འགྲོ་བའི་བླ་སྲོག་ལ་འཆི་བ་མེད་ན། བོད་མིའི་འབོད་སྒྲ་ལ་འཇགས་པ་མེད། Posted on 2010-09-08 By ཁ་བརྡ་ 14 Comments on འགྲོ་བའི་བླ་སྲོག་ལ་འཆི་བ་མེད་ན། བོད་མིའི་འབོད་སྒྲ་ལ་འཇགས་པ་མེད། པར།
ཤིན་ཏུ་དག་པ་སྙིང་རྗེའི་སྲོག་གི་ཁམས།། མི་འཇིགས་བདེན་པའི་ངོ་བོར་རྟག་བརྟན་པ།། རླབས་ཆེན་མིང་སྲིང་གཉིས་ཀྱི་བཀའ་དྲིན་དེ།། སྲིད་པའི་མཐར་ཡང་བདག་གི་སྙིང་ལ་ལྕི།། མི་སྡུག་སྲིན་མོའི་མཆེ་བས་ཉེར་དབྲལ་བའི།། བདག་གི་སྙིང་ཁམས་གསོ་བའི་ལྷ་ཡི་རྗེ།། དུས་མཐའི་རྒུད་པ་ཟློག་པའི་མིང་སྲིང་གཉིས།། ཁ་བ་ཅན་གྱི་མཚུངས་མེད་ཉི་ཟླའོ།།
ལྡོག་མེད་ལས་ཀྱི་འདུན་པ་དཀར་པོའི་རླབས། ། གངས་རི་དཀར་པོའི་ཁྱིམ་དུ་འཁྱིལ་ན་ཡང་། ། མུན་པ་སྟོང་གིས་བཙུར་བའི་འཇིག་རྟེན་ནས། ། སྤྱན་རིས་གནམ་ལ་གཏོད་བཞིན་ལྷོ་རུ་བཞུད། ། རང་དོན་སྤྱོད་པའི་འདུན་ཞེན་བརྩད་ནས་དོར། ། གཞོན་དོན་སྤྱོད་པའི་བྱམས་བརྩེ་སྟོང་གིས་ཕྱུག ། མི་ཚེའི་རིན་ཐང་གངས་ཅན་བདེ་འགྲོའི་སླད། ། སྲོག་བཞིན་གཅེས་པའི་མིང་སྲིང་རྣམ་གཉིས་བསྟོད། །
འགའ་རེ་རང་དོན་བྱ་བས་མི་ཚེ་རྫོགས།། འགའ་རེ་དཔལ་འབྱོར་འབའ་ཞིག་དོན་གཉེར་བློས།། ཉིན་མཚན་ས་མཚམས་མ་ཤེས་ལས་འབྲེལ་གྱིས།། གཞན་དོན་སྙིང་ནས་བརྗེད་པའི་དུས་རབས་དེར།། གང་མགོན་གཉིས་ཀྱིས་རང་སྤངས་གཞན་གཅེས་བློས།། དམིགས་མེད་བོད་མིའི་མགོན་སྐྱབས་དཔུང་གཉེར་གྱི།། བྱ་ལས་ཅི་ཡོད་འཁུར་དུ་བཞེས་མཛད་ནས།། སྐུ་ན་བདུན་བཅུར་ཕེབས་པར་ཡིད་རེ་སྐྱོ།། དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་དང་།། བོད་མི་སྤྱི་ཡི་བསགས་པའི་བསོད་རྣམས་མཐུས།། གང་གཉིས་སྐུ་ཚེ་ནད་མེད་རྟག་བརྟན་ངང་།། སྲིད་མཐའི་བར་དུ་གནས་པའི་བཀྲ་ཤིས་ཤོག།
དང་པོ་འགྲོ་བའི་དོན་དུ་བསམ་བཞིན་བྱོན།། བར་དུ་འགྲོ་བའི་དོན་དུ་ཐུགས་སེམས་བསྐྱེད།། ཐ་མར་འགྲོ་བའི་དོན་དུ་རྒྱལ་ཁམས་འགྲིམས།། དུས་རབས་ཉེར་གཅིག་པ་ཡི་རྗེ་མི་ལ།།
འགྲོ་དུས་འཕྱག་དུས་ཉལ་དུས་འདུག་དུས་བོད་པ་ཡིན།། དགའ་དུས་སྡུག་དུས་མུག་དུས་བདེ་དུས་བོད་པ་ཡིན།། ཟུངས་ཁྲག་དྲོན་མོ་ལྷོག་ལྷོག་ཁོལ་བའང་བོད་པ་ཡིན།། ཤ་དང་རུས་པ་སོ་སོར་ཕྲལ་ཡང་བོད་པ་ཡིན།། ཡོད་ཚད་འཇིག་ཅིང་ཡོད་ཚོད་སྟོང་བར་མ་གྱུར་བར།།ཤ་དང་ཁྲག་དང་རུས་པ་གསུམ་ཀ་བོད་པ་ཡིན། ལུས་དང་ངག་དང་ཡིད་བཅས་གསུམ་ཀ་བོད་པ་ཡིན།
