འབའ་སྲས།
མི་ཞིག་མདུན་དུ་བསྐྱོད་བཞིན་རྒྱབ་ཏུ་ལྟ།།
གཞན་ཞིག་ཕྱི་ལ་ནུར་བཞིན་མདུན་དུ་གྱེར།།
མདུན་རྒྱབ་རྐང་བས་བགྲོད་པའི་གོམ་མཚམས་ནས།།
ད་དུང་འགྲོ་སྟངས་གཞན་ཞིག་ཡོད་པ་འདྲ།།
མི་ཞིག་དགོད་ཅིང་འཛུམ་བཞིན་ཚུར་ལ་འོང་།།
གཞན་ཞིག་སྐྱོ་ཞིང་ངུ་བཞིན་ཕར་ལ་འགྲོ །
ཕན་ཚུན་ལམ་ཁ་གྱེས་པའི་བར་སྟོང་ནས།།
ད་དུང་འགྲོ་སྟངས་གཞན་ཞིག་ཡོད་པ་འདྲ།།
མི་ཞིག་ངལ་ཡང་ད་དུང་རྩོལ་བར་བྱེད།།
གཞན་ཞིག་མ་ངལ་ཐང་ཆད་ཉལ་ས་འཚོལ།།
ལྕི་ཡང་གོ་བཟློག་བྱེད་པའི་ལམ་སྣེ་ནས།།
ད་དུང་འགྲོ་སའི་ལམ་ཞིག་ཡོད་པ་འདྲ།།
དགའ་བའི་དུས་སུ་གད་མོ་དགོད་པའི་ལམ།།
སྐྱོ་བའི་ཚེ་ན་མཆི་མ་ལྷུང་བའི་ལམ།།
ལམ་དེ་ཐུན་མོང་ཉིད་དུ་གྲུབ་ན་ཡང་།།
ད་དུང་ལམ་ཞིག་གཞན་དུ་ཡོད་པ་འདྲ།།
ལམ་དེ་འཚོལ་མཁན་ཁྱོད་དང་ང་ཡང་ཡིན།།
ཡིན་ཡང་ལམ་དེ་སེམས་ཀྱི་གསང་བ་གཅིག །
གཅིག་གིས་གཅིག་ལ་མི་བཤད་འགྲོ་སྟངས་འདི།།
འདི་འདྲའི་ལམ་གྱི་འགྲོ་སྟངས་ཚང་མའི་ལམ།།
༡༣/༠༣/༡༤ དགོང་དྲོར།
གྱེར་དེ་ཅེར་ལ་བཅོས།
སྐྱིད་སྡུག་བར་ན་རེ་བའི་སེམས་གསོ་ཡོད།
དགའ་སྐྱོ་་་་་་།
ཡག་བཙོག་་་་་་་།
བཟང་ངན་་་་་་།
རིང་ཐུང་་་་་་་།
མཐོ་དམའ་་་་་་་།
མགོ་མཇུག་བར་ན་སྐྱ་མིན་སེར་མིན་ཡོད།
དེ་ལྟ་ཁོམ་གི་མེད་ཀི། གངས་སྐྱིད་གཤོངས་ལ་འདུར་དགོས། ཆུ་ཚོད་བཞི་བའི་སྒང་ལ། འབྱོར་བ་བྱེད་དགོས་ཟེར་སོང་།
རྒན་བསམ་གཏན་གྱི་སྙན་ངག་ལ་ཡིད་སྨོན་བྱེད་ཀྱིན་ཡོད། དེ་མཚུངས་སུ་འགྲོ་སྟངས་གཞན་ཞིག་འཚོལ་སྟངས་མང་བ་འདྲ། དཔེར་ན། མི་རེ་སེམས་ན་གསར་གྱི་སྐས་རྐང་རེ
རྒན་བསམ་གཏན་གྱི་སྙན་ངག་ལ་ཡིད་སྨོན་འཆོར་བཞིན་ཡོད། དེ་མཚུངས་སུ་འགྲོ་སྟངས་གཞན་ཞིག་འཚོལ་སྟངས་མང་བ་འདྲ། དཔེར་ན། མི་རེ་སེམས་ན་གསར་གྱི་སྐས་རྐང་རེ། དེ་ལ་འཛེག་བྱེད་ཐབས་ལམ་སྟོང་ཕྲག་རེ། དེ་མིན་འདི་ཡིན་བརྗོད་ཐབས་མི་འདུག་པས། མི་བསླུའི་རིག་པ་གྲུང་ཡང་ངལ་བའི་རྒྱུ།
གསེར་ལ་བཅོས་རོགས།
རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ཕེབས་པར་བསུ། ང་རང་ཉིད་སྙན་ངག་ལ་དགའ་བ་ཙམ་གྱིས་ཉ་ཉོག་མང་བ་ཞིག་འབྲི་བཞིན་པར་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ།