ནམ་མཁའ་བསྟན་འཛིན།
རྒྱ་གར་ནས་༧གོང་ས་མཆོག་ཡུལ་གྲུ་གང་དུ་ཕེབས་ཀྱང་གསུང་ཆོས་སྐབས་འཛམ་གླིང་ཤར་ ནུབ་ཀུན་ནས་ཕེབས་པའི་དད་ལྡན་པ་ཚང་མར་རིན་མེད་ཡིན་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གསུང་ཆོས་བཀོད་སྒྲིག་གནང་སྐབས་ཚོགས་ཁང་དང་ཁྱབ་ བསྒྲགས། བདེ་འཇགས་སྲུང་སྐྱོབ་སོགས་ལ་འགྲོ་སོང་ཆེན་པོ་ཡིན་སྟབས་གསུངས་ཆོས་ཞུ་སྐབས་ འཛིན་བྱང་ཉོ་དགོས་མོད། འདས་བའི་ལོ་འདི་དག་ལ་མིག་གི་མཐོང་ས་རང་ནས་ཆོས་ཚོགས་ཁ་ཤས་ཀྱི་སོ་སོའི་ཚོགས་ པའི་མིང་ཁྱབ་བསྒྲགས་ལ་འགྲོ་ཐབས་དང་ཚོགས་པས་དངུལ་བཟོ་བའི་ཆེད་༧གོང་ས་མཆོག་ གི་གསུངས་ཆོས་དེ་ཚོང་ལས་ཀྱི་ངོ་བོ་ལྟ་བུར་བསྒྱུར་ཏེ་འཛིན་བྱང་ཡང་ཧ་ཅང་གོང་ ཆེན་པོར་བཙོངས་བཞིན་འདུག། དེར་བརྟེན་ཡུལ་མི་སྐྱོ་བོ་དང་སློབ་ཕྲུག་སོགས་ལ་གསུངས་ ཆོས་ལ་བཅར་བའི་གོ་སྐབས་མེད་སྟབས་ཁེངས་ར་བྱེད་མཁན་མང་པོ་འདུག། འོན་ཀྱང་དེ་རིང་བར་༧གོང་ས་མཆོག་ཡུལ་གྲུ་གང་དུ་ཕེབས་ཀྱང་བོད་རིགས་མི་དམངས་ལ་ བཀའ་སློབ་གནང་སྐབས་འཛིན་བྱང་ཉོ་དགོས་བ་ཞིག་བདག་གིས་མ་ཐོས་མོད། དེ་རིང་ཞོགས་པ་བོད་པ་མཇལ་ཁར་ཡོངས་མཁན་ཚོ་ཚོགས་ཁང་མདུན་དུ་འཛོམས་བཞིན་པའི་ སྐབས་འཇར་མན་བོད་རིགས་ཚོགས་གཙོ་སླེབས་ཏེ་མི་རེ་ཡིས་ཡོ་སྒོར་བཅུ་རེ་མ་སྤྲད་ ན་མཇལ་ཁ་ལ་གཏོང་གི་མིན་ཅེས་རྒྱ་གར་གྱི་གྲོང་གསེབ་ཁག་གི་གློག་བརྙན་ཁང་གི་ འཛིན་བྱང་བཙོངས་བཙོངས་བྱས་ཏེ་སྒོ་འགྲམ་བཀག་ཏེ་མི་རེ་ཡི་ལག་ནས་སྒོར་བཅུ་རེ་ ལེན་བཞིན་འདུག ། ང་སྒོ་འགྲམ་ལ་སླེབས་སྐབས་ས་གནས་བོད་པ་ཞིག་གིས་ཚོགས་གཙོ་ལ་ཁ་རྩོད་རྒྱབ་ཏེ་ སྒོར་བཅུ་རེ་ལེན་དགོས་དོན་ཅི་ཡིན་འདྲི་བཞིན་འདུག སྐབས་དེར་ཚོགས་གཙོའི་འགྲམ་དུ་སྡོད་མཁན་དངུལ་ལེན་མཁན་བུད་མེད་དེ་ཡིས་དངུལ་ དེ་ཚོགས་ཁང་གི་གླ་ཆ་རེད་ཟེར། དེར་ང་ཡང་ཅུང་ཡིད་མ་ཆེ་བར་སྐུ་ཚབ་དོན་གཅོད་ལ་འདྲི་སྐབས། ག་བ་ག་བ། ཚོགས་ཁང་རིན་མེད་རེད་ཟེར། སྐབས་དེར་བོད་པ་དེ་སླར་ཡང་ངར་ནས་ཁྱོད་ཚོའི་བྱེད་སྟངས་འདི་ཞབས་འདྲེན་རེད། ཚོགས་ཁང་ལ་རིན་སྟེར་དགོས་ན་ངས་སྒོར་བརྒྱ་ཡིན་ཡང་སྤྲོད་ཀྱི་ཡིན། འོན་ཀྱང་ཁྱོད་ཚོར་རྩིས་ཁྲ་གསལ་བོ་གཅིག་ཀྱང་སྟོན་རྒྱུ་མི་འདུག། ལོ་ལྟར། མི་དམངས་ལ་མགོ་སྐོར་བཏངས་ནས་༧སྐྱབས་མགོན་རིན་པོ་ཆེའི་མཇལ་ཁ་ལ་སྒོར་སྤྲོད་ ཅེས་ན་ག་རེ་རེད། ལོ་སྔོན་ཞིག་ལ་ཡང་འདི་ལྟར་བྱས་སོང། རྗེས་སུ་ཧ་གོ་དུས་མི་ལ་ལའི་ལག་ནས་དངུལ་ལེན་གྱིན་མི་འདུག་ཟེར། དེ་རིང་ ངས་མི་སྤྲོད་ཁོ་ཐག་ཡིན་ཟེར། སྐབས་དེར་ཚོགས་གཙོས་ཁྱོས་སྒོར་མོ་མ་སྤྲད་ན་ངས་ཁྱོད་ཚོ་གཅིག་ཀྱང་མི་གཏོང་ ཟེར། དེ་ནས་སྨིས་ཊར་གཉིས་ཙམ་གྱི་ས་རུ་འཇར་མན་ཉེན་རྟོག་པ་དང་སྐུ་སྲུང་བས་ གཟུགས་པོ་བསྔོགས་གཤེར་བྱེད་བཞིན་འདུག སྐབས་དེར་སྔོག་གཤེར་བྱེད་མཁན་ཚོ་ཡང་མགོ་ཐོམ་དེ། ཁོ་ཚོས་ག་རེ་རྩོད་ཀྱིན་ཡོད་པ་རེད། ད་མགྱོགས་པོ་མ་བྱས་ན་དུས་ཚོད་མི་འདུག ༧སྐུ་མདུན་ཕེབས་གྲབས་འདུག་ཟེར། ཉེན་རྟོག་པ་དང་སྐུ་སྲུང་བ་ཚང་མ་འཇར་མན་ཡིན་སྟབས་དོན་དག་ཅི་ཞིག་ལ་ཐུག་ཡོད་ ཁོ་ཚོས་ཤེས་མི་འདུག་ཀྱང་། ད་དུང་མུ་མཐུད་དུ་རྩད་ན་ཞབས་འདྲེན་ད་ཞུ་རྒྱུ་ཡིན་པ་འདྲ་བས། ངས་ལམ་སེང་ཁོ་ཚོར་བར་བྱས་བ་ཡིན།
ཚོགས་ཁང་གི་རིན་པ་ཡིན་ན་འགྲིགས། དེ་མིན་པར་ཞར་ཞོར་ལ་དངུལ་བཟོ་རྒྱུའི་ཐབས་ཤེས་བྱེད་པ་འདི་མི་མང་པོར་སེམས་ལ་གོམས་འདྲིས་མེད་སྟབས། ཅུང་དཀའ་ལས་འདུག
གཙོ་བོ་དེ་ཚོགས་པ་དེ་མང་གཙོའི་ལམ་ནས་འདེམས་པའི་ཚོགས་ཆུང་ཡིན་ཞིང་། དངུལ་གྱི་རྩི་ཁྲ་ལེགས་པོ་ཉར་ཡོད་ན་རྗེས་སུ་གསལ་པོ་ཡོང་གི་རེད་སྙམས།