ན་མོ་གུ་རུ་པདྨ་ཀ་ར་ཡེ། ། འགྲོ་རྒྱུད་བསོད་ནམས་དཀར་པོའི་ཞིང་ཁམས་སུ། ། སྙིང་རྗེའི་ལྷ་གཅིག་སྤྱན་རིས་གཟིགས་དབང་དང་། ། རྒྱལ་ཀུན་ཡུམ་ཆེན་རྗེ་བཙུན་སྒྲོལ་མ་ཉིད་། ། བསམ་བཞིན་སྤྲུལ་བའི་ཟློས་གར་བསྒྱུར་བ་ལ། ། མི་ཕྱེད་དད་པའི་སྨོན་འདུན་ཁྱེད་ལ་ཕྱོགས། ། ཤ་ཁྲག་རུས་གསུམ་གཙང་མ་བོད་ནས་མཆེད། ། ལུས་ངག་ཡིད་གསུམ་དག་པ་བོད་ལ་མཛད། ། འདི་ཕྱི་བར་གསུམ་མཉམ་པ་བོད་ལ་དགོངས། ། སྔོན་ད་ཕྱི་གསུམ་འདྲེན་པ་བོད་ཀྱི་རྗེ། ། བཤད་སྒྲུབ་ཕྲིན་ལས་ཞིང་ཀུན་ཁྱབ་གྱུར་ཅིག ། བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། ། བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། ། བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། ། བསྟན་འགྲོའི་དོན་ཆེན་འབད་མེད་བདེ་མྱུར་འགྲུབ། ། ཐབས་ཤེས་ཟུང་གིས་ཞབས་བརྟན་སྒྲུབ་ནུས་ཤོག ། བོད་ཡུལ་རྒྱལ་ཁམས་རང་དབང་གཙང་མ་ཐོབ། ། བོད་རྗེ་བླ་མས་རང་ཡུལ་མངའ་དབང་སྒྱུར། ། བོད་ཆོས་བསྟན་སྲིད་མི་ཉམས་དར་ཞིང་རྒྱས། ། བོད་བརྒྱུད་བསྟན་པས་ས་གསུམ་ཁྱབ་གྱུར་ཅིག ། གང་ཤར་དུ་ཤྲྰིས་གུས་ཕུལ། །
གང་གི་རྣམ་སྤྲུལ་ཕྱག་ན་པད་མོ་ཉིད།། གངས་རི་ལྗོངས་སུ་མྱི་ཡི་ངང་དུ་སྤྱོམ།། གད་གི་མཛད་འཕྲིན་ཉིན་བྱེད་འོད་སྟོང་བཞིན།། གངས་ཅན་པ་ཡི་ཚེགས་བའི་སྨག་རུམ་གསལ།། གང་གི་འོད་སྣང་གངས་ཅན་བོད་ཙམ་མིན་པར།། གང་རུང་སྐྱེ་འགྲོའི་ལུས་རྟེན་ཡོད་ཕྱོགས་ལ།། གངས་རི་རྩེ་ལ་ཞོགས་ཉི་འཕྲོག་ལྟར་གསལ།། གངས་རིའི་མགོན་པོ་ཉིད་ནི་ཁྱད་དུ་རྨད།། གངས་རི་ཡུལ་དུ་རང་ལུས་ལྟེ་འཕོས་ཀྱང་ཡང་།། གང་འདྲའི་ལས་ཀྱིས་ཚ་རོང་ཡུལ་གྲུ་འདིར།། གང་གི་ལང་ཚོ་མི་རིགས་དོན་དུ་འཛད།། གངས་ཅན་ཚེ་རིང་སྒྲོན་མར་ཡི་རངས་ཞུ།། གངས་རི་རྒྱབ་ཏུ་སྐྱུར་བའི་གངས་ཕྲུག་ཚོར།། གང་རུང་རྟོག་མེད་པར་མ་བཞིན་སྐྱོང་།། གངས་ཅན་བོད་པའི་མ་ཡུམ་ཉིད་ནི་རྨད།། གང་གི་བུ་ཕྲུག་བདག་གིས་རབ་ཏུ་འདུད།།
གངས་ཅན་ཡབ་གཅིག་བསྟན་འཛིན་རྒྱ་མཚོ་མཆོག གངས་ཅན་ཡུམ་གཅིག་རྗེ་བཙུན་པདྨ་ཉིད། གངས་ཕྲུག་བུ་ཕོ་བུ་མོ་སྟོང་གི་ཕྲག གངས་སེང་བཞིན་དུ་རྩལ་གསུམ་ལུས་ལ་རྫོགས། ཐབས་ཆེན་ཟླ་བའི་འོད་ཀྱིས་ཡུལ་གྲུ་ཀུན། གསལ་བར་བྱེད་པོ་བསྟན་འཛིན་རྒྱ་མཚོ་མཆོག ཤེས་རབ་བརྩེ་ཆེན་ཉི་མའི་དྲོད་ཆེན་གྱིས། གངས་ཕྲུག་སྨྱུག་གསར་སྟོང་ཕྲག་འབུས་པར་བྱས།
འདི་ནི་དཔལ་དེ་འདི་ནི་མགོན། འདི་ནི་མིག་སྟེ་འདི་ནི་སྙྀང་། རྒུད་པ་གསོ་བའི་བདུད་རྩིའི་ཟས། འགྲོ་བའི་བློ་ལ་ལན་བརྒྱར་བྱིན། དཀར་པོ་གངས་ཀྱི་མགུལ་རྒྱན་དུ། བསོད་ནམས་སྟོང་གིས་ལེགས་སྤྲས་པའི། ས་ཡི་ཉི་ཟླ་ཟུང་གཅིག་གིས། མུན་པའི་དཔུང་རྣམས་བཀོང་བར་བྱས། གཞན་དོན་འབའ་ཞིག་འདེགས་པའི་སྟོབས། རབ་ཏུ་རྫོགས་པའི་ཐུགས་རྗེའི་ཁམས། དགྲ་དང་གཉེན་ལ་རིས་མེད་དུ། སྩོལ་བའི་མཛད་པར་ཆེ་རྒུས་འདུད།
