ཁྲོ་གཏུམ།
ངས་མཐོང་སོང
སྐྱ་ཤེད་འདྲེས་བའི་སྐེ་དཀྲིས་རིང་བོ་དེའི་སྣེ་མོ་སྐྲ་ལོ་དང་ལྷན་དུ་རྒྱབ་ཤར་དཔྱངས་བ
གཡས་ལོག་གི་དཔྱི་མགོར་ལྷུང་པའི་པར་སྒམ་གྲུ་བཞི
གཞུང་ལམ་དཀྱིལ་ན མདུན་ལྗོངས་ཀྱི་ནགས་ཀློང་དུ་ཧད
ཁྱོས་བསམ་གཞིགས་གང་ཞིག་གི་སྙིང་ཤ་སྟོན་གྱིན་ཡོད
ངས་ཁྱོད་ཀྱི་རྒྱབ་ཤ་པར་ངོས་སུ་རོལ་དུས
དབང་མེད་དུ་རྨོངས་བ་རེ
ངས་ཨུ་ཚུགས་ཀྱིས་པར་འདིའི་མདུན་དུ་ཕྱིར་འཁོར་ནས
ཁྱོད་ལ་དགོད་སྒྲ་ཞིག་སློང་འདོད
ངས་ཁ་པར་གྱི་འཆར་ངོས་སུ
པར་འདིར་འཐིམས་ནས་ཚོར་བ་ཞིག་བློས་བསླང་བྱས
ལེབ་ཏུ་བལྟས་ཤི
ང ཟུར་དུ་བསྐོར
གང་ལྟར་ད་དུང་ངས་བལྟ་འདོད
ཁྱོད་རང་ཁ་ཕྱིར་འཁོར་རག་བར
ངས་ད་དུང་བལྟས་ཡོད
2012/11/9ཉིན་བྲིས།
རི་མོ་ཡག་པོ་ཞིག་བྲིས་འདུག་སྟེ། བོད་པ་ཞིག་གིས་བྲིས་མིན་པ་ཐག་བཅད་ཐུབ་སྙམ་ལགས།
རང་མོས་སྙན་ངག་ཟེར་བ་འདི། འབྲི་ཤེས་མཁན ཚོས་བྲིས་ན། འདི་ལྟར་རེད། ངོ་མ་སྙན་པོ་འདུག
༼གང་ལྟར་ད་དུང་ངས་བསྟ་འདོད
ཁྱོད་རང་ཁ་ཕྱིར་འཁོར་རག་བར
ངས་ད་དུང་བལྟས་ཡོད༽
ཇི་འདྲའི་སྣང་བརྙན་དང་ཞེན་ཆགས་ཤིག་གི་སྐོར་བྲིས་མི་འདུག་ཨང་།
༼སྐྱ་ཤེད་འདྲེས་བའི་སྐེ་དཀྲིས་རིང་བོ་དེའི་སྣེ་མོ་སྐྲ་ལོ་དང་ལྷན་དུ་རྒྱབ་ཤར་དཔྱངས་བ༽སྙན་པའི་འགྱུ་ཆ་ཞིག་འདི་ན་འདུག
རི་མོ་ཡག་པོ་ཞིག་བྲིས་འདུག་གོ