མཚོ་བྱུང་ལྷ་མོ།
བསམ་གཞིག་གི་སྣེ་མོར་འཇུས་བཞིན
འགྲོ་སྟངས་ཀྱི་གོམ་པ་རླུང་ལ་སྐུར
ཡིད་སེམས་ཀྱི་གཏིང་རིམ་ཞིག་ནས
ལས་དབང་ལ་ཡུན་གྱི་ཅོ་འདྲི་བྱེད་བཞིན
མཐའ་མཐུག་གི་ལམ་ཐིག་འདི་ལྟར་འཐེན
ལས་དབང་ལ་མཚར་ལོང་མེད་པའི་གོ་རིམ་ཁྲོད་ནས
ངའི་འདིར་ལྟར་སྡུག་གཏམ་ལ་འགོ་རྐང་སྒྲིགས
འཇིག་རྟེན་ན་ཧམ་སེམས་ཆེ་བས
ངའི་ཡོད་ཚད་ལ་བདག་པོ་མི་འདུག
ད་དུང་སྔར་བཞིན་ཁུ་སུམ་མེར་འགྲོ་དགོས་པ་ལས
རང་ཉིད་གཞན་ཁ་ན་འཚོ་དགོས་པ་ཅི
ཆིག་རྐྱང་གིས་བསམ་བློ་དེ་ཁ་ན་ཡོད་ཅིང
ལག་ལེན་གྱི་འདུ་ཤེས་དེ་རིང་སར་གནས་འདུག
༄༅། ཆུ་གཙང་པོ་མ་སྡད་འོག་ཏུ་འཞུར། བྱ་ཁྲུང་ཁྲུང་སྐར་མོ་ལྷོ་ལ་འཕུར།
དྲིན་ཕ་མ་ཇིག་རྟེན་གཞན་དུ་གཤེགས། བུ་ང་ཡི་བློ་གཏད་སུ་ལ་བཅོལ།
མ་དྲིན་ཅན་ཁྱེད་ཀྱི་བཀའ་དྲིན་ནི་། བརྗེད་མི་སྲིད་སྙིང་གི་རི་མོ་ཡིན།
བྱམས་བརྕེ་བ་ཅན་གྱི་ཕ་མ་ཁྱེད། ནུབ་བདེ་བ་ཅན་དུ་སྐྱེ་བར་སྨོན།