བརྩེ་ཆེན་ཕྱག་རྒྱ་སྣུམ་པོའི་དཀྱིལ་འཁོར་ན།། བདེ་དགེ་རྒྱ་མཚོའི་མེ་ཏོག་སྟོང་བཞད་པ།། མགོ་ཐོག་ནོར་བུ་གོང་ས་ཡིད་བཞིན་ནོར།། མགོན་འདིའི་བཀའ་དྲིན་ས་འདིས་ཐེག་པ་མཚར།། མ་འོངས་རེ་བའི་རྨི་ལམ་བཅོལ་བའི་ཡུལ།། ཁྱེའུ་འབུམ་ཕྲག་དུས་གཅིག་གསོ་བའི་ཐབས།། སྙིང་སྟོབས་ཕྲག་པར་གཟར་བའི་ཨ་མ་འདིས།། ཕ་མ་ཁྲི་སྟོང་མང་པོར་ངལ་གསོ་བསྟབས།།
༸རྒྱལ་བ་རིན་པོ་ཆེ་དང་ཁོང་གི་གཅུང་མོ་རྣམ་གཉིས་ཀྱི་བཀའ་དྲིན་དྲན་པའི་ངོགས་སུ་བཅངས་ནས་ང་ཚོ་བོད་མི་མགོ་ནག་ཚང་མས་ཁོང་རྣམ་གཉིས་ཀྱི་ཕྱག་རྗེས་ལ་ཡིད་སྨོན་དང་ཁོང་རྣམ་གཉིས་ཀྱི་ཐུགས་དགོངས་སྒྲུབ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་གལ་ཆེ།
བསྟོད་ཚིག་བདེན་པའི་རང་སྒྲ། ཟླ་མེད་འགྲོ་བའི་བཤེས་གཉེན་ཟས་གཙང་སྲས།། ངེས་དོན་བསྟན་པ་གསལ་མཛད་མི་ཕམ་རྗེ།། ཡོངས་རྫོགས་བསྟན་པའི་མངའ་བདག་གངས་རིའི་མགོན།། སྙིང་རྗེའི་གཏེར་འཆང་པད་དཀར་འཛིན་དེས་སྐྱོངས།། གང་སྐུ་འགྱུར་མེད་དཔའ་བསམ་ལྗོན་པའི་ཤིང་།། མདོ་སྨད་ས་ལའི་ཚལ་གྱི་ནགས་ཁྲོད་དུ།། འཁྲུངས་པའི་གཏམ་བཟང་དྲི་ཟའི་རྒྱུད་མང་སྒྲ།། བདག་སོགས་ཐོས་འཛིན་འདབ་མའི་དཔྱད་དུ་གྲུབ།། ལང་ཚོ་པད་དཀར་ཆུན་པོའི་འཛུམ་ཟེར་ལས།། ངོ་མཚར་དྲི་བསུང་ཕྱོགས་ཀུན་རྒྱས་མ་ཐག། བསླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་མཚོ་ཡིས།། ལུང་བསྟན་མེ་ཏོག་འབྲས་བཟང་ཆར་དུ་བསྙིལ།། གང་སྐུ་ཡིད་འོང་བྱུ་རུའི་ཁྲི་ཤིང་ལས།། མཁྱེན་་གཉིས་རིན་ཆེན་འདབ་མ་རབ་རྒྱས་ཏེ།། ཞབས་ཟུང་གསེར་གྱི་འཁོར་ལོའི་རེ་ཁ་དེ།། དབུས་ལྗོངས་དག་པའི་ཞིང་གི་རྒྱན་དུ་བཞད།། རབ་འབྱམས་གཞུག་ལུགས་རྒྱ་མཚོའི་འཇིངས་པ་རུ།། ཐོས་བསམ་རླུང་གིས་བཀོལ་པའི་གཟིངས་བཞུགས་ཏེ།། ཟབ་དོན་རིན་ཆེན་ནོར་བུ་བླངས་ནས་སུ།། འགྲན་མེད་མཁས་པའི་གསིར་ཁྲི་བདག་གེར་བཞེས།། ཁྱེད་སྐུ་ཟླ་ཤེལ་དྭངས་མེའི་འཛུམ་པའི་ཞལ།། ཡན་ལག་དྲུག་ཅུའི་གསུང་གི་རབ་རྒྱན་ཏེ།། མ་རྨད་ཐུགས་བསྐྱེད་ཟབ་མོ་དོན་སྨིན་པ།། ས་གསུམ་འགྲོ་བའི་བླ་མ་སྲིད་ན་རྒྱལ།། མཁྱེན་རབ་ཆུ་གཏེར་རྡོར་བའི་རླབས་ཕྲེང་ལས།། ལེགས་བཤད་བདུད་རྩིའི་ཟེགས་མ་ཕྱུར་པའི་ཚེ།། འགྲོ་ཀུན་དད་པའི་པད་ཚལ་རབ་བཞད་དེ།། ཁྱོད་ཞབས་སྤྱི་བོར་བསྙེན་ལ་སྔ་རྗེས་བརྩོད།། ཐ་་དད་འགྲོ་ཁམས་མོས་བློ་བགྲངས་ཡས་ལ།། ་ཚོགས་སྒྱུ་འཕྲུལ་འབུམ་གྱིས་སྐད་ཅིག་རེར།། དོན་ཟབ་ཆོས་ཀྱི་སྙིང་པོ་བརྒྱ་ཕྲག་གིས།། ཐེ་ཚོམ་ཅོང་རོང་སྦུབས་ལས་གྲོལ་པར་མཛད།། ཐུབ་བསྟན་གསེར་གྱི་བ་སྒམ་རིན་པོ་ཆེ།། སླར་ཡང་འཕགས་ཡུལ་ས་ལའི་མཛེས་རྒྱན་དུ།། འདྲེན་མཛད་ཤིང་རྟ་ཆེན་པོ་ཁྱོད་ཉིད་ཀྱི།། བཀའ་དྲིན་ཕུང་པོར་སུ་ཡི་བརྗོད་པར་ནུས།། ཀུན་མཁྱེན་བུ་རམ་ཤིང་པ་ལ་སོགས་པའི།། སྔོན་བྱོན་རྒྱལ་བ་བྱེ་བའི་མ་ཐུལ་པའི།། ནུབ་ཕྱོགས་ཡུལ་་གྲུ་དུ་མར་ལུང་རྟོགས་བསྟན།། སྤེལ་མཁས་མ་འདྲེས་མཛའ་བཤེས་ཁྱེད་ལས་སུ།། གང་གསུངས་བདུད་རྩིའི་ཐིག་པ་རེ་རེས་ཀྱང་།། འགྲོ་བློའི་དུག་གསུམ་ནད་ཀུན་གསོ་གཛད་པའི།། ངོ་མཚར་ཕུར་པོར་བརྗོད་ལ་འཕགས་མཆོག་ཀྱང་།། ངལ་ནས་མི་སྨྲ་རྟུལ་ཞུགས་འཛིན་ལ་འཁུམས།། ཁྱད་པར་བྷོ་ཊའི་ལྗོངས་ཀྱི་ཡིད་ཅན་ཀུན།། བདེ་བསྐྱེད་སྣང་བ་དམ་པ་རྩེན་སླད་དུ།། ཀུན་ཕན་དམངས་གཙོའི་ལམ་སྲོལ་ཀུ་མུ་ད།། དགྱེས་བཞིན་སྩོལ་པའི་རྣམ་ཐར་ཨི་མ་རྨད།། གང་གི་མཛད་ཕྲིན་ཟླ་ཟེར་འབུམ་ཕྲག་གིས།། ཁམས་གསུམ་སྐྱེ་དགུའི་སྙིང་ལ་དབུགས་འབྱིན་པའི།། ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྡེ།། བཟུགས་ཟླུམ་གོ་ལའི་སྟིང་གི་ཉི་མར་གྲགས།། ལུང་རིག་དབྱར་རྔའི་འབྲུག་སྟོང་བའི་ཚེ།། ལོག་སྨྲས་རི་དྭག་ཚོགས་ཀུན་ནགས་མཐའ་རུ།། སྐྲོད་མཛད་ཆོས་ཀྱི་གྲགས་པའི་བརྒལ་རྟགས་ཅན།། ཀུན་ཁྱབ་སྙན་པའི་བ་དན་ས་གསུམ་གཡོ།། གང་གི་གསང་གསུམ་རྣམ་ཐར་འབྱམས་ཀླས་པ།། འཕགས་པའི་ཡེ་ཤེས་ཡུལ་ལས་འགོང་པའི་ཕྱིར།། བདག་འདྲ་བློ་ཆུང་བྱེས་པའི་ལྕི་རྒྱ་ཡིས།། བརྗོད་ཀྱང་ཕ་མཐའ་རྙེད་པ་ཅང་སྲིད་དམ།། འོས་ཀྱང་བདག་སྙིང་ཆུ་སྐྱེས་གེ་སར་གྱི།། དད་གསུམ་འདབ་རྒྱ་གྲོལ་བའི་དགའ་སྟོན་དུ།། སྡེབ་ལེགས་ཚིག་གི་སྦྱོར་པ་མི་མཛེས་ཀྱང་།། རྣམ་དག་ལྷག་བསམ་དཀར་པོའི་ཞིང་ལས་བལྟམས།། དེ་མཐཱུས་གྲངས་མེད་བསྐལ་པ་མ་སྟོངས་བར།། དེ་སྲིད་སྲིད་ཞིའི་མཆོད་སྡོང་ཁྱོད་ཉིད་ཀྱིས།། ལུས་ཅན་སྤྱི་དང་ཁྱད་པར་གང་ལྗོངས་འགྲོ།། ཐུགས་རྗེའི་གཟིགས་པ་ནམ་ཡང་མ་གཡེལ་ཞིག། བདག་ཀྱང་མགོན་པོ་གང་གི་རྗེས་བཟུང་ཏེ།། མཐར་ཐུག་རྣམ་མཁྱེན་ཡེ་ཤེས་མངོན་གྱུར་ཀྱང་།། འབྲལ་མེད་རྟག་ཏུ་རྗེས་སུ་འཛིན་དགོས་ཞེས།། གསོལ་བ་འདེབས་པའི་རེ་འབྲས་སྨེན་པར་མཛོད།།།།
ཁ་བའི་རྡུལ་མང་བརྩིགས་པའི་བྷོ་ཊ་ཡི་ལྗོངས་འདིར།། ཀུན་ཕན་དམངས་གཙོའི་རྣལ་མ་ཞིག་དགོས་ན།། འཛམ་གླིང་གོ་ལ་ཟླུམ་པོའི་ཞི་བདེ་ཡི་ཉི་མ།། རྒྱལ་ཆོག་ཕྱ་པདྨོའི་ཞལ་གསུངས་ལ་ཉོན་དང་།།
ཤིན་ཏུ་དག་པ་སྙིང་རྗེའི་སྲོག་གི་ཁམས།།
མི་འཇིགས་བདེན་པའི་ངོ་བོར་རྟག་བརྟན་པ།།
རླབས་ཆེན་མིང་སྲིང་གཉིས་ཀྱི་བཀའ་དྲིན་དེ།།
སྲིད་པའི་མཐར་ཡང་བདག་གི་སྙིང་ལ་ལྕི།།
མི་སྡུག་སྲིན་མོའི་མཆེ་བས་ཉེར་དབྲལ་བའི།།
