ཀོང་པོའི་བུ་མོ།
རྟག་བརྟན་མེད་པའི་འཇིག་རྟེན་འདིར།།
ཟང་ཟིང་བྱ་སྤྱོད་མང་ན་ཡང་།།
དེ་རིང་ཚེ་སྲོག་གནས་པ་དེས།།
གཞན་ལ་ཕན་པའི་སེམས་ཤིག་སྐྱེས།།
འཆི་བ་མི་རྟག་ལུས་རྟེན་འདི།།
ནམ་འཆི་ལྐོག་འགྱུར་གནས་སུ་ལྷུང་།།
གཤིན་རྗེ་རྒྱལ་པོའི་གྲོང་ཁྱེར་དུ།།
གྲོགས་མེད་ཁེར་རྐྱང་འགྲོ་བར་འཇིགས།།
སྡིག་ལ་ཧབ་ཐོབ་ཆེ་དྲགས་ན།།
ཐར་བའི་ལམ་མཆོག་རྒྱང་དུ་བཀྱེད།།
སྡུག་བསྔལ་འཁོར་བའི་གཏིང་རིམ་དུ།།
བསྐལ་བའི་བར་དུ་ཉམ་ངར་འགྱུར།།
ཁ་བ་འབབ་ཐེངས་གཉིས་པ།
སེམས་པ་འདི་རྒྱ་ཡན་ལ་བཏང་ནས། བྱ་སྤྱོད་འདི་ཏིང་འཛིན་ལ་སྒོམ་བཞིན།
རང་ཤག་ནས་ཕྱི་རོལ་ལ་གཡེང་སྐབས། མེ་ཏོག་གི་ཁ་ལེབ་མོ་ཞིག
ངའི་སེམས་པའི་ཟབ་ས་རུ་འཛུལ།
ཐེ་ཚོམ་དང་དོགས་སྣང་གི་འཆར་སྒོ་སོགས་ལས།
མི་གསལ་ལྐོག་གྱུར་གྱི་སེམས་པ་ལ་ཁེན་ནས།
བདག་སྔར་མེད་ཆོག་ཤེས་ཀྱི་ཀློང་དུ་ཁྲིད་སོང་།
སྒྱུར་འཕྲུལ་དང་གཡོ་ཟོལ་གྱི་གྲི་མ་མེད་པར།
ཁ་བའི་བདག་ལ་ཡིད་སྟོན་གྱི་ཆོག་ཤེས་སྤྲད།
མཚོ་བྱུང་ལྷ་མོ།