རྒྱང་རིང་གི་དུས་ཚོད
རྩོམ་པ་པོ: Rabindranath Tagore
གྱེས་བྲལ་གྱི་དུས་ཡུན་རིང་བོ་ཞིག་སོང་མེད་པ་བདག་གིས་ཤེས་མོད
ཁྱོད་ཀྱི་སྣང་བརྙན་དེ
དུས་ནམ་ཡང བདག་གི་ཉེ་སར་བཅར་ཏེ་བདག་ལ་མཇལ་འཛོམས་བྱེད་བཞིན་མཆིས
ཁྱོད་ཀྱི་ཉི་མ་དང་རྒྱུ་སྐར་དག་གིས
ཁྱོད་རང་བདག་གི་མིག་ཟུང་ནས་དུས་གཏན་དུ་སྦས་མི་ཐུབ་ལ
ཁྱོད་ཀྱི་སྔ་ནུབ་ཀྱི་གོམ་སྒྲ་རེ་རེ་ཡང་
ཞོགས་པ་རེ་ལ་བདག་གིས་ཐེངས་མང་པོ་ཐོས་ཡོད་ལ
ཁྱོད་ཀྱི་འཕྲིན་སྐྱེལ་བ་བདག་གི་སེམས་ཁོང་ལ་སླེབས་ཐེངས་རེར
བདག་ལ་གསང་བའི་ངང་ནས་འབོད་སྲིད
དེ་རིང་ཁོ་ན་མིན་པར
ཅིའི་ཕྱིར བདག་གི་མི་ཚེ་ལ་ཚོར་ཤུགས་ལྡན་པ་བདག་གིས་ཤེས་ཏེ་ཡོད
བདག་གི་སེམས་ཁོང་ནས་བརྒྱུད་བཞིན་པའི
ཧ་ཅང་སྤྲོ་སྣང་ལྡན་པའི་ཚོར་བ་དེ
གལ་སྲིད་དེ་ནི བདག་གིས་ངལ་རྩོལ་དུས་སུ་ལྡིང་འོང་བའི་བསིལ་རླུང་དེ་ཡིན་ན
བསིལ་རླུང་ཁྲོད་དུ
བདག་གིས དྲན་མེད་དུ་བརྒྱལ་བར་བྱེད་པས་ཁྱོད་ཀྱི་དྲི་ཞིམ་དེ
བདག་གི་གམ་དུ་སླེབས་ཡོད་པ་ཚོར་ཀྱིན་འདུག
རླུང་བུ་དེ།
རྩོམ་པ་པོཿ Sarah Teasda
རླུང་བུ་ཞིག་བདག་གི་རྣམ་ཤེས་སྟེང་ན་ལྡིང་བཞིན་འདུག
མཚན་གང་བོར་རླུང་བུ་དེས་སྐད་ངན་བསྒྲགས་པ
བདག་གིས་ཐོས་སོང་
ཁྱོད་དང་མཉམ་ཏུ་མ་གཏོགས
འཇིག་རྟེན་འདིའི་སྒང་ན་བདག་ལ་ཞི་བདེ་ཞིག་མི་འདུག
དམར་ཧྲེང་གི་རྣམ་ཤེས་དེའི་སྟེང་ནས་ལྡིང་སོང་བའི་རླུང་བུ་དེས
བདག་ལ་བློ་གྲོས་ཤིག་སྩལ་སོང
ཁྱོད་དང་མཉམ་དུ་ཡང
འཇིག་རྟེན་འདིའི་སྒང་ན་བདག་ལ་ཞི་བདེ་ཞིག་མི་འདུག