བདག་གི་སྙིང་ཁམས་གསོ་བའི་ལྷ་ཡི་རྗེ།།
དུས་མཐའི་རྒུད་པ་ཟློག་པའི་མིང་སྲིང་གཉིས།།
ཁ་བ་ཅན་གྱི་མཚུངས་མེད་ཉི་ཟླའོ།།
ལྡོག་མེད་ལས་ཀྱི་འདུན་པ་དཀར་པོའི་རླབས། །
གངས་རི་དཀར་པོའི་ཁྱིམ་དུ་འཁྱིལ་ན་ཡང་། །
མུན་པ་སྟོང་གིས་བཙུར་བའི་འཇིག་རྟེན་ནས། །
སྤྱན་རིས་གནམ་ལ་གཏོད་བཞིན་ལྷོ་རུ་བཞུད། །
རང་དོན་སྤྱོད་པའི་འདུན་ཞེན་བརྩད་ནས་དོར། །
གཞོན་དོན་སྤྱོད་པའི་བྱམས་བརྩེ་སྟོང་གིས་ཕྱུག །
མི་ཚེའི་རིན་ཐང་གངས་ཅན་བདེ་འགྲོའི་སླད། །
སྲོག་བཞིན་གཅེས་པའི་མིང་སྲིང་རྣམ་གཉིས་བསྟོད། །
འགའ་རེ་རང་དོན་བྱ་བས་མི་ཚེ་རྫོགས།།
འགའ་རེ་དཔལ་འབྱོར་འབའ་ཞིག་དོན་གཉེར་བློས།།
ཉིན་མཚན་ས་མཚམས་མ་ཤེས་ལས་འབྲེལ་གྱིས།།
གཞན་དོན་སྙིང་ནས་བརྗེད་པའི་དུས་རབས་དེར།།
གང་མགོན་གཉིས་ཀྱིས་རང་སྤངས་གཞན་གཅེས་བློས།།
དམིགས་མེད་བོད་མིའི་མགོན་སྐྱབས་དཔུང་གཉེར་གྱི།།
བྱ་ལས་ཅི་ཡོད་འཁུར་དུ་བཞེས་མཛད་ནས།།
སྐུ་ན་བདུན་བཅུར་ཕེབས་པར་ཡིད་རེ་སྐྱོ།།
དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་དང་།།
བོད་མི་སྤྱི་ཡི་བསགས་པའི་བསོད་རྣམས་མཐུས།།
གང་གཉིས་སྐུ་ཚེ་ནད་མེད་རྟག་བརྟན་ངང་།།
སྲིད་མཐའི་བར་དུ་གནས་པའི་བཀྲ་ཤིས་ཤོག།
དང་པོ་འགྲོ་བའི་དོན་དུ་བསམ་བཞིན་བྱོན།།
བར་དུ་འགྲོ་བའི་དོན་དུ་ཐུགས་སེམས་བསྐྱེད།།
ཐ་མར་འགྲོ་བའི་དོན་དུ་རྒྱལ་ཁམས་འགྲིམས།།
དུས་རབས་ཉེར་གཅིག་པ་ཡི་རྗེ་མི་ལ།།
འགྲོ་དུས་འཕྱག་དུས་ཉལ་དུས་འདུག་དུས་བོད་པ་ཡིན།། དགའ་དུས་སྡུག་དུས་མུག་དུས་བདེ་དུས་བོད་པ་ཡིན།། ཟུངས་ཁྲག་དྲོན་མོ་ལྷོག་ལྷོག་ཁོལ་བའང་བོད་པ་ཡིན།། ཤ་དང་རུས་པ་སོ་སོར་ཕྲལ་ཡང་བོད་པ་ཡིན།། ཡོད་ཚད་འཇིག་ཅིང་ཡོད་ཚོད་སྟོང་བར་མ་གྱུར་བར།།ཤ་དང་ཁྲག་དང་རུས་པ་གསུམ་ཀ་བོད་པ་ཡིན། ལུས་དང་ངག་དང་ཡིད་བཅས་གསུམ་ཀ་བོད་པ་ཡིན།
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
འགྲོ་རྒྱུད་བསོད་ནམས་དཀར་པོའི་ཞིང་ཁམས་སུ། །
སྙིང་རྗེའི་ལྷ་གཅིག་སྤྱན་རིས་གཟིགས་དབང་དང་། །
རྒྱལ་ཀུན་ཡུམ་ཆེན་རྗེ་བཙུན་སྒྲོལ་མ་ཉིད་། །
བསམ་བཞིན་སྤྲུལ་བའི་ཟློས་གར་བསྒྱུར་བ་ལ། །
མི་ཕྱེད་དད་པའི་སྨོན་འདུན་ཁྱེད་ལ་ཕྱོགས། །
ཤ་ཁྲག་རུས་གསུམ་གཙང་མ་བོད་ནས་མཆེད། །
ལུས་ངག་ཡིད་གསུམ་དག་པ་བོད་ལ་མཛད། །
འདི་ཕྱི་བར་གསུམ་མཉམ་པ་བོད་ལ་དགོངས། །
སྔོན་ད་ཕྱི་གསུམ་འདྲེན་པ་བོད་ཀྱི་རྗེ། །
བཤད་སྒྲུབ་ཕྲིན་ལས་ཞིང་ཀུན་ཁྱབ་གྱུར་ཅིག །
བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །
བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །
བསྟན་འགྲོའི་དོན་ཆེན་འབད་མེད་བདེ་མྱུར་འགྲུབ། །
ཐབས་ཤེས་ཟུང་གིས་ཞབས་བརྟན་སྒྲུབ་ནུས་ཤོག །
བོད་ཡུལ་རྒྱལ་ཁམས་རང་དབང་གཙང་མ་ཐོབ། །
བོད་རྗེ་བླ་མས་རང་ཡུལ་མངའ་དབང་སྒྱུར། །
བོད་ཆོས་བསྟན་སྲིད་མི་ཉམས་དར་ཞིང་རྒྱས། །
བོད་བརྒྱུད་བསྟན་པས་ས་གསུམ་ཁྱབ་གྱུར་ཅིག །
གང་ཤར་དུ་ཤྲྰིས་གུས་ཕུལ། །
གང་གི་རྣམ་སྤྲུལ་ཕྱག་ན་པད་མོ་ཉིད།།
གངས་རི་ལྗོངས་སུ་མྱི་ཡི་ངང་དུ་སྤྱོམ།།
གད་གི་མཛད་འཕྲིན་ཉིན་བྱེད་འོད་སྟོང་བཞིན།།
གངས་ཅན་པ་ཡི་ཚེགས་བའི་སྨག་རུམ་གསལ།།
གང་གི་འོད་སྣང་གངས་ཅན་བོད་ཙམ་མིན་པར།།
གང་རུང་སྐྱེ་འགྲོའི་ལུས་རྟེན་ཡོད་ཕྱོགས་ལ།།
གངས་རི་རྩེ་ལ་ཞོགས་ཉི་འཕྲོག་ལྟར་གསལ།།
གངས་རིའི་མགོན་པོ་ཉིད་ནི་ཁྱད་དུ་རྨད།།
གངས་རི་ཡུལ་དུ་རང་ལུས་ལྟེ་འཕོས་ཀྱང་ཡང་།།
གང་འདྲའི་ལས་ཀྱིས་ཚ་རོང་ཡུལ་གྲུ་འདིར།།
གང་གི་ལང་ཚོ་མི་རིགས་དོན་དུ་འཛད།།
གངས་ཅན་ཚེ་རིང་སྒྲོན་མར་ཡི་རངས་ཞུ།།
གངས་རི་རྒྱབ་ཏུ་སྐྱུར་བའི་གངས་ཕྲུག་ཚོར།།
གང་རུང་རྟོག་མེད་པར་མ་བཞིན་སྐྱོང་།།
གངས་ཅན་བོད་པའི་མ་ཡུམ་ཉིད་ནི་རྨད།།
གང་གི་བུ་ཕྲུག་བདག་གིས་རབ་ཏུ་འདུད།།
གངས་ཅན་ཡབ་གཅིག་བསྟན་འཛིན་རྒྱ་མཚོ་མཆོག
གངས་ཅན་ཡུམ་གཅིག་རྗེ་བཙུན་པདྨ་ཉིད།
གངས་ཕྲུག་བུ་ཕོ་བུ་མོ་སྟོང་གི་ཕྲག
གངས་སེང་བཞིན་དུ་རྩལ་གསུམ་ལུས་ལ་རྫོགས།
ཐབས་ཆེན་ཟླ་བའི་འོད་ཀྱིས་ཡུལ་གྲུ་ཀུན།
གསལ་བར་བྱེད་པོ་བསྟན་འཛིན་རྒྱ་མཚོ་མཆོག
ཤེས་རབ་བརྩེ་ཆེན་ཉི་མའི་དྲོད་ཆེན་གྱིས།
གངས་ཕྲུག་སྨྱུག་གསར་སྟོང་ཕྲག་འབུས་པར་བྱས།
འདི་ནི་དཔལ་དེ་འདི་ནི་མགོན།
འདི་ནི་མིག་སྟེ་འདི་ནི་སྙྀང་།
རྒུད་པ་གསོ་བའི་བདུད་རྩིའི་ཟས།
འགྲོ་བའི་བློ་ལ་ལན་བརྒྱར་བྱིན།
དཀར་པོ་གངས་ཀྱི་མགུལ་རྒྱན་དུ།
བསོད་ནམས་སྟོང་གིས་ལེགས་སྤྲས་པའི།
ས་ཡི་ཉི་ཟླ་ཟུང་གཅིག་གིས།
མུན་པའི་དཔུང་རྣམས་བཀོང་བར་བྱས།
གཞན་དོན་འབའ་ཞིག་འདེགས་པའི་སྟོབས།
རབ་ཏུ་རྫོགས་པའི་ཐུགས་རྗེའི་ཁམས།
དགྲ་དང་གཉེན་ལ་རིས་མེད་དུ།
སྩོལ་བའི་མཛད་པར་ཆེ་རྒུས་འདུད།
བརྩེ་ཆེན་ཕྱག་རྒྱ་སྣུམ་པོའི་དཀྱིལ་འཁོར་ན།།
བདེ་དགེ་རྒྱ་མཚོའི་མེ་ཏོག་སྟོང་བཞད་པ།།
མགོ་ཐོག་ནོར་བུ་གོང་ས་ཡིད་བཞིན་ནོར།།
མགོན་འདིའི་བཀའ་དྲིན་ས་འདིས་ཐེག་པ་མཚར།།
མ་འོངས་རེ་བའི་རྨི་ལམ་བཅོལ་བའི་ཡུལ།།
ཁྱེའུ་འབུམ་ཕྲག་དུས་གཅིག་གསོ་བའི་ཐབས།།
སྙིང་སྟོབས་ཕྲག་པར་གཟར་བའི་ཨ་མ་འདིས།།
ཕ་མ་ཁྲི་སྟོང་མང་པོར་ངལ་གསོ་བསྟབས།།
Thank you for sending a beatiful picture of tibetan’s heart.
