ཨ་རོགས་ཚོ། དུས་བབ་གླེང་སྟེགས་ཀྱི་སྒོ་མོ་དེ་ང་ཚོའི་ཕྱོགས་སུ་ཕྱེས་ནས་ཟླ་བ་གང་མང་ཞིག་འགོར་ན་ཡང་ད་དུང་དེ་རུ་རྩོམ་ཡིག་སྤེལ་མཁན་ཧ་ཅང་ཉུང་བས། ང་ཚོས་གང་ནུས་ཀྱིས་རྩོམ་སྒྲིག་པ་ཚོའི་ངལ་བ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་རྩོམ་ཡིག་རྩམ་རྒན་འདྲ་བ་རེ་ཁྱེར་ནས་དེ་རུ་སོང་ཆོག་ཆོག་ཏུ་འདུག འགྲོ དུས་བབ་གླེང་སྟེགས་སུ་རྩོམ་ཡིག་འབྲི་གི་འགྲོ
ངས་བསམ་ན། དུས་བབ་གླེང་སྟེགས་སུ་རྩོམ་ཡིག་སྤེལ་མཁན་ཕལ་ཆེ་བ་ཁ་བརྡའི་མགྲོན་པོ་ཡང་རེད། མ་རེད་དམ། དེས་ན། དུས་བབ་གླེང་སྟེགས་སུ་རྩོམ་ཡིག་འབྲི་གི་འགྲོ་ལབ་དགོས་དོན་ཅི་རེད། ང་ཚོ་ཕྱོགས་གཅིག་ལ་འགྲོ་མ་དགོས་བར་ཕྱོགས་གཉིས་ཀ་ལ་གང་ཐུབ་ཐུབ་ཞིག་སྤེལ་ན་ཡག་པོ་མ་འདུག་གམ
དུས་བབ་གླེངས་སྟེགས་ལ་ཁྱོད་ཀྱང་ཞུགས་མི་འདུག རང་ཉིད་མི་ཞུགས་པར་གཞན་ལ་སྐུ་ལ་མ་བྱེད་དོན་ཅི་ཡིན་ནམ། དུས་བབ་གླེང་སྟེགས་ལ་ཞུགས་ཁག་པོ་འདུག འཁྲུལ་ཆས་དེས་ང་ངོས་ལེན་བྱེད་ཀྱིན་མི་འདུག ད་དུང་ཡང་ཞུགས་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།
Eïh-ˆÛÅ-Ç+h-V-hï->Àâ-«ôm-¾-zÁh-ˆÛ-»ôh-mü DôP-hÝÅ-zz-¸Ûm-ƒÛÅ-ÅÞ-ŸÝGÅ-±¼-ºhÝG- D-z-h;¼-qô-¾z-¤Dm-hï-¼ïhü
སྐར་ཆེན་ལགས། ཁྱེད་རང་གི་མཆན་དང་བོ་འགྲིག་འདུག ཡིན་ཡང་མཆན་གསུམ་པ་དང་ཡིག་གཟུགས་འགྱུར་འདུག ཁྱེད་རང་གི་ཡིག་གཟུགས་ག་རེ་སྤྱོད་བཞིན་ཡོད། དེ་ལ་གཟབ་གཟབ་ཞིག་བྱེད་དགོས་ཀྱི་འདུག དེ་མིན་ཁ་བརྡ་ཚང་དང་དུས་བབ་ཚང་གང་ནས་བསྡད་ཀྱང་བོད་དོན་ཁ་ཚ་དགོས་གཏུགས་རེ་གླེང་ཐུབ་ན་འགྲིག་གི་རེད། གནས་ལུགས་མེད་པས་སྐད་ཆ་དང་རྒྱུ་མཚན་མེད་པས་སྐད་ཆ་བཤད་ན་གང་ནས་བསྡད་ཀྱང་ཞབས་འདྲེན་རེད། དཔེར་ན་མི་ཁ་ཤས་ཀྱི་ཨ་མདོ་རྒྱ་ཁོངས་རེད་ཟེར་བ་ལྟ་བུ་བཤད་མཁན་དག དངོས་ནས་སྐྱུག་བྲོ་བ་ཞིག་ལས། རྒྱུ་མཚན་ལྡན་པས་སྐད་ཆ་གང་ཡང་མ་རེད།