ཀླུ་སྨྱོན།
དེ་རིང་ངས་ཧམ་པ་བསྐྱེད་དེ་དུས་རབས་དགུ་པ་ནས་དར་མགོ་ཚུགས་པའི་འཇར་པན་གྱི་ཧའི་ཁུའུ་སྙན་ངག་གྲུབ་མཐའི་སྙན་ངག་པའི་ཚབ་མཚོན་Basho, Issa, soseki གསུམ་གྱི་སྙན་ངག་རེ་དབྱིན་ཡིག་ནས་བོད་སྒྱུར་བྱས་པ་ཡིན།
On old silent Pond
A frog jumps into the pond
Splash! Silence again.
ཁ་ཁུ་སིམ་པའི་ཆུ་རྫིང་རྙིང་པ་ཞིག
སྦལ་བ་ཞིག་ནི་ཆུ་རྫིང་ནང་དུ་མཆོངས།
ཟེགས་མ་གཏོར་ཏེ་ཡང་སྐྱར་ཁུ་སིམ་མེ།
o snail
Clump Mount Fuji,
But slowly, slowly.
ཨ། འབུ་སྐྱོགས་ཤིག
རི་བོ་ཧྥུའུ་ཅིར་འཛེག
ཡིན་ཡང་ག་ལེ་ག་ལེར།
The crow has flown away
Swaying in the evening sun,
A leafless tree.
ཕོ་རོག་ག་ཤེད་ཅིག་ཏུ་འཕུར།
ལོ་འདབ་བྲལ་བའི་ལྗོན་ཤིང་ཞིག
དགོང་ཁའི་ཉི་འོད་ཀློང་དུ་གཡོ།
དང་བོར་དབྱིན་ཇི་ཡག་པོ་སྦྱོངས།
དེ་ནས་དབྱིན་མོ་ཁབ་ཏུ་བཞེས།
ཕ་མཐའ་མེད་པའི་དབྱིན་ཡིག་གི
གདིང་ཚོད་རྙེད་དུས་ད་གདོད་བསྒྱུར།
ན་གཞོན་བོད་ཀྱི་སྙན་མཁན་པོ་ཀླུ་སྨྱོན་གྱི་ལད་ཟློས་བྱས་པ།
On old silent Pond
A frog jumps into the pond
Splash! Silence again.
བོད་ལུགས་ལ།
ཁ་ཁུ་སིམ་པའི་ཆུ་རྫིང་རྙིང་པའི་ནང་། །
སྦལ་པ་ཞིག་གིས་ཆུ་རྫིང་ནང་མཆོངས་པས། །
ཟེགས་མ་གཏོར་ཡང་ཡང་བསྐྱར་ཁུ་སིམ་མེ། །
o snail
Clump Mount Fuji,
But slowly, slowly.
ཨོ། སྨུག་པའི་འབུས།
རི་བོ་ཧྥུའུ་ཅིར་འཛེག
ཡིན་ཡང་ག་ལེ་ག་ལེར།
The crow has flown away
Swaying in the evening sun,
A leafless tree.
ཕོ་རོག་ག་ཤེད་ཅིག་ཏུ་འཕུར་ཟིནད།
ལོ་འདབ་བྲལ་བའི་ལྗོན་ཤིང་ཁྱོད།
དགོངས་དྲོའི་ཉི་དྲོད་་ཀློང་དུ་ལུས།
བདག་གི་འགྱུར།
On old silent Pond
A frog jumps into the pond
Splash! Silence again.
དྲ་ཚིགས་རྙིང་ཞིང་རུལ་བ་ཞིག་གི་ནང་དུ།
སྙན་ངག་སྦལ་བ་གཉིས་མཆོངས།
ཆོའོ་ཏོ། ཁ་མ་གྲགས།
o snail
Clump Mount Fuji,
But slowly, slowly.
ཀྱེ་མ། དྲ་འབུ།
ཐམས་ཅད་མཁྱེན་པའི་སྡོང་རྩེར་བུད།
དེ་ནས་དལ་བུར་མར་ཟགས།
The crow has flown away
Swaying in the evening sun,
A leafless tree.