སྔོན་མ་གོང་ས་མཆོག་ཨ་རིེར་ཕེབས་ནས་གསུང་ཆོས་ཉིན་མ་བཞི་ཙམ་སྟུད་མར་གནང་སྐབས། གསུང་ཆོས་ཞུ་མཁན་མི་སྟོང་གསུམ་ཙམ་འདུག་རུང་། དེའི་ནང་བོད་པ་ཧ་ལམ་བརྒྱ་ཟིན་གྱི་མིན་འདུག༷། གོང་ས་མཆོག་གིས་ད་རེས་བོད་པ་མང་པོ་མིན་འདུག་ག་གསུངས་སོང་། རྗེས་སུ་སྐུ་བཅར་ཞིག་གིས་གསུང་ཆོས་ཀྱི་གོང་ཆེན་པོ་ཡིན་པ་དང་ལས་ཀའི་དུས་ཚུད་ལ་འཁེལ་སྟབས་བོད་པ་མང་པོ་མིན་འདུག་ཞུ་སྐབས། འོ་དེ་ཁག་མིན་འདུག་གསུངས་པ་ཐོས་མྱོང་།
འཛིན་ཡིག་མེད་ན་སྒོ་ནས་མི་མངགས་པ་ནི་ནུབ་ཕྱོགས་ཀྱི་འགྲོ་སྟངས་རེད། དངུལ་ཁུག་ན་ག་རེ་ཡིན་ན་ཡང་བཙོང་བ་ནི་དུས་རབས་ཀྱི་འགྲོ་སྟངས་རེད།
དེ་བདེན་པ་ཡིན་ན་དངོས་གནས་སྐྱོ་བོ་རེད། བླ་མའི་མིང་ཐོག་ནས་ཁེ་བཟང་སྒོར་མོ་འཚོལ་ཡང་ད་སྐྱོ་བོ་རེད། དེ་འདྲ་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་སོ་སོའི་མིང་གསལ་པོ་བཏོན་རོགས།
ཁ་ནས་བླ་མ་འདོན་བཞིན་བླ་མ་བཙོང་།།
སྤྱི་བསྒྲགས་གསུང་ཆོས་ཟེར་ཞིང་གསུང་ཆོས་བཙོང་།།
བླ་མའི་བྱིན་རླབས་མི་འཚོལ་ཌོ་ལར་འཚོལ། །
ཆོས་ཚོང་བླ་ཚོང་རྒྱག་པའི་བོད་པ་ཚང།།
དེ་ད་ང་ཚོ་བཙན་བྱོལ་ལ་ཡོང་ཡོད་པའི་བོད་མི་དབང་ཡོད་དང་ཚོགས་པའི་གོ་སྐབས་ཡག་ཤེས་དེ་མིན་ནམ།
དེ་ལ་གོ་ལེན་སྟངས་གཉིས་འདུག ཆོས་ཕྱོགས་ནས་བཤད་ན། དངོས་གནས་ཆོས་ཞུ་བའི་འདུན་པ་ཞིག་ཡོད་ན་སྒོར་བཅུ་ལ་ལག་ཐོགས་དགོས་དོན་ཅི། རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་། རྗེ་མི་ལ་རས་པ་སོགས་ཀྱིས་ཆོས་ཞུ་བའི་དོན་དུ་ལུས་སྲོག་ལོངས་སྤྱོད་ཡོད་རྒུ་ཕུལ་བ་མ་རེད་དམ། སྲིད་ཕྱོགས་ནས་བཤད་ན། ཚོགས་གཙོས་ཁྱོས་སྒོར་མོ་མ་སྤྲད་ན་ངས་ཁྱོད་ཚོ་གཅིག་ཀྱང་མི་གཏོང་ཟེར་བའི་སྐད་ཆ་ལ་བལྟས་ན་ཁོ་ཚོར་ཚོང་གི་གོ་སྐབས་ཡག་པོ་ཞིག་རེག་ཡོད་པ་མི་ཤོར་བའི་ཆེད་དུ་རེད། དངོས་གནས་བཤད་ན་བོད་རིགས་ཤིག་ཡིན་ཕྱིན་ཕྱོགས་གཉིས་ཀའི་ཞབས་འདྲེན་རེད།
