་མ་མཉམ་འདུས་ཀྱི་འགན་ཁུར་ཡན་པ་དང་། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་། དྲི་བར་ལན་འདེབས་བྱས་དགོས་’ཞེས་གསལ་འདུག དེས་ན། བཀའ་བློན་ཁྲི་བ་དེ་འཇོན་པོ་རྒོད་པོ་ཇི་འདྲ་ཞིག་ཡིན་རུང་། སྤྱི་འཐུས་མང་མོས་ཀྱི་རྒྱབ་སྐྱོར་མེད་ན། བཀའ་ཁྲིའི་འཆར་སྣང་དང་བསམ་ཚུལ་ཁག་སྒྲོགས་ཙེའི་སྒང་ནས་ལྷག་རྒྱུ་མ་གཏོགས་གཞན་མེད། འདི་དག་ལ་བསམ་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེས་འགྱུར་བ་ཞིག་གཏོང་ཐུབ་རེ་འདུག་གམ།
གསུམ་པ།
བལྟ་སྟངས་གཞན་ཞིག་ནས་བལྟས་ན། ད་ལྟའི་བཙན་བྱོལ་གཞུང་གི་ལས་ཀ་ནི། བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་བོད་མིའི་བསམ་སྤྱོད་ཀྱི་ཁེ་ཕན་ལ་ལྟ་སྐྱོང་བྱ་རྒྱུ་གཉིས་རེད།
འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེས། ལས་འགན་འདི་གཉིས་ལ་ཡར་རྒྱས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་རེ་ཡོད་དམ། ད་ལྟའི་ཆར། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལས་ཀ་དེ་བོད་རྒྱ་འབྲེལ་མོལ་ཟེར་བ་དེའི་སྒང་ལ་གཡུགས་ནས་ཡོད། བོད་རྒྱ་འབྲེལ་མོལ་དེ་ཡང་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་ཞིག་གི་ཟུར་ན་ཡོད། ད་ལྟའི་བཀའ་ཤག་གིས་ཡིག་ཆ་དེ་ལ་འགྲེལ་བཤད་ཀྱི་ལྷན་པ་ཞིག་ཀྱང་བརྒྱབ་ཡོད། བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་ཞིག་ཡོང་མིན་ལ་མ་བལྟས་བར། ཡིག་ཆ་དེ་ཆུང་དུ་གཏོང་རྒྱུ་མེད་ལ་ཆེ་རུ་གཏོང་ཐབས་ཀྱང་མེད། བཙན་བྱོལ་བོད་མིའི་བསམ་སྤྱོད་ཀྱི་ཁེ་ཕན་གྱི་ཁོངས་སུ། གཙོ་ཆེ་བ་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན། གཞིས་ཆགས་སྲ་བརྟན་བཅས་ཚུད་ཡོད། ད་ལྟའི་བཀའ་ཤག་འདིས། ཤེས་ཡོན་གྱི་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱས་ཚར་ཡོད། གཏན་འབེབས་གང་བྱས་བ་དེ་ལ་ལག་ལེན་གྱི་འགོ་ཡང་བཙུགས་ནས་ཡོད།
དཔལ་འབྱོར་ཡང་སྒེར་བདག་ཏུ་བསྒྱུར་ཚར་ཡོད། སྒེར་བདག་ཏུ་བསྒྱུར་བ་ཙམ་མ་ཡིན་པར་ད་ལྟའི་གཞུང་འདིར་དཔལ་འབྱོར་གྱི་བུ་ལོན་མེད་པ་ཞིག་བཟོས་ཡོད། ཆེ་ས་ནས་གཏན་འབེབས་བྱས་ཚར་བ་འདི་དག་ལ། བསྐྱར་དུ་འགྱུར་བ་ཆེན་པོ་ཞིག་ཡོང་རེ་མེད་པ་མ་ཟད་ཡོང་སའི་ལམ་དེ་ཡང་ཧ་ཅང་དོག་དོག་ཅིག་ཡིན། དེས་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེས་འགྱུར་བ་ཞིག་གཏོང་ཐུབ་རེ་ཡོད་དམ།
