ལམ་ལ། On the Road
ཇག་ ཁེ་རོ་ཨག་གིས་བརྩམས། By Jack Kerouac
དགེ་འདུན་རབ་གསལ་ལགས་ཀྱིས་བསྒྱུར། Translated by Gedun Rabsal
རེས་གཟའ་སྤེན་པ། སྤྱི་ཟླ་གཉིས་པའི་ཚེས་ ༥། ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་ ༩:༣༠
(ཡུ་རོབ་དཀྱིལ་མའི་ཆུ་ཚོད་ ༡༥:༣༠ དང་། རྒྱ་གར་གྱི་ཆུ་ཚོད་ ༡༩:༠༠། ལྷ་སའི་ཆུ་ཚོད་ ༢༢:༣༠)
མཛད་སྒོ་འདི་ནི་དྲ་ཐོག་ནས་ Zoom བརྒྱུད་དེ་སྤེལ་རྒྱུ།
མཛད་སྒོ་འདི་ནི་བོད་སྐད་དུ་སྤེལ་གྱིན་ཡོད།
འབྲེལ་ཐག་འདི་བརྒྱུད་ནས་ཐོ་འགོད་གནང་རོགས།
ཡང་ན་གཏམ་བཤད་གནང་བའི་སྐབས་སུ་ཐད་ཀར་གཤམ་གྱི་སྦྲེལ་ཐག་བརྒྱུད་མཉམ་ཞུགས་གནང་རོགས།
འབྲེལ་ཐག https://tinyurl.com/2p8cjsfb Meeting ID: 841 6796 8398 / Passcode: 108
ཨ་རི་དང་”ཕམ་པའི་མི་རབས་”ཞེས་རྩོམ་རིག་གི་ལས་འགུལ་དེའི་ཕུལ་བྱུང་གི་སྒྲུང་རྩོམ་“ལམ་ལ་”ཞེས་པ་དེས་༡༩༥༠ ཡི་ལོ་རབས་ཀྱི་ནང་ལ། གྲོགས་པོ་གཉིས་ཀྱིས་ཨ་རིའི་སྐམ་ས་ཆེན་མོ་ལ་ཤེད་སྐྱོད་བྱས་པའི་ཉམས་མྱོང་དང་མི་ཚེའི་ཤེས་རྟོགས་བསྟར་ཆགས་སུ་བཀོད་ཡོད། སྒྲུང་རྩོམ་དེའི་རང་གི་ཚིག་སྦྱོར་གྱིས་ཇེ་ཛི་རོལ་དབྱངས་ཀྱི་རང་འབབ་ཀྱི་དབྱངས་འགྲོས་དང་མཉམ་སྡེབ་བྱས་ཡོད་ལ། “ལམ་ལ་”ནི་དེང་རབས་ཀྱི་ཕུལ་བྱུང་བརྩམས་ཆོས་ཤིག་ཏུ་གྱུར་ནས་འཇིག་རྟེན་འདིའི་སྟེང་གི་མི་རབས་རྗེས་མ་རྣམས་ལ་མུ་མཐུད་ནས་བག་ཆགས་འཇོག་བཞིན་ཡོད།
མཛད་རིམ།
“འགྱུར་བརྒྱ་རྩ་བརྒྱད་”ཀྱི་དོ་དམ་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དམིགས་བསལ་སྐུ་མགྲོན་སྙན་ངག་མཁན་ལྗང་བུ་ལགས་བཅས་ནས་དེབ་འདིའི་ལོ་རྒྱུས་དང་རྩོམ་རིག་གི་ཁྱད་ཆོས་དང་། དེ་བཞིན་རྩོམ་པ་པོ་ཇག་ ཁེ་རོ་ཨག་ལགས་ཀྱིས་བོད་དང་ནང་ཆོས་ལ་དོ་སྣང་བྱས་པའི་སྐོར་དེ་“ལམ་ལ་”དང་དེ་མིན་གྱི་ཁོང་གི་བརྩམས་ཆོས་ཁག་ཏུ་ཇི་ལྟར་འཁོད་པ་རྣམས་དང་། ད་དུང་རྩོམ་པ་པོ་འདིས་བདུན་ཕྲག་གསུམ་གྱི་དུས་ཡུན་ནང་ཡིག་གཏག་འཕྲུལ་ཆས་སྤྱད་ནས་ཤོག་དྲིལ་ནར་མོ་རིང་ཚད་ལ་ཁྲུ་ ༡༢༠ ཡོད་པའི་དེབ་འདི་བརྩམས་པའི་ཡ་མཚན་ཅན་གྱི་གཏམ་རྒྱུད་གླེང་མོལ་བྱེད་རྒྱུ་ཡིན།
སྒྱུར་བ་པོ་དགེ་འདུན་རབ་གསལ་ལགས་ནས་འགྱུར་གྱི་བརྒྱུད་རིམ་དང་དེའི་རྒྱབ་ལྗོངས་ངོ་སྤྲོད་བྱེད་རྒྱུ་རེད།
ད་དུང་ལྕགས་མོ་འཚོ་ལགས་དང་། ཟླ་བ་ལྷ་མོ་ལགས། ཚེ་རིང་དབང་མོ་ལགས་བཅས་གདན་འདྲེན་ཞུས་ཡོད་ཅིང་། ཁོང་རྣམ་པས་དབུས་སྐད་དང་། ཁམས་སྐད། ཨམ་སྐད་བཅས་ཀྱི་ལམ་ནས་དེབ་ཀྱི་དུམ་ཚན་རེ་ལྗགས་ཀློག་གནང་གི་རེད།
འགྱུར་དེབ་འདི་ནི་གཤམ་གྱི་འབྲེལ་ཐག་འདི་བརྒྱུད་ནས་ ༢༠༢༢ ལོའི་ཟླ་ ༡ ཚེས་ ༢༨ ཉིན་ནས་རིན་མེད་དུ་ཕབ་ལེན་བྱེད་ཐུབ། latse.org/108translations