ནུབ་ཕྱོགས་པའི་གནས་སྟངས་དང་འགྲོ་སྟངས་ཡག་པོ་ཞིག་ཤེས་ནས་བསམ་འཆར་སྟོན་ན་ལེགས་དེ་མིན་བླ་ཚོང་དང་ཆོས་ཚོང་ཟེར་བའི་སྐད་ཆ་དེ་ཚོ་གང་བྱུང་དུ་མ་གསུངས་ན་ལེགས་སོ།།
སྒོར་མོ་བཅུ་བློས་བཅད་ནས་༧གོང་ས་མཆོག་གི་མཇལ་ཞུར་བཅར་མ་ཐུབ་ན་ཁྱེད་རང་དཔལ་འབྱོར་ཆེད་ཕྱི་རྒྱལ་ལུང་པར་ཉིན་མཚན་རྟག་ཏུ་ལས་དོན་གཉེར་བ་སྙིང་རྗེའི་ཡུལ་ལས་མ་འདས་སོ།།
ཚོགས་གཙོ་དེས་ཚོགས་ཁང་གི་གླ་རིན་མི་དགོས་བཞིན་དུ་ཚོགས་ཁང་གླ་རིན་བསྡུ་རྒྱུ་ཡིན་ཞེས་བརྗོད་པ་དེ་དངོས་དོན་ཡིན་ཚེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལ་ཐག་གཅོད་ནན་མོ་ཞིག་ངེས་པར་དུ་བྱེད་དགོས་སྙམ། གཅིག་ནས་རྫུན་བཤད་པ་དང་། གཉིས་ནས་དངུལ་བསྡུས་པ་རྣམས་གང་དུ་འགྲོ་མིན་མི་ཤེས་པས་སོ།།
རེ་བ་གི་བཤད་པ་ནང་བཞིན་སྒོར་བཅུ་མ་ཚད་རྒྱ་སྤྲད་ན་སྤྲོད་མི་ཐུབ་པ་ག་ལ་ཡིན་། ཡིན་ན་འང་། ཚོགས་གཙོ་དང་དངུལ་ལེན་པའི་བུ་མོ་དེ་གཉིས་ལ་རྟག་སྤྱད་ཞིབ་འཇུག་ནན་པོ་བྱེད་ནས་ཕྱི་གསལ་ནང་གསལ་གལ་ཆེན་པོ་རེད་། ༧གོང་ས་མཆོག་ས་ཕྱོགས་གང་ཕེབས་ན་བོད་མི་ཁ་ཤས་ཞིག་གི་བྱེད་སྟང་ཅུང་མི་བདེ་བ་ཐོང་གི་འདུག་། ལས་བྱེད་པ་དེ་ཚོ་ཡང་སློབ་སྦྱོང་གི་མི་མདང་བའི་ཟོ་འདྲ་འདུག་།
ང་ལ་བསམ་ཚུལ་གཅིག་ཡོད་་གནས་ཚུལ་འདི་རིགས་བདེན་པ་ཡིན་ན་དབྱིན་ཡིག་ཀི་དྲ་ཚིགས་སོགས་སྤེལ་རོགས་གནང་མ་རྟོགས་བོད་ཡིག་དང་བོད་སྐད་མི་ཤེས་ཁུལ་བྱེད་མཁན་དག་ནས་གྲ་བ་རེ་ཟུང་དང་གྲ་ལོགས་གཞན་བོད་ཡིག་མི་དབྱིན་ཇི་མི་ཤེས་མཁན་སོགས་ནས་དབྱིན་ཇི་ཤེས་མཁན་དང་མི་འཇོན་པོ་དག་ལ་མ་དགའ་བ་ཡིན་ཚུལ་གྱི་སྐད་བཤད་བཞིན་འདུག་་་་་དོན་ངོ་དེ་འདྲ་ཡིན་རྒྱུ་མ་རེད་མོད་་་་་་ངོ་མ་ཐབས་སྐྱོ་བོ་རེད་ཡ་མགོ་བསྐོར་བཏང་ན་་དེང་སང་བླ་མ་དང་གྲ་བ་རེ་ཟུང་ནས་ང་ནི་་་གོང་ས་མཆོག་དང་ཐུགས་འདྲེས་བོ་ཡོད་ཚུལ་དང་ཁྱེད་ཚོ་ལ་དཀའ་ལར་ག་རེས་ཡོད་ན་བཤད་ཆོག་ཆོག་ཡིན་ཚུལ་དང་་དེ་མིན་བྱ་བ་འདྲ་མིན་གྱི་སྟེང་ནས་གོང་ས་མཆོག་ཚོང་རྫེས་བྱེད་བཞིན་པ་ནི་ངོ་མ་ཐབས་སྐྱོ་ཡ་རེད་ཡ་་་་་་ངོ་མ་ཕྱ་རྒྱལ་ན་བླ་གྲ་རེ་ཟུང་དང་ཚོང་པ་འགའ་ཞིག་གིས་བོད་མི་རིགས་ཀྱི་འདས་མ་ད་གསུམ་ཚོང་རྫེས་བྱེད་བཞིན་པ་ནི་ད་དུང་འཇོན་ཐང་ལ་བརྩི་བཞིན་འདུག་ཡ་་་་་ཨ་ཁཁཁཁ
ཆད་སྐྱོན་་་་དྲ་ཚིགས་སོགས་སུ་་་་་སྐད་ཆ་་་་་་དོན་ངོ་མ་་་་་སྐྱོ་བོ་་་་ཕྱི་རྒྱལ་ན་་་་་འདི་རྣམས་ཆད་སྐྱོན་པའི་དགོངས་འཇགས་ཞུ་་་་གང་ཡིན་ཟེར་ན་སྐུད་ལམ་ཡག་པོ་མེད་པས་
་
བཙན་བྱོལ་བོད་མི་ཚོ་རིན་མེད་དང་དམིགས་བསལ་ཤ་སྟག་ལ་གོམས་ཡོད་སྟབས་དངུལ་སྤྲོད་རྒྱུར་དགའ་བོ་ཡོད་པ་མ་རེད། ཕྱི་རྒྱལ་ན་དངུལ་སྤྲོད་མི་དགོས་ས་གཅིག་་ཀྱང་ཡོད་མ་རེད། དུས་ཚོད་སྐར་མ་གཅིག་ཡིན་ན་དངུལ་རེད། ཆུ་ནང་ལ་འཐུང་དུས་རིན་པ་སྤྲོད་དགོས་པ་མ་ཟད། གཅིན་པ་ཕྱི་གཏོང་དུས་ཀྱང་དངུལ་སྤྲོད་དགོས་པ་རེད། བྱས་ཙང་དེ་འདྲའི་གྲ་སྒྲིག་གལ་ཆེན་ཞིག་ལ་འགྲོ་སོང་གཅིག་ཀྱང་མེད་སྲིད། དེའི་ཕྱིར་ཡུ་སྒོར་བཅུ་དཔེ་ཁེ་བོ་རེད་དྲན་གི། ཉམས་ཆུང་དཔེ་བྱས་བཞག་དྲན་གི་འདུག སྤྱིར་བོད་པའི་ལུགས་སྲོལ་ལ་མཇལ་ཁར་རིན་སྤྲོད་སྲོལ་མེད་པ་བདེན་ཡང་། འབུལ་བ་མེད་པར་མཇལ་ཁ་ཞུ་སྲོལ་ཡང་ཡོད་པ་མ་རེད། བོད་པའི་ལུགས་སྲོལ་ལ་མཇལ་མཁན་ཚོས་གང་འཛོམས་ཤིག་ཕུལ་གི་རེད་ལ། བླ་མ་ཚོས་གང་འཁྱོག་ཚད་ཅིག་ལེན་གི་རེད། དེ་ལས་ཕྱི་རྒྱལ་ལམ་སྲོལ་ལྟར་ཚད་གཞི་ཞིག་གཏན་ཁེལ་བྱས་ནས་འོས་འཚམ་ཞིག་སྤྱི་སྙོམས་ཀྱིས་བསྡུས་ན་འགྲིག་གི་རེད། བྱས་ཙང་དེ་ལས་སྐད་བརྒྱག་རིན་མཐོང་གི་མི་འདུག
ཨ་ལ་ལ་ལ། སྟག་སྨྱོན་ནམ་མདའ་ཚན་པ་མགོན་པོ་ཚེ་རིང་ལགས། མ་མཇལ་ཡུན་རིང་། དེང་སང་ག་རེ་བྱེད་ཀྱི་ཡོད། འ་རོགས་མྱི་ལྡང་། ད་བློ་སེང་སྲིད་སྐྱོང་རེད། ཟམ་གདོང་སྲིད་གཞུང་མ་རེད། ད་ཁྱོད་ཀྱིས་རང་བཙན་ལག་དེབ་བཟོས་ཨེ་ཡོད།