ངས་བསྟས་ན་འདི་ལ་འགྱུར་བ་ཞིག་ཡོང་བའི་རེ་བ་མེད། འདི་ལ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་རྒྱུད་དགོས་པས་ཡིན། བཀའ་ཁྲིའི་ལས་དོན་ལེགས་འགྲུབ་ཡོང་མིན་དེ་སྤྱི་འཐུས་ལ་རག་ལས་པ་དང་། སྤྱི་འཐུས་ཡོག་པོ་ཞིག་ཡོང་མིན་དེ་མང་ཚོགས་ལ་རག་ལས་མོད། དོན་དམ་གྱི་ནང་ཆོས་དངོས་ཟིན་མཁན་གཅིག་གཉིས་ལས་མེད་པའི་སྤྱི་ཚོགས་ནང་ཆོས་ལུགས་གཙིགས་འཛིན་བྱ་མིན་གྱི་བཀག་རྒྱ་གཅིག་དང་། དོན་དམ་གྱི་ལག་ལེན་མེད་ན་ཡང་མིའི་རིན་ཐང་དེས་འཇལ་བ་དང་གཉིས། ཡ་རབས་ཞེས་ཚད་འཛིན་མེད་པའི་གུས་ཚུལ་སྟོན་ཐུབ་མིན་གྱི་བཀག་དང་རྒྱ་གསུམ། མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དམན་དྲག་པས་ཆོས་པ་དང་ཡ་རབས་ཡིན་མིན་གྱི་གཞལ་བྱེད་སྐམ་པོའི་ཐབས་ལམ་ཁོ་ན་ལས་མེད་དང་བཞི། ཆོས་པར་རློམ་བས་བཙན་པོའི་རྒྱལ་རབས་རྫོགས་པ་ནས་ལུང་པ་རེ་ན་བླ་བ་རེ། བླ་མ་རེ་ལ་ཟ་སྡེ་རེ་བྱས་ཏེ་བསྡད་དྲག་པའི་རང་མགོ་གང་ཐོན་གྱི་སེམས་གཤིས་ད་དུང་བསྒྱུར་ཐུབ་མེད་པ་དང་ལྔ། བླ་མ་ལས་མི་རིགས་ཀྱང་བློས་གཏོང་ཐུབ་པའི་གླེན་རྟགས་ཆེ་བ་དང་དྲུག བོད་མི་ཡོད་དོ་ཅོག་ལ་ལྟ་ཚུལ་གཅིག་དང་བསམ་ཚུལ་གཅིག་ལས་ཡོང་མི་ཆོགས་པའི་མཁྲེགས་འཛིན་ཆེ་བ་དང་བདུན། མདུན་ལམ་མཐའ་དག་ལྷ་མོ་རྩིས་གསུམ་དང་བླ་མས་ཐག་གཅོད་པ་བརྒྱད། ལས་དོན་ཡོངས་རྫོགས་བླ་མའི་ཐུགས་དང་མཐུན་དགོས་པ་བཅས་དགུ་སྟེ་དགུ་བ་ཁ་ནག་གི་ལྕགས་སྒྲོག་གིས་བཅིངས་ཡོད་པའི་མི་རིགས་ནི་བཞི་ཤད་ཀྱི་བདག་པོ་ཡིན་བ་ལས་སང་ཉིན་མཐོང་བའི་མི་རིགས་དེ་ཡིན་མི་སྲིད།
ངས་བསྟས་ན་འདི་ལ་འགྱུར་བ་ཞིག་ཡོང་བའི་རེ་བ་མེད། འདི་ལ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་རྒྱུད་དགོས་པས་ཡིན། བཀའ་ཁྲིའི་ལས་དོན་ལེགས་འགྲུབ་ཡོང་མིན་དེ་སྤྱི་འཐུས་ལ་རག་ལས་པ་དང་། སྤྱི་འཐུས་ཡག་པོ་ཞིག་ཡོང་མིན་དེ་མང་ཚོགས་ལ་རག་ལས་མོད། དོན་དམ་གྱི་ནང་ཆོས་དངོས་ཟིན་མཁན་གཅིག་གཉིས་ལས་མེད་པའི་སྤྱི་ཚོགས་ནང་ཆོས་ལུགས་གཙིགས་འཛིན་བྱ་མིན་གྱི་བཀག་རྒྱ་དང་གཅིག