—-རྣོ།
མི་རིགས་རང་རང་གི་གནས་བབ་མི་འདྲ་བས་སྐད་ཡིག་སློབ་གསོའི་ལམ་ལུགས་ཀྱང་དེ་བཞིན་མི་འདྲ་རུང་། རང་གི་རྗེས་རབས་པའི་སེམས་ཁམས་དང་ཁ་ཐག་ཉེ་བ་ཞིག་ངེས་པར་ཡིན་དགོས། འོན་ཀྱང་ད་ལྟའི་བཙན་བྱོལ་བོད་པའི་སྐད་ཡིག་སློབ་གསོ་ནི་རང་གི་གནས་བབ་དང་ཕྱི་རབས་པའི་དུང་ཞེན་ལ་ཆེས་ཁ་ཐག་རིང་དྲགས་པས་བོད་སྐད་ཡིག་གི་གནས་བབ་ཀྱང་དེ་བཞིན་ཉམ་ང་ཉག་ཕྲར་ལུས་པ་འདི་རེད། སྤྱིར་འདི་ཉིད་རྒྱུ་རྐྱེན་སྣ་མང་ཞིག་གིས་གྲུབ་ཡོད་ནའང་། གཙོ་བོ་བྱིས་དུས་ཀྱི་སློབ་གསོ་ལ་སྣང་ཆུང་བཏང་བའི་བྱས་འབྲས་ཉིད་དུ་ཟད་དེ།
གཅིག སློབ་དེབ་ཀྱི་ཡིག་གཟུགས་དབུ་མེད་བྱས་པ་དེ་ཡིས་རྗེས་མར་དབུ་ཅན་ཀློག་འདོད་ལ་སྤྲོ་མེད་ཀྱི་སེམས་ཁམས་བསྐྲུན་པ།
གཉིས། དབུ་མེད་ཀྱི་ཡིག་གཟུགས་དེ་ཡང་འབྲུ་ཚ་དང་སུག་རིང་བྱས་པས་བོད་ཡིག་ནི་འབྲི་ཡ་གཅིག་པོའང་ཧ་ཅང་དཀའ་ལས་ཁག་པོ་འདུག་བསམ་པའི་ངལ་བའི་སེམས་ཁམས་ཤིག་བསྐྲུན་པ།
གསུམ། སློབ་དེབ་ཀྱི་ནང་དོན་ལ་བྱིས་པའི་སེམས་ཁམས་དང་མཐུན་པའི་ཧ་ཅང་ངོ་མཚར་གྱི་གཏམ་རྒྱུད་ཡེ་ནས་མེད་པས་སྦྱོང་འདོད་མེད་ཀྱང་། བཙན་ཁྲིམས་ཤིག་གིས་དེད་ནས་འོང་སྟབས་མ་སྦྱོང་ཐབས་མེད་ཀྱི་ཁུར་བོ་ཞིག་གིས་བཙན་གནོན་སེམས་ཁམས་བསྐྲུན་པ།
བཞི། དགེ་རྒན་ཚོ་ལའང་འཛིན་རིམ་གོང་མར་སློབ་མཁན་ནང་བཞིན་ཆེ་མཐོང་མེད་ཅིང་། ཕོགས་དངུལ་ཉུང་བས་དགེ་རྒན་གྱི་སྤུས་ཚད་ཧ་ཅང་ཞན་པའི་གནས་བབ་དག་གིས་བོད་སྐད་ཡིག་ཉམས་ཤིང་ནུབ་པར་གྱུར་པའི་འབྲས་བུ་སྨིན་པ་རེད།
འབྲས་བུ་འདི་ཡིས་ཤ་ཁྲག་བོད་པ་ཙམ་ལས། བོད་པའི་གཤིས་ཉམས་ཡེ་ནས་མེད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་ལུགས་ཤིག་ཚེགས་མེད་དུ་གྲུབ་འདུག འདི་ནི་ངས་བཙན་བྱོལ་དུ་ཀ་ཁ་སློབ་སའི་བྱིས་བཅོལ་ཁང་དང་། གཞི་རིམ་སློབ་གྲྭ། མཐོ་སློབ་སོགས་སུ་བོད་སྐད་ཡིག་གི་དགེ་རྒན་མི་ལོ་བརྒྱད་ལ་བྱས་པའི་མྱོང་བྱང་ཡིན།
བོད་པའི་སྐད་ཡིག་ལ་ཉམས་ཆགས་འགྲོ་བའི་བརྒྱུད་ལམ་ཁྱེད་ཀྱི་ཤེས་མི་འདུག་།