རྟག་ངུ་ཡིས་ཆོས་འཕགས་བསྟེན་པར་ལྟར། །
ལུས་སྲོག་ལོངས་སྤྱོད་ཀུན་གྱིས་གཡོ་མེད་པར། །
བཤེས་གཉེན་དམ་པར་ལེགས་པར་མཉེས་བྱས་ནས། །
མི་མཉེས་སྐད་ཅིག་ཙམ་ཡང་མ་བྱེད་ཤོག །
ཅེས་པ་ལྟར་ལགས་ན་སྒོར་ཁ་ཤས་ལ་རྩོད་པ་མ་བྱེད་རོགས་ཞུ།
ཆོས་ཟེར་བ་དེ་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བཏང་ནས་ཞུ་བ་ལས་ཡོང་གི་མ་རེད།
ཚོགས་ཁང་རིན་མེད་ཡིན་ན་མི་མང་ནས་དངུལ་ལེན་པ་ཡག་པོ་མ་རེད། མ་གཞི་ཁྱོད་ཚོ་ས་ཆ་དེར་བོད་མི་ཉུང་ཤས་ལས་མེད་པས། འགྲོ་ཝ་མོ་ལས་མཁས་པ་དང་། སྡོད་རི་བོང་ལས་གཙོག་པ་དགོས།
ཤེས་གསལ་ལྟར་ན་འཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོ་ཧོར་གཙང་ལེགས་བཤད་རེད་ཟེར་ག སྤྱིར་བཏང་ཁོའི་བོད་པའི་རིགས་གནས་གང་ཙམ་མཁྱེན་གྱི་ཡོད་པས་ཏོག་ཙམ་ཡག་པོ་མེད་འགྲོ་བསམ་སོང་། ཡིན་ཡང་། ད་རེའི་དངུལ་གྱི་སྐོར་རེད་འདུག་ག
ད་ཐེངས་ཀྱི་དངུལ་ལེན་མཁན་དེ་ཧོར་གཙང་ལེགས་བཤད་ཡིན་རྒྱུ་མ་རེད་པ་་་་་་དོན་ངོ་མ་སུ་ཡིན་གསར་པོ་འབྲི་དགོས་པ་ལས་ཚོགས་གཙོ་ལབ་ན་གང་ང་འགྲིག་་་སྤྱིར་བཏང་དོན་གཅོད་ལ་སྐད་ཆ་དྲིས་ཚུལ་བཤད་འདུག་མོད་ཁོ་ཚོ་ལ་ལྟ་རྒྱུ་དང་ཉན་རྒྱུ་གང་ཡང་མེད་ཡ་་་་སྐུ་མདུན་ཕེབས་སྐབས་མི་དམངས་དང་འདྲིས་པོ་ཡོད་ཚུལ་གྱི་རྣམ་པའི་སྟེང་ནས་ཡོང་མོད་དོན་དམ་པར་མི་སེར་དཀྱུས་མ་རྣམས་མིག་ལམ་ན་མེད་ཡ་་ཚོགས་ཁང་དེ་ཡང་བོད་རིགས་ཚོགས་པའི་བཀོད་བསྒྲིགས་བྱས་རེད་དམ་དོན་གཅོད་རེད་ཧཧཧཧ་ཕར་ཆེར་ཚོགས་པ་མིན་འགྲོ་་་་
དང་བླངས་ཚོགས་གཙོ་ཧོར་གཙང་ལེགས་བཤད་ཀྱིས་འཛིན་བྱང་སྐོར་གསལ་བཤད་གནང་བའི་རེ་བ་ཡོད། སྔོན་མ་ཧོ་ལན་ཊི་ལ་ངེད་ཚང་སྦེལ་རྗམ་བ་སྤྱི་སྤྱོད་རླངས་འཁོར་གསུམ་བཞི་ཞིག་ཆས་བ་ཡིན་ལ་མཇལ་བཅར་སྐབས་འཛིན་བྱང་དགོས་ཀྱི་མི་འདུག་ལ། གསུང་ཆོས་ར་བ་ལའང་རིན་མེད་དུ་ཁྲིད་སོང་། ཧྥ་རན་སི་ལའང་ཐེངས་གཅིག་ཆས་བ་ཡིན་ལ་གསུང་ཆོས་ལ་འཛིན་བྱང་དགོས་ཀྱི་འདུག