དྲ་དཔོན་ག་ཤེད་གཅིག་ནས་ཡོང་སྟེ་ཐམས་ཅད་བསྲུབས།
རོ་དང་འདྲ་བའི་ཁྱོད།
དྲ་ངོའི་འོད་དུ་ཐིམས།
ཆོའོ་ཏོ་ཞེས་པ་ནི་འཇར་པན་གྱི་སྐད་དེ་འཆལ་བོའི་དོན།
ན་གཞོན་བོད་ཀྱི་སྙན་མཁན་པོ་ཀླུ་སྨྱོན་
འདི།
ན་གཞོན་བོད་ཀྱི་སྙན་དངགས་མཁན་པོ་ཀླུ་སྨྱོན་
ལ་བཅོས།
དགུ་པ་ བྱས་པ་ རྙིང་པ་ ཞེས་པ་དག་ལ་ཕལ་ཚིག་རྒྱབ་དགོས་པ་བརྗེད་པ་དང་། ཨིན་ཡིག་ཅེས་པའི་སྒྲ་འཐོན་པ་ལ་དབྱིན་ཡིག་ཅེས་དབྱ་དོན་མེད་དུ་འབྲི་བ་ཨ་ཁུ་ཀླུ་སྨྱོན་ལ་བརྗེད་མེད་པ་ངོ་མཚར་ཆེ་བ་ཞིག་ཏུ་མི་འདུག་གམ།
ངས་ཀྱང་ཚར་གཅིག་བསྒྱུར་ཡོད།
On old silent Pond
A frog jumps into the pond
Splash! Silence again.
འཇམ་ཐིང་ཐིང་གི་རྫིང་བུ་རྙིང་པའི་ཐོད་ད།
སྦལ་བ་ཞིག་མཆོངས།
ཆུ་གཏོར། ཡང་བསྐྱར་ཁུ་སིམ་མེར།
o snail
Clump Mount Fuji,
But slowly, slowly.
ཨོ། སྨྱུག་མའི་བུ་མོ།
ཧྤོ་ཇི་རི་བོར་འཛེགས།
འོན་ཏེ་དལ་བ་དལ་བུར།
The crow has flown away
Swaying in the evening sun,
A leafless tree.
ལོ་མ་མེད་པའི་ཤིང་སྡོང་།
དགོང་ཁའི་ཉི་འོད་ཁྲོད་ཡོམ་ཡོམ་འགུལ་ཞིང་།
ཁྭ་ཏ་རྒྱང་རིང་དུ་འཕུར།
འདི་འདྲ་ཞིག་བསྒྱུར་ཡོད།
“ཐོད་ད” ཞེས་པ་”ཐོད་དུ་”ལ་བཅོས།
འདི་ང་ཚོ་གསང་སྔགས་གསར་མའི་སྒྱུར་ལུགས་ཡིན། བརྒྱུད་པ་རྔོག་ལོ་ཙ་བ་དང་། མར་པ་དང་རིན་ཆེན་བཟང་པོའོ། འདི་ལ་ཆེ་བ་གཏམས་འབུམ་དང་དཀྲིགས་ཆེན་འཐེར་འབུམ་ཡོད་དོ།
On old silent Pond
A frog jumps into the pond
Splash! Silence again.
ཆུ་རྫིང་རྙིང་ཞིང་ཁུ་སིམ་པ།
སྦས་པས་མཆོངས་ནས་ཆོབ་སྒྲ་གྲགས།
དེ་ནས་སྔར་བཞིན་ཁུ་སིམ་མེ།
o snail
Clump Mount Fuji,
But slowly, slowly.
སྨུག་པའི་སྲས་མོ་གོག་འགྲོས་ཅན།
དལ་པོ་དལ་པོས་གོག་བཞིན་དུ།
རི་བོ་ཟད་མེད་༼༡༽འཛེགས་པར་ཕེབས། ༼༡༽ཧྥུ་ཅི་ནི་ཟད་མེད་ཞེས་པའི་དོན།༽
The crow has flown away
Swaying in the evening sun,
A leafless tree.
