གནས་ཚུལ་གཏོང་མཁན། སྐྱོ་བྲག་དགའ་དབང་།
བོད་ནང་གི་དྲ་བ་བཙན་པོའི་མགར་གྱི་དྲ་བར་གནས་ཚུལ་འདི་འདྲ་ཞིག་བཀོད་གདའ། དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བའི་སྟེང་ཀན་སུའུ་ཞིང་ཆེན་ཀ་ཅི་ནས་གཙོས་གྲོང་ཁྱེར་དུ་ལོག་སའི་རྒྱལ་ལམ་213 སྟེང་དུ་མགྲོན་སྐྱེལ་རླངས་འཁོར་ཞིག་ལ་མེ་སྐྱོན་ཤོར་འདུག་པས། རྒྱ་ཆེ་བའི་སྐུ་མགྲོན་རྣམས་མགྲོན་སྐྱེལ་རླངས་འཁོར་ནང་དུ་འགྲོ་མཁན་ཡོད་ཚེ་སེམས་ཆུང་བྱ་དགོས་པའི་སྐུལ་བརྡ་དང་བཅས། རྒྱུས་ལོན་བྱས་པ་ལྟར་ན་ད་དུང་མེ་འབར་བའི་གནད་དོན་གསལ་ཞིབ་ཅིག་ཤེས་མེད་པས་ས་གནས་འགྲིམ་འགྲུལ་ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།