ཡིན་ནའང་བོད་རིགས་ཚོ་དམིགས་བསལ་བཀའ་སློབ་གནང་སྐབས་འཛིན་བྱང་དགོས་ཀྱི་མི་འདུག སྦེལ་རྗམ་ལ་ཆིབས་བསྒྱུར་སྐབས་སུ་འདི་གའི་བོད་རིགས་ཚོགས་པའི་ཚོགས་ཁང་ཞིག་གླས་བ་ཡོ་སྒོར་སྟོང་ཕྲག་འགའ་ཡིན་པ་གླགས་མ་ཁེལ་ནས་འབྱོར་ལྡན་ཅན་འགའི་ཞལ་འདེབས་གནང་བ་དྲན་གསོས་ཀྱི་འདུག གང་ལྟར་བོད་རིགས་ཚོ་དམིགས་བསལ་མཇལ་བཅར་སྐབས་འཛིན་བྱང་དགོས་བ་ད་རེས་ཐེངས་དང་པོ་ཡིན་པས་རིམ་གྱིས་ནད་ཡམས་བཞིན་བོད་རིགས་ཚོགས་པ་གཞན་ལའང་འགོས་སྲིད་སྙམ།
ཚོགས་ཁང་རིན་མེད་ཟེར་བ་དེ་བདེན་པ་རེད། སྐབས་དེར་ང་ཡང་ཡོད། འོན་ཀྱང་རྗེས་ནས་ཚོགས་ཁང་རིན་མེད་ཡིན་པ་ཡོངས་གྲགས་ཆགས་རྗེས་ཚོགས་གཙོས་སྐྱར་དུ་དངུལ་གྱིས་བོད་པ་ག་གེ་མོ་ཞིག་ལ་རོགས་པ་བྱེད་ཀི་ཡིན་ཟེར། དེར་ཡིད་ཆེ་མ་སོང་། རྒྱུ་མཚན་ལོ་འདི་དག་ལ་རྩིས་ཁྲའི་སྟེང་རྙོག་དྲ་མང་པོ་བྱུང་དེ་ད་དུང་དངུལ་ཁ་མ་འདུས་བར་ཚོགས་གཙོ་བརྗེས་སྤོར་བྱེད་ཐུབ་ཡོད་པ་མ་རེད། མཇལ་ཁ་ཞུ་མཁན་ཚོར་ཚོགས་ཁང་ལ་རིན་པ་དགོས་ན་སྒོར་བརྒྱ་ཡིན་ཡང་སྤྲོད་ཀི་ཡིན།
འོན་ཀྱང་བོད་རིགས་ཚོགས་པས་གོ་སྐབས་འདི་བཟུང་ཏེ་དངུལ་འཚོལ་ཐབས་བྱས་བ་ཡག་པོ་མ་རེད་ཅེས་སྐད་རྒྱབ་པ་རེད།
སྒོར་བཅུ་བསྡུས་པར་ཧང་སང་རྒྱུ་གང་ཡང་མི་འདུག་ན་ཡང་། དངུལ་བསྡུ་དོན་ཁ་གསལ་མེད་པ་དེ་ནི་ཡ་མཚན་རེད། དེ་ངེས་པར་ཞིབ་འཇུག་བྱེད་དགོས་པ་རེད།
སྤྱི་དངུལ་སྒེར་ཟོས་བྱེད་མཁན་དག་ནི་ཧ་ཅང་གི་མ་རབས་ཐ་ཤལ་ནང་གི་ཐ་ཤལ་རེད། འོན་ཀྱང་། འཇར་མན་བོད་རིགས་སྤྱིའི་དོན་དུ་ཡིན་ན་ཡོ་སྒོར་བཅུ་ཐམ་པའི་ཐོག་སྐད་ངན་དེ་ཙམ་རྒྱག་རིན་མི་འདུག
མ་གཞི། དངུལ་བསྡུས་རྗེས་བེད་སྤྱོད་གང་ལ་གཏོང་མིན་བལྟས་རྗེས་གཞི་ནས་བཟང་ངན་ག་རེ་ཤོད་ཡང་དྲང་པོ་ཆགས་གི་རེད།
