ཞི་བདེའི་ལང་ཚོ།
ལོ་ངོ་དང་ཟླ་ངོ
ཉིན་མོ་དང་མཚན་མོ
དབྱར་དང་དགུན
ཐ་ན་སྐར་ཆ་དང་སྐར་ཆ་ཡིས
བར་མཚམས་མེད་པར
འགྱོད་སེམས་ཀྱི་རྒྱང་ཤེལ་དེ་ཉིད་འདྲེན་བྱེད་དུ་གྱོན་ནས
ངས་རྟག་ཏུ་འདས་ཟིན་པའི་རྒྱབ་ངོས་ཀྱི་ལོ་རྒྱུས་ལ་ལྟ་བཞིན་ཡོད
མ་ཟད་ཐམས་ཅད་ཀྱི་རྒྱབ་ངོས་སུ་ཡོད་པ་ནི་ལོ་རྒྱུས་རེད་ལ
ལོ་རྒྱུས་ལ་ཕྱིན་དྲན་བྱེད་བཞིན་མདུན་ཕྱོཌ་ཀྱི
ཕུག་བསམ་འཚོལ་དགོས་པ་ནི
འཇིག་རྟེན་གྱི་ཆོས་ཉིད་ཡིན་མོད
འོན་ཀྱང་དེ་རིང
ངའི་རྒྱབ་ངོས་ཀྱི་ལོ་རྒྱུས་ལ་ལྟ་བྱེད་ཀྱི
འགྱོད་པའི་རྒྱང་ཤེལ་དེ་ཉིད་ནུས་མཐུ་ཆེ་བས
རྒྱང་ཤེལ་གྱི་ནང་ནས་ལྟད་མོ་འདྲ་མིན་སྣང་ཞིང
དེ་ལ་གཡེངས་ནས་གཡང་གཟར་དུ་ལྷུང་ནས
མདུན་བསྐྱོད་བྱེད་པའི་རྐང་པ་ཆག་སྟེ་ཞ་ཀྱོག་ཏུ་གྱུར་སོང་ལ
མཁའ་དབྱིངས་ནས་གློ་བུར་དུ་ཁེར་རྐྱང་གི་སེར་བ་བབས་ཏེ
ཕུག་བསམ་གྱི་ལོ་ཏོག་བཅོམ་སོང