ཚེ་རིང་བསམ་འགྲུབ།
གཞོན་ནུ་་གངས་སེང་དཀར་མོས་རྫིགས་ཉམས་སྟོན།།
ཆབ་བཙོན་སྟག་རྒོད་རི་ཤོར་ཐང་ལ་བབས།།
བུད་མེད་ཚོགས་པའི་མཛེས་མས་ཁྲོ་ཉམས་སྟོན།།
དམངས་གཙོ་ཚོགས་པས་ལ་རྒྱ་ཡིན་མདོག་སྟོན།།
ཁ་བའི་ལྗོངས་ལ་སུ་རུ་མེ་སྟག་སྤར།།
དབུས་ཀྱི་ཕྱོགས་ནས་ཞི་བའི་སྐད་འབོད་བསྒྲགས།།
མདོ་ཁམས་གཉིས་ཀྱི་བོད་མིའི་རྣ་བར་ལྷུང།།
གཅིག་རྒྱབ་གཉིས་གནོན་རང་བཙན་འབོད་སྒྲ་བསྒྲགས།།
ཆོལ་གསུམ་སྤུན་ཟླའི་ལ་རྒྱ་ཨེ་མ་མཚར་།།
རྒྱ་སྟག་ར་མོ་ཆེ་ནས་སྐད་གཅིག་བྱུང་།།
དེ་རྐྱེན་ཁྲོམ་གཟིགས་སྒང་ནས་ཀི་ཞིག་བཏབ།།
ལྷ་ལྡན་གཙུག་ལག་ཁང་ནས་མཉམ་དུ་འཛོམས།།
ས་བྱིའི་ཞི་རྒོལ་འཛམ་གླིང་ཡོངས་ལ་གྲགས།།
ཀླ་ཀློའི་དམག་དཔུང་གྲོང་ཁྱེར་ཡོངས་ལ་ཁྱབ།།
ཡ་ང་སྙིང་རྗེ་མེད་པའི་བརྡུང་འདེགས་འོག།
རྒྱལ་གཅེས་ཁྲི་སྟོང་མང་པོའི་ཚེ་སྲོག་ཤོར།།
ཀླ་ཀློའི་གདོང་རིས་ངོ་མ་ཕྱི་ལ་མངོན།།
ཕྱི་གླིང་མགོ་སེར་གསར་ལམ་བོད་ལ་ཕྱོགས།།
དྲང་བདེན་བྱ་བར་རྒྱབ་སྐྱོར་མཚོན་པའི་ཆེད།།
གསར་འགོད་སྣ་ཚོགས་ཁ་བའི་ལྗོངས་ལ་ཕེབས།།
ཧ་ལས་ཧོན་ཐོར་གནས་ཚུལ་གསར་པ་མཐོང་།།
རྒྱལ་གཅེས་བསམ་བློ་ཅན་གྱི་གྲོགས་པོ་ཁྱོད་ལ་ཀུན་ནས་བསྔགས་སོ།།
བདེན་བདེན།
ཡག་ཁི།
རེ་བ་འདུག་དཱ སྙན་ངག་ལབ་པ་མིན། བོད་དོན་ལ་རེ་བ་འདུག་་་་