བྱེའུ་ཁྭ་ཏ་རྒྱང་རིང་འཕུར།
ལོ་མ་མེད་པའི་ཤིང་སྡོང་ཞིག
སྲོད་ཉིའི་འོག་ལ་ཡོམ་ཡོམ་འགུལ།
ཁྱོའི་སྨྱུག་མའི་བུ་མོ་དེ་སྨུག་པའི་བུ་མོ་ཡིན་རྒྱུ་རེད་ལ།
སྙན་ངགས་ཟེར་བ་དེ་འདྲ་ཡིན་གྱི་རེད། གཟིགས་དང། ལོ་མ་མེད་པའི་ཤིང་སྡོང་ཞིག་ཡོམ་ཡོམ་བྱེད་དེ་འགུལ། ཡོམ་ཡོམ་གྱི་འགུལ་བ་དེ་ཡང་སྲོད་ཀྱི་ཉི་མའི་འོག་ཏུ་འགུལ།
སྐྱི་སེར་རླུང་གིས་ལྗོན་པ་གཡོ་ཞིང་འགུལ།
ས་སྲོད་སྨྲག་གི་ཤེ་མུན་འཐིབས་པའི་ཚེ།
བཀྲ་ཤིས་ཁོས་ཨའུ་རྩི་བསྒྱུར་བཞག །
ཡིན་ནའང་དུས་རྒྱུན་བོད་མི་ཚོས་་་བྱ་ཁ་ཏཱ་ཟེར། བྱེའུ་ཁ་ཏཱ་ཨ་ཡིན་ནམ།
བྱ་དང་བྱེའུ་གཉིས་ལ་ཆེ་ཆུང་གི་ཁྱད་པར་ཞིག་ཡོད་པ་འདྲ། །
རྫིང་གི་ཐོད་དུ་ཟེར་ན་རྫིང་ཡོད་སའི་ས་སྒོང་སྟེང་་་་
འདི་ན་on དེའི་དཀྱིལ་ལ་འཇུག་
ཞི་འཇམ་གྱི་ཆུ་རྫིང་གི་དཀྱིལ་དུ།
བླ་གྲོགས་སྨྱོན་པ་དགྱེས་བར། ངས་འདི་ནས་འདི་འདྲ་ཞིག་བསྒྱུར་སྐྱོར་བྱས་ཡོད། བློར་མི་འབབ་ན། རྒྱུ་མཚན་ཤོད་ཤོག། ཧ་ཧ་ཧ།
On old silent Pond
A frog jumps into the pond
Splash! Silence again.
དལ་ཅག་དུ་ཡོད་པའི་ཆུ་དོང་རྙིང་བའི་སྒང་།
སྦལ་བ་ཞིག། ཆུ་དོང་དེའི་ནང་དུ་མཆོངས།
ཅལ་ཚུབ་སེ། ཡང་བསྐྱར་དལ་ཅག་ཅག།
o snail
Clump Mount Fuji,
But slowly, slowly.
ཨོ། སྙི་མཚེ་མ།
རི་བོ་ཧྥུའུ་ཅེར་འབྱེར།
ཡིན་རུང་། དལ་བ་དལ་བུར།
The crow has flown away
Swaying in the evening sun,
A leafless tree.
ཁ་ཏྭ་དེ་རྒྱང་རིང་དུ་འཕུར་སོང་།
ཕྱི་དྲོའི་ཉི་འོད་ན་གཡོ་བ་ནི།
ཤིང་ལོ་མེད་པའི་སྡོང་བོ་ཞིག།
Ops! ཁྭ་ཏ།
འབྱར་ལ་བཅོས།
བཀྲ་ཤིས་ལགས་ཀྱིས་བསྒྱུར་གནང་བ་དེ་སྙན་ཤོས་རེད་འདུག་ལ་བྱ་དང་བྱིའུ་གཉིས་གོམ་པས་ཤེས་ཟེར་