ཀླུ་སྨྱོན།
དེ་ནི་ཉི་འོད་རྒྱ་མཚོར་འཕྲོས་པའི་མཛེས་སྡུག་འོད་དམར་མ་ཡིན་ཞིང་། །
དེ་ནི་ནམ་གུང་མུན་ནག་ཁྲོད་དུ་འཁྱུག་པ འི་གློག་དམར་དེ་བས་མིན། །
དེ་ནི་རྒྱ་སེ་མེ་ཏོག་སྤུངས་པའི་དྲི་ཞིམ་སྐྱེད་ཚལ་གཞར་མིན་པར། །
དེ་ནི་ཁྱེད་ཀྱི་དྲོད་རླངས་འཐུལ་བའི་མཆུ་རྩི་དམར་པོའི་རྗེས་ཤུལ་ཉིད། །
ཨ་ཁུའི་བསྟོད་པ་ཡག་གི་རེད་ར། ཆི་འདྲ་འདྲའི་མཆུ་རྫོབ་མ་ཞིག་མཆུ་རྩི་དཔར་འདུག། ཁ་ལྟིག་ཨོང་ལྟིག་མ་ཞིག་ཡིན་པ་ཐག་གིས་ཆོད། མ་ཚད། མཆུ་ཤུར་ལ་བལྟས་ན་ལོ་ལོན་ཞིག་ཡིན་པ་ཡང་གསལ་བོ་རེད།
ཁྭ་ཏའི་མྱིག་ལམ་ན་སྐྱག་པ་གསར་གི་་་་་་་་་་་་ཅིག་ཟིག་ཟེར་ནི་རེད་ར། ད་མི་དྲེན་གི།
ཀླུ་སྨྱོན་བཀའ་དྲིན་ཆེན་པོ་ལགས།
དངོས་དང་རྫུན་མ་ནོར་བའི་དུས། །
མཆུ་དང་མོ་མཚན་ནོར་ཉེན་འདུག །
འདྲ་བཤུས་དངོས་མ་ནོར་བའི་དུས། །
སྟུ་དང་སྟུ་མིན་ནོར་ཉེན་འདུག །
བར་སྐབས་ངལ་སེལ་ཚིགས་བཅད་དོ། །
དམར་སྐྱ་མཆུ་ཐོའི་སྟེང་དུ།།
དམར་ཆེན་མཆུ་རྗེས་བཞག་འདུག།
དམར་སྐྱ་ཀླུ་སྨྱོན་མཆུ་རེད།།
དམར་ཆེན་རྒན་མོའི་མཆུ་རེད།
དེ་ནི་སྙིང་སྡུག་སྙིང་དང་འདྲ་བས་བརྩེ་བའི་འོ་ཞིག་མ་ཡིན་ཞིང་།།
དེ་ནི་ལང་ཚོ་དར་ལ་བབ་པའི་བུ་མོའི་མཆུ་རྗེས་མ་ཡིན་ཞིང་།།
དེ་ནི་གསར་འཕྲད་དགའ་རོགས་ཤིག་གི་སྦྱིན་པའི་འོ་གསར་མ་ཡིན་པར།།
འུ་ཐུག་རྒན་མོ་འཆོར་འདོད་ཅན་གྱིས་མཆུ་རྩེ་རྙིང་པའི་རྗེས་ཤུལ་ཡིན།།
དེ་འགྲམ་པའི་སྟེང་གི་སྙན་ངག་ཅིག་ད་རེད་མི་འདུག་མཆུ་ཐོའི་སྟེང་གི་སྙན་ངག་ལབ་ན་ཡག་ཤོས་རེད།
ལོ་ངོ་བརྒྱ་ཕྲག་གོང་ནས།
ཆུ་རུད་རྒྱུགས་པ་འདྲ་བའི།
དྲུག་ཅུ་ཁ་རལ་མཆུ་ཏོར།
ཀླུ་ནད་ཕོག་པ་མིན་ནམ།
མཆུ་ཏོ་ཚོན་ཀྱི་བྱུགས་པ།།
བུ་མོའི་འདོད་འདུན་ཡིན་ཡང་།།
ཨ་ཁུའི་སེམས་པ་འཕྲོག་པ།།
བུ་མོ་སྡུག་པའི་ལས་རེད།།
ཀླུ་སྨྱོན་སེམས་པ་ཤ་རེད།།
བུ་མོ་མཆུ་ཏོ་ཁྲག་རེད།།
ཤ་ཡིས་སེམས་པ་འགུལ་དུས།།
ཁྲག་གི་མཆུ་ཏོ་ལེ་འགུལ།།
མཆུ་ཏོ་དམར་བོ་ཅན་པོ།།
སྨད་ཚོང་བུ་མོ་རྟགས་རེད།།
ཨ་ཁུའི་སེམས་པ་འཁྱེར་ནོ།།
དམར་བོ་ཚོན་ཀྱི་མདངས་རེད།།
ཨ་ཁུ་ཀླུ་སྨྱོན་སེམས་པ།།
མཆུ་ཏོ་དམར་པོའི་རྐུ་ཐལ།།
ལས་ངན་སྨན་ཆུང་བུ་མོ།།
ཉེས་བ་བསགས་གི་མ་འདུག།
ཨ་ལ་ཀུ་རུ་གཏམ་ཞིག།
ཨ་ཁུ་གཞུགས་ལ་ཤོར་ཐལ།།
མཆུ་ཏོ་དམར་བོ་འདི་ལ།།
བརྕེ་བ་ཡོད་ན་འགྲིག་རེད།
སྣང་བ་བདེན་པའི་དོན་དུ་མ་གྲུབ་ན་གྲུབ། །
འཁྲུལ་བ་སེམས་ཀྱིས་བཏགས་པ་རང་བྱུང་གི་འཇིག་རྟེན། །
བདེན་སྣང་འཕྲུལ་བ་རྙེད་པའི་སྐྱོ་ཤས་ཀྱི་སེམས་ལས། །
བདེན་སྣང་འཚོ་བའི་མཛེས་སྡུག་དོན་སྙིང་རེ་ཆེ་བ། །