—-རྔ་བ་རྒྱལ་ཁམས་པ།
ཀུན་མཁྱེན་ཏཱ་ར་ནཱ་ཐའི་སློབ་དཔོན་གྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ན། ༼ཡང་རྒྱ་གར་ལྷོ་ཕྱོགས་ནས་ནུབ་དྲང་ཐད་དུ་གྲུ་བརྒལ་ཏེ་འགྲོ་དགོས་པའི་ས་རྒྱ་མཚོའི་དབུས་ཀྱི་གླིང་ཆུང་ཌཱ་མི་ཌོ་དྭཱི་པ་ཞེས་བྱ་བ་ཡོད་དེ། སྔོན་སྲིན་པོ་དང༌། མཁའ་འགྲོ་མ་ནམ་མཁའ་ལ་ལྡིང་ཞིང་འགྲོ་བ་ཁོ་ནས་གང་བ་ཡིན་པས་ཌཱ་མི་ཌོ་སྟེ་འགྲོ་ལྡིང་ངོ༌། །དུས་དེའི་ཚེ་ཡང་བུད་མེད་ཤས་ཆེ་བ་ཞིག་ནི་གདུག་པའི་མཁའ་འགྲོ་མ་རིག་སྔགས་སྣ་ཚོགས་པ་བྱེད་པའི་ཕྱིར་སྔགས་འཆང་མ་ཞེས་བྱ་བ་དེ་འདྲ་ཡིན་ལ། སྐྱེས་པ་ཡང་འབྱུང་པོ་མིའི་གཟུགས་ཅན་མང་པོ་ཡོད་དོ། །དེར་སློབ་དཔོན་པདྨ་འབྱུང་གནས་ཡུལ་གྱི་སྐྱེ་བོ་རྣམས་འདུལ་བར་བཞེད་དེ་གླིང་དེའི་བྲག་ཕུག་གཅིག་ཏུ་བཞུགས། སློབ་དཔོན་གྱིས་དགོངས་པ་བཏང་པས། ཡུལ་དེའི་བདག་མོ་མ་མོ་དྲུག་ཅུ་རྩ་བཞིའི་སྤྲུལ་པ་རྒྱལ་པོའི་བཙུན་མོ་སྔགས་འཆང་མ་དྲུག་ཅུ་རྩ་བཞི་ཡོད་པས་དེ་རྣམས་ཏིང་ངེ་འཛིན་གྱི་མཐུས་དངོས་སུ་བཀུག་ནས། སྔགས་དང་ཕྱག་རྒྱ་དྲག་པོས་གཟིར་བས་བརྒྱལ་བ་དང༌། རེངས་པ་དང༌། ཚོར་བ་དྲག་པོ་གནད་དུ་ཕོག་པར་གྱུར། ད་སྦྱིན་སྲེག་གི་ཐབ་ཏུ་བསྲེག་གོ་ཞེས་བསྡིགས་པས་དེ་རྣམས་ཐུལ་ཏེ་སློབ་དཔོན་ཅི་གསུང་སྒྲུབ་པར་ཁས་བླངས་སོ། །དེ་རྣམས་ལ་སྔགས་འཆང་མའི་གཙོ་མོ་གཞན་ཐམས་ཅད་ཀྱང་བསྡུར་བཅུག་ནས་ཐམས་ཅད་འདུས་པ་ལ་ཆོས་བསྟན་ཏེ་དམ་བཞག་དང་པོ་མཛད་དོ༽
ཞེས་གསུངས་པའི་ཌྰ་མི་ཌོ་དྰི་པ་སྟེ་འགྲོ་ལྡིང་ཞེས་འབོད་པའི་གླིང་ཆུང་དེ་དེང་སང་གི་ས་ཁུལ་གང་ཞིག་ཏུ་ཡོད་དམ། ཡུལ་དེ་གྷ་གྷལ་ས་བཀྲ་བརྒྱུད་ནས་བལྟས་ན་མཐོང་ཐུབ་བམ། གླིང་དེའི་མིང་ལ་དེང་སྐབས་རྒྱ་གར་སྐད་དུ་ཇི་ལྟར་འབོད་ཀྱིན་ཡོད་དམ། ཐུགས་རྒྱུས་ཅན་ཚོས་སློབ་སྟོན་ཞིག་གནང་རོགས། བཀའ་དྲིན་ཆེ།
ཤྲི་ལིངྐ་རེད།
ཤྲིལངྒ་ལ་ངོས་འཛིན་བྱེད་པ་ནི་གཡག་ཞར་གྱིས་རྩ་ཟས་པ་རང་རེད། སིངྒ་ལར་གསང་སྔགས་དར་མ་མྱོང་བས་དེར་སྔགས་འཆང་མ་ཞིག་གང་ན་ཡོད།
ཧཧཧཧཧཧ་་་་་ད་ཡིན་ན་བགད་མོལ་བསླངས་ཀི་ཡ་་་་་
ང་ཚོ་ལ་ཚོད་དཔགས་མི་རིགས་བཏག་ན་འོས
འགྲོ་ལྡིང་ཞེས་པ་ནི་གནོད་སྦྱིན་གྱི་ཡུལ་ཞིག་ཡིན་པ་འདྲ་ལགས། ཕལ་ཆེར་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་དང་འདྲ་བོ་ཡིན་པ་འདྲ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གནོད་སྦྱིན་ཕོ་མོ་དམ་ལ་བཏགས་པའི་སྐབས་སུ་འགྲོ་ལྡིང་གི་གནས་སུ་ཞེས་གསུངས་སོ། རྒྱལ་བའི་བཀའ་འགྱུར་ནང་ལ་མིང་ཙམ་རེ་འདུག། ཡིན ནའང་གནས་དེའི་བཤད་པ་མཐོང་མ་སོང་ལགས།
ཏྰ་ར་ནྰ་ཐའི་རྒྱ་གར་ཆོས་འབྱུང་ལས།
་་་་ འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། ་་་་་་་་