དང་པོ་ དགེ་རྒན་ཚད་ལྡན་མེད་པའི་སྐྱོན་། དགེ་རྒན་ཚོ་ལ་ཡིག་ཚད་བཏང་ནས་དགེ་རྒན་ལ་མ་བསྐོ་ནས་ལག་ཁྱེར་ལ་གཞི་བཞག་ནས་དགེ་རྒན་ལ་བསྐོས་པའི་སྐྱོན་རེད་། དགེ་རྒན་དང་ལས་བྱེད་འདེམས་སྒྲུག་སྐབས་དྲང་བདེན་མེད་པར་མགོ་འདྲེན་ལ་དབང་བཀུར་བའི་ལན་པ་རེད་།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་ཚང་ཁག་ནང་དབྱིན་ཡིག་ལས་བོད་ཡིག་བེད་སྤྱོད་ཉུང་བའི་ལན་པ་རེང་། སྐྱོན་གནད་དེ་ཚོ་ཤེས་སོང་ངམ་། ཧ་ཧ་ཧ་བོད་མི་རིགས་བྱ་སྤུ་རི་ལ་གཏོར་ནས་བོད་ཡིག་དང་བོད་སྐད་ཟེར་ན་གང་རེད་། མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྔོན་དུ་བཏང་ནས་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབས་དེ་རྗེས་ནས་ཡོང་དགོས་པ་མ་རེད་དམ་།
ངས་བོད་སྐད་ཡིག་ཉམས་ཆགས་སུ་འགྲོ་མུས་སུ་ཡོད་པ་འདི་ད་དུང་སྔར་བཞིན་གནས་པ་ལས་རྒྱུན་གཅོད་མི་ཐུབ་པའི་བརྒྱུད་རིམ་གྱི་རྩ་བའམ་གཙོ་བོ་དེ་རེད་
ཅེས་པར། དེ་མ་རེད་ཅེས་ཤེས་མདོག་བྱེད་ཀྱི་ཡོད་པ་དེ། དམིགས་བསལ་གྱི་ཤེས་ཡ་དང་གོ་ཡ་ཅང་མི་འདུག གྲོགས་པོ།
བཙན་བྱོལ་སློབ་ར་ན། བོད་ཡིག་སྦྱོང་བ་ལ་དཀའ་ངལ་ཡོད་ན། དེ་ནི་རྣོ་ལྟ་བའི་ལྟོ་ནང་ལ་སྲིང་ནས། སྐེ་གཞན་ལ་དཀྱོག་ཡོད་པའི་དགེ་རྒན་ཚོ་ལས་གཞན་ཡ་ལ་འཛུགས་ས་མེད།
མ་འགྲིག་པའི་ལམ་དེ་འདྲ་ཞིག་ཡིན་ན། འགྲིག་པའི་ལམ་དེ་འདི་རེད་དེ་རེད་ཟེར་ས་གཅིག་ལ་མེད་པར་སྟོངས་སྐད་བརྒྱབས་པ་ཙམ་གྱིས་ཕན་པར་རེ་བ་ནི། འཇིག་རྟེན་ལ་ལྟ་མ་ཤེས་པའི་དེ་རིང་སང་གི་བླུན་རྟགས་ཁོ་ན་ལས་ཅི་རེད།
བསམ་བློ་འཁྱོག་པོ་དང་མི་གཤིས་རྫོབ་པོ་ཟེར་ནོ་རེད། མི་ཁྱོད་ལྟ་བུ་དག་ལ་ནམ་དུའང་སྐད་ཆ་ཟེར་བ་མེད་ནོ་ཤེས་ཡོད།
འཆི་མཐར་ཐུག་པའི་བོད་མི་མེད། །
འཆི་མཐར་ཐུག་པའི་བོད་སྐད་མེད། །
འཆི་མཐར་ཐུག་པའི་བོད་ཡིག་མེད། །
འཆིམ་མཐར་ཐུག་པའི་བཙན་བྱོལ་མེད། །
འཆི་མཐར་ཐུག་ན།
འཆི་མཐར་ཐུག་ན་བོད་རིགས་སྤེལ། །
འཆི་མཐར་ཐུག་ན་བོད་སྐད་ཤོད། །
འཆི་མཐར་ཐུག་ན་བོད་ཡིག་བྲིས། །
འཆིམ་མཐར་ཐུག་ན་རང་དབང་རྩོད། །
མ་འཆི་སྔོན་དུ།
མ་འཆི་སྔོན་དུ་བོད་རིགས་སྐྱོངས། །
མ་འཆི་སྔོན་དུ་བོད་སྐད་ཤོད། །
མ་འཆི་སྔོན་དུ་བོད་ཡིག་བྲིས། །
མ་འཆི་སྔོན་དུ་རང་དབང་ལེན། །