གཤམ་གྱི་སྦྲེལ་ལམ་དེའི་ནང་། འཇམ་དབྱངས་ནོར་བུ་ལགས་ཀྱི་ྩོམ་ཡིག་ལ་ལན་འདེབས་གནང་འདུག དབྱིན་ཇི་དང་བོད་ཡིག་གཉིས་ཀ་འདུག་གོ།
http://www.tibetsites.com/Response_Ad.html
གཤམ་གྱི་དྲ་ཚིགས་ཐོག་ང་དང་ཀྲུང་གོ་བའི་སྐྲག་སྣང་ཟེར་བའི་ྩོམ་ཡིག་ཐུང་ཐུག་ཞིག་འདུག
http://www.tibetabc.cn/user1/qinghua/archives/2009/2009218215726.html
གཤམ་གྱི་དྲ་སྦྲེལ་འདིའི་ནང་། དེང་སང་བོད་ནང་དགེ་འདུན་པ་ན་གཞོན་ཚོའི་གནས་སྟངས་ཤིག་བཀོད་འདུག ངོ་མ་ཡ་ང་བ་རེད་འདུག
http://www.tibetabc.cn/u/MAQUNOMAD/archives/2009/2009219112329.html
འཇམ་ནོར་ལགས་ཀྱིས་ཞིབ་འཇུག་མ་བྱས་པར་ཚོར་བའི་སྣེ་མོར་འཇུས་ནས་རྩོམ་ཡིག་སྤེལ་བ་རེད་ལ་།
གོམ་བགྲོད་ཚོགས་གཙོས་རྩོམ་ཡིག་དེར་གདོང་མ་ཐུབ་པར་གསལ་བཤད་བྲིས་བ་རེད།
གཉིས་ཀ་དགོས་ངེས་ཤིག་རེད། འཇམ་ནོར་ལགས་ཀྱི་རྩོམ་དེ་མེད་ན། གསལ་བཤད་དེ་ཡང་དྲ་རྒྱའི་ཐོག་ལ་ཡོང་རྒྱུ་ཁག་པོ་རེད།
འོ་རྩི་ལགས། དེ་དེ་བཞིན་གྱི་གནད་དོན་ག་ཚོད་ཡོད་དམ།
འཇམ་དབྱངས་ནོར་བུའིསྐྱོན་ཆེ་ཤོས་དེ་གནས་ཚུལ་དངོས་ཡོད་ཕྲན་བུ་གཅིག་མཐོང་ན། དེ་རྒྱ་ཆེན་པོ་དང་རྒྱས་པོ་བཟོས་ནས། མ་དེ་བརླགས་པར་བྱེད། ཡིན་ནའི་ཁོང་ལ་བདེན་པ་མེད་པ་མིན། བདེན་པ་དེ་ཆུང་དུ་བཏང་ནས། རང་གི་བསམ་ཚུལ་ཆེ་རུ་བཏང་སྟབས། མིས་བདེན་པ་མཐོང་མི་ཐུབ་པ་ཆགས་འདུག དཔེར་ན། གོས་ཀྱི་སྟེང་ལ་ཨཻ་ཁུང་ཆུང་ཆུང་ཞིག་ཤར་བས་ན། དེ་ལ་ལྷན་པ་ཆེན་པོ་ཞིག་བརྒྱབ་ནས་གོས་ཀྱི་མ་རས་དེ་ཡང་མཐོང་རྒྱུ་མེད་པ་བཟོས་པ་ལྟ་བུ་རེད། དེ་ཁོ་བོའི་སྐྱོན་ཆེ་ཤོས་རེད། དེ་མིན་ཁོས་བཤད་པའི་སྐད་ཆ་ཚང་མ་བདེན་པ་མིན་པ་མ་རེད།
བྱས་ཙང་ད་རེས་འགག་ཡིག་དེ་ལས་མཐོང་ཐུབ་པ་ཞིག་ནི། འཇམ་ནོར་གྱིས་ཤིང་དང་ནགས་ཚལ་དབྱེ་བ་གསལ་པོ་ཕྱེ་དགོས་པ་འདི་གལ་ཆེ་ཡིན་པ་ཤེས་དགོས་ཀྱི་འདུག
འཇམ་དབྱངས་ནོར་བུ་ལགས་ལ་ཡོན་ཏན་ཅུང་ཙམ་ཡོད་པའི་
རྐྱེན་གྱིས་བོད་ནང་ལ་དཀྲུགས་ཤིང་རྒྱབ་གང་བྱུང་མ་བྱུང་རྩམ
ན་ཡག་པོ་མ་རེད་ ཡོན་ཏན་ཡོད་ན་བོད་ལ་ཕན་ཐོག་དགོས་རེད་
གནོད་སྐྱེས་ཉན་མ་རེད་། ག་སྲིད་ཕན་མ་ཐོག་ན་ཡང་བོད་ཀྱ྄ིས་སྤྱིད་ཚོགས་
ནང་དཀྲུགས་ཤིང་མ་རྒྱབ་རོགས་་་་་་ཞུ་