དོན་དམ་གྱི་ལག་ལེན་མེད་ན་ཡང་མིའི་རིན་ཐང་དེས་འཇལ་བ་དང་གཉིས། ཡ་རབས་ཞེས་ཚད་འཛིན་མེད་པའི་གུས་ཚུལ་སྟོན་ཐུབ་མིན་གྱི་བཀག་དང་རྒྱ་གསུམ། མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དམན་དྲག་པས་ཆོས་པ་དང་ཡ་རབས་ཡིན་མིན་གྱི་གཞལ་བྱེད་སྐམ་པོའི་ཐབས་ལམ་ཁོ་ན་ལས་མེད་དང་བཞི། ཆོས་པར་རློམ་བས་བཙན་པོའི་རྒྱལ་རབས་རྫོགས་པ་ནས་ལུང་པ་རེ་ན་བླ་བ་རེ། བླ་མ་རེ་ལ་ཟ་སྡེ་རེ་བྱས་ཏེ་བསྡད་དྲག་པའི་རང་མགོ་གང་ཐོན་གྱི་སེམས་གཤིས་ད་དུང་བསྒྱུར་ཐུབ་མེད་པ་དང་ལྔ། བླ་མ་ལས་མི་རིགས་ཀྱང་བློས་གཏོང་ཐུབ་པའི་གླེན་རྟགས་ཆེ་བ་དང་དྲུག བོད་མི་ཡོད་དོ་ཅོག་ལ་ལྟ་ཚུལ་གཅིག་དང་བསམ་ཚུལ་གཅིག་ལས་ཡོང་མི་ཆོགས་པའི་མཁྲེགས་འཛིན་ཆེ་བ་དང་བདུན། མདུན་ལམ་མཐའ་དག་ལྷ་མོ་རྩིས་གསུམ་དང་བླ་མས་ཐག་གཅོད་པ་བརྒྱད། ལས་དོན་ཡོངས་རྫོགས་བླ་མའི་ཐུགས་དང་མཐུན་དགོས་པ་བཅས་དགུ་སྟེ་དགུ་བ་ཁ་ནག་གི་ལྕགས་སྒྲོག་གིས་བཅིངས་ཡོད་པའི་མི་རིགས་ནི་བཞི་ཤད་ཀྱི་བདག་པོ་ཡིན་བ་ལས་སང་ཉིན་མཐོང་བའི་མི་རིགས་དེ་ཡིན་མི་སྲིད།
རྩོམ་ཡིག་འདི་ལོ་གཅིག་གི་སྔོན་ནས་མཐོང་མྱོང་། ཡང་མིན་ན་ང་སྨྱོས་ཟིན།
ཀླུ་སྨྱོན་རང་སྨྱོ་བ་མ་རེད། ཡང་ན་ང་ཡང་སྨྱོ་བ་རེད།
ངས་ཀྱང་མཐོང་ཟིན་པའི་རྩོམ་ཞིག་འདི་ན་མཐོང་གི་འདུག
ཀླུ་སྨྱོན་དང་མེ་ཏོག་དཀར་པོ་གཉིས་ལགས།
རྩོམ་འདི་གསར་བ་ཞིག་ཡིན། ཁ་སང་གསར་དུ་བྲིས་བ་ཞིག་ཡིན།
འདི་རྩོམ་རྙིང་ཞིག་བསྐྱར་འགོད་བྱས་བ་མིན། རྩོམ་འདིའི་ཁ་བྱང་དང་འདྲ་སེའི་གསར་འགྱུར་ཞིག་ཁ་བརྡའི་སྒང་ན་འདུག
དེ་ནི་མདོ་སྨད་དབུས་རྒྱུན་ལས་ནས་བཀའ་ཁྲིའི་འོས་གཞི་བཏོན་པ་དེ་ཚོའི་སྐོར་གྱི་གསར་འགྱུར་ཞིག་རེད། འདི་གསལ་བཤད་ཙམ་ཡིན།
ཁ་བརྡའི་རྩོམ་སྒྲིག་པའི་གཏམ་འདི་གསར་དུ་སྒོ་ཕྱེས་བ་ཞིག་ཡིན།
བོད་དོན་དང་འབྲེལ་བའི་གནད་ཚུལ་དང་གནད་དོན་གལ་ཆེའི་རིགས་ལ་།
རྩོམ་སྒྲིག་པའི་གཏམ་འདི་བརྒྱུད་ནས་དབྱེ་ཞིབ་དང་དོགས་དཔྱོད་བྱེད་ཀྱི་ཡོད།
རྩོམ་སྒྲིག་པའི་གཏམ་གྱི་སྐོར་ལ་དགོངས་འཆར་ཡོད་ན་དགའ་བསུ་ཞུ་གི་ཡོད།
དེ་རིང་ཁ་བརྡ་ཚང་མ་རྩོམ་སྒྲིག་པའི་གཏམ་རེད། རྩོམ་སྒྲིག་པ་གཉིད་གསད་པར་ངོས་འཛིན་ན་ཆོག་གམ
བྱོན་པ་ལེགས། དེ་རིང་རྩོམ་སྒྲིག་གཉིད་ལམ་གཏུགས་པོའི་ཞིང་ནས་ལངས་པར་ངེས།