༸རྒྱལ་བ་རིན་པོ་ཆེ་དང་ཁོང་གི་གཅུང་མོ་རྣམ་གཉིས་ཀྱི་བཀའ་དྲིན་དྲན་པའི་ངོགས་སུ་བཅངས་ནས་ང་ཚོ་བོད་མི་མགོ་ནག་ཚང་མས་ཁོང་རྣམ་གཉིས་ཀྱི་ཕྱག་རྗེས་ལ་ཡིད་སྨོན་དང་ཁོང་རྣམ་གཉིས་ཀྱི་ཐུགས་དགོངས་སྒྲུབ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་གལ་ཆེ།
བསྟོད་ཚིག་བདེན་པའི་རང་སྒྲ།
ཟླ་མེད་འགྲོ་བའི་བཤེས་གཉེན་ཟས་གཙང་སྲས།།
ངེས་དོན་བསྟན་པ་གསལ་མཛད་མི་ཕམ་རྗེ།།
ཡོངས་རྫོགས་བསྟན་པའི་མངའ་བདག་གངས་རིའི་མགོན།།
སྙིང་རྗེའི་གཏེར་འཆང་པད་དཀར་འཛིན་དེས་སྐྱོངས།།
གང་སྐུ་འགྱུར་མེད་དཔའ་བསམ་ལྗོན་པའི་ཤིང་།།
མདོ་སྨད་ས་ལའི་ཚལ་གྱི་ནགས་ཁྲོད་དུ།།
འཁྲུངས་པའི་གཏམ་བཟང་དྲི་ཟའི་རྒྱུད་མང་སྒྲ།།
བདག་སོགས་ཐོས་འཛིན་འདབ་མའི་དཔྱད་དུ་གྲུབ།།
ལང་ཚོ་པད་དཀར་ཆུན་པོའི་འཛུམ་ཟེར་ལས།།
ངོ་མཚར་དྲི་བསུང་ཕྱོགས་ཀུན་རྒྱས་མ་ཐག།
བསླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་མཚོ་ཡིས།།
ལུང་བསྟན་མེ་ཏོག་འབྲས་བཟང་ཆར་དུ་བསྙིལ།།
གང་སྐུ་ཡིད་འོང་བྱུ་རུའི་ཁྲི་ཤིང་ལས།།
མཁྱེན་་གཉིས་རིན་ཆེན་འདབ་མ་རབ་རྒྱས་ཏེ།།
ཞབས་ཟུང་གསེར་གྱི་འཁོར་ལོའི་རེ་ཁ་དེ།།
དབུས་ལྗོངས་དག་པའི་ཞིང་གི་རྒྱན་དུ་བཞད།།
རབ་འབྱམས་གཞུག་ལུགས་རྒྱ་མཚོའི་འཇིངས་པ་རུ།།
ཐོས་བསམ་རླུང་གིས་བཀོལ་པའི་གཟིངས་བཞུགས་ཏེ།།
ཟབ་དོན་རིན་ཆེན་ནོར་བུ་བླངས་ནས་སུ།།
འགྲན་མེད་མཁས་པའི་གསིར་ཁྲི་བདག་གེར་བཞེས།།
ཁྱེད་སྐུ་ཟླ་ཤེལ་དྭངས་མེའི་འཛུམ་པའི་ཞལ།།
ཡན་ལག་དྲུག་ཅུའི་གསུང་གི་རབ་རྒྱན་ཏེ།།
མ་རྨད་ཐུགས་བསྐྱེད་ཟབ་མོ་དོན་སྨིན་པ།།
ས་གསུམ་འགྲོ་བའི་བླ་མ་སྲིད་ན་རྒྱལ།།
མཁྱེན་རབ་ཆུ་གཏེར་རྡོར་བའི་རླབས་ཕྲེང་ལས།།
ལེགས་བཤད་བདུད་རྩིའི་ཟེགས་མ་ཕྱུར་པའི་ཚེ།།
འགྲོ་ཀུན་དད་པའི་པད་ཚལ་རབ་བཞད་དེ།།
ཁྱོད་ཞབས་སྤྱི་བོར་བསྙེན་ལ་སྔ་རྗེས་བརྩོད།།
ཐ་་དད་འགྲོ་ཁམས་མོས་བློ་བགྲངས་ཡས་ལ།།
་ཚོགས་སྒྱུ་འཕྲུལ་འབུམ་གྱིས་སྐད་ཅིག་རེར།།
དོན་ཟབ་ཆོས་ཀྱི་སྙིང་པོ་བརྒྱ་ཕྲག་གིས།།
ཐེ་ཚོམ་ཅོང་རོང་སྦུབས་ལས་གྲོལ་པར་མཛད།།
ཐུབ་བསྟན་གསེར་གྱི་བ་སྒམ་རིན་པོ་ཆེ།།
སླར་ཡང་འཕགས་ཡུལ་ས་ལའི་མཛེས་རྒྱན་དུ།།
འདྲེན་མཛད་ཤིང་རྟ་ཆེན་པོ་ཁྱོད་ཉིད་ཀྱི།།
བཀའ་དྲིན་ཕུང་པོར་སུ་ཡི་བརྗོད་པར་ནུས།།
ཀུན་མཁྱེན་བུ་རམ་ཤིང་པ་ལ་སོགས་པའི།།
སྔོན་བྱོན་རྒྱལ་བ་བྱེ་བའི་མ་ཐུལ་པའི།།
ནུབ་ཕྱོགས་ཡུལ་་གྲུ་དུ་མར་ལུང་རྟོགས་བསྟན།།
སྤེལ་མཁས་མ་འདྲེས་མཛའ་བཤེས་ཁྱེད་ལས་སུ།།
གང་གསུངས་བདུད་རྩིའི་ཐིག་པ་རེ་རེས་ཀྱང་།།
འགྲོ་བློའི་དུག་གསུམ་ནད་ཀུན་གསོ་གཛད་པའི།།
ངོ་མཚར་ཕུར་པོར་བརྗོད་ལ་འཕགས་མཆོག་ཀྱང་།།
ངལ་ནས་མི་སྨྲ་རྟུལ་ཞུགས་འཛིན་ལ་འཁུམས།།
ཁྱད་པར་བྷོ་ཊའི་ལྗོངས་ཀྱི་ཡིད་ཅན་ཀུན།།
བདེ་བསྐྱེད་སྣང་བ་དམ་པ་རྩེན་སླད་དུ།།
ཀུན་ཕན་དམངས་གཙོའི་ལམ་སྲོལ་ཀུ་མུ་ད།།
དགྱེས་བཞིན་སྩོལ་པའི་རྣམ་ཐར་ཨི་མ་རྨད།།
གང་གི་མཛད་ཕྲིན་ཟླ་ཟེར་འབུམ་ཕྲག་གིས།།
ཁམས་གསུམ་སྐྱེ་དགུའི་སྙིང་ལ་དབུགས་འབྱིན་པའི།།
ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྡེ།།
བཟུགས་ཟླུམ་གོ་ལའི་སྟིང་གི་ཉི་མར་གྲགས།།
ལུང་རིག་དབྱར་རྔའི་འབྲུག་སྟོང་བའི་ཚེ།།
ལོག་སྨྲས་རི་དྭག་ཚོགས་ཀུན་ནགས་མཐའ་རུ།།
སྐྲོད་མཛད་ཆོས་ཀྱི་གྲགས་པའི་བརྒལ་རྟགས་ཅན།།
ཀུན་ཁྱབ་སྙན་པའི་བ་དན་ས་གསུམ་གཡོ།།
གང་གི་གསང་གསུམ་རྣམ་ཐར་འབྱམས་ཀླས་པ།།
འཕགས་པའི་ཡེ་ཤེས་ཡུལ་ལས་འགོང་པའི་ཕྱིར།།
བདག་འདྲ་བློ་ཆུང་བྱེས་པའི་ལྕི་རྒྱ་ཡིས།།
བརྗོད་ཀྱང་ཕ་མཐའ་རྙེད་པ་ཅང་སྲིད་དམ།།
འོས་ཀྱང་བདག་སྙིང་ཆུ་སྐྱེས་གེ་སར་གྱི།།
དད་གསུམ་འདབ་རྒྱ་གྲོལ་བའི་དགའ་སྟོན་དུ།།
སྡེབ་ལེགས་ཚིག་གི་སྦྱོར་པ་མི་མཛེས་ཀྱང་།།
རྣམ་དག་ལྷག་བསམ་དཀར་པོའི་ཞིང་ལས་བལྟམས།།
དེ་མཐཱུས་གྲངས་མེད་བསྐལ་པ་མ་སྟོངས་བར།།
དེ་སྲིད་སྲིད་ཞིའི་མཆོད་སྡོང་ཁྱོད་ཉིད་ཀྱིས།།
ལུས་ཅན་སྤྱི་དང་ཁྱད་པར་གང་ལྗོངས་འགྲོ།།
ཐུགས་རྗེའི་གཟིགས་པ་ནམ་ཡང་མ་གཡེལ་ཞིག།
བདག་ཀྱང་མགོན་པོ་གང་གི་རྗེས་བཟུང་ཏེ།།
མཐར་ཐུག་རྣམ་མཁྱེན་ཡེ་ཤེས་མངོན་གྱུར་ཀྱང་།།
འབྲལ་མེད་རྟག་ཏུ་རྗེས་སུ་འཛིན་དགོས་ཞེས།།
གསོལ་བ་འདེབས་པའི་རེ་འབྲས་སྨེན་པར་མཛོད།།།།
ཁ་བའི་རྡུལ་མང་བརྩིགས་པའི་བྷོ་ཊ་ཡི་ལྗོངས་འདིར།།
ཀུན་ཕན་དམངས་གཙོའི་རྣལ་མ་ཞིག་དགོས་ན།།
འཛམ་གླིང་གོ་ལ་ཟླུམ་པོའི་ཞི་བདེ་ཡི་ཉི་མ།།
རྒྱལ་ཆོག་ཕྱ་པདྨོའི་ཞལ་གསུངས་ལ་ཉོན་དང་།།