གད་སྲིད་ཚོགས་ཁང་ལ་རན་སྤྲོད་མི་དགོས་ན། ས་ཐག་རིང་པོ་ནས་ཧྥི་རིན་སི་དང་ཕྱི་ལོག་ནས་ཡོངས་བ་རྣམས་ལ་སྒོར་དེ་ཕྱིར་སློག་ན་འགྲིག་གི་འདུག།
དངས་བླངས་ཚོགས་གཙོས་སྔར་ཡོད་པའི་དངུལ་དག་ཀྱང་རྩིས་མ་འཕྲོད་པར་བསྡད་ཡོད་པ་རེད། ཉེས་འཆར་ནས་སྤྱི་ཚོགས་ནང་གླེང་སློང་མང་པོ་བྱུང་ཏེ་ལོ་འཁོར་ཚོགས་ཆེན་འཚོགས་རྗེས་ཚོགས་གཙོ་བརྗེས་སྤོར་བྱེད་རྒྱུ་བྱས་འདུག་ཀྱང་། དངུལ་རྩིས་མ་འཕྲོད་པར་ཚོགས་འདུ་ཕྱིར་འགྱངས་བྱས་བ་རེད། མཇལ་ཁའི་འཛིན་བྱང་རྒྱ་གར་གྲོང་གསེབ་གྱི་གློག་བརྙན་ཁང་དག་གི་འཛིན་བྱང་ལས་ཀྱང་སྐྱོ་བ་འདུག དེར་སྒོར་མོ་བཅུ་རེ་མི་འགྲོ་བ་སུས་ཀྱང་ཤེས་ངེས། དེར་བརྟེན་ཁ་གཡར་ས་དང་ཁག་དཀྲི་ས་བཞག་ནས་ཁོས་དངུལ་བསྡུས་བ་མི་མང་པོ་ཞིག་གི་བློ་ལ་མ་བབས་པ་འདྲ།
སྤྱི་ཚོགས་ནང་ཁོས་ད་ལྟ་བར་དྲ་ཐོག་ནས་མིང་རྫུན་བཀོད་ཏེ་༧གོང་ས་མཆོག་ལ་ཁ་བཏངས་བསྡོད་མཁན་ཞིག་གིས་༧གོང་ས་མཆོག་གིས་མཇལ་ཁ་གནང་བར་ཁོ་ལ་དངུལ་བསྡུ་རྒྱུའི་ཐོབ་ཐང་མི་འདུག་ཟེར་མཁན་ཡོད་པ་འདྲ།
ད་མགོ་མི་ཚོས་ཀི
འཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོ་ལགས་སུ་ཞུ་རྒྱུར་ཁ་སྔོན༧གོང་ས་མཆོག་མཇལ་བཅར་སྐབས་དེ་གའི་བོད་མི་རྣམས་ནས་བསྡུས་པའི་སྒོར་མོ་རྣམས་ལས་དོན་གང་འདྲ་ཞིག་གི་ཆེད་གཏང་འཆར་ཡོད་་་ཁྱེད་རང་ནས་གསལ་པོ་གསུངས་གནང་ཡོད་པ་ཞུ་་་་གལ་སྲིད་གསལ་པོ་བཤད་རྒྱུ་མེད་ན་སྤྱི་དངུལ་སྒེར་ཟོས་བྱེད་མཁན་ཡིན་པར་གོང་དུ་དྲ་གྲོགས་མང་པོས་སྐྱོན་བརྗོད་བྱས་པ་ལ་མངོན་པར་བསྟོད་དོ།།
རྒྱལ་ཁབ་གཞན་ནས་ཡོངས་བའི་འཇལ་བ་རྣམས་ལ་ཡོ་སྒོར་བཅུ་རེ་དེ་ཕྱིར་སློག་དགོས།
མི་ཁ་ཤས་ཀྱིས་༧་གོང་ས་མཆོག་གི་མཇལ་ཁར་སྒོར་བཅུ་ཙམ་སྟེར་མ་ཐུབ་ན་ཉིན་མཚན་དབྱེར་མེད་གླ་ཡོག་ཏུ་རྒྱུག་བཞིན་པ་སྙིང་པོ་གང་ཡང་མེད་པའི་སྐྱོན་བཤད་འདྲ་བྱས་འདུག་ཀྱང་། དེ་ནི་སྒོར་མོ་བཅུ་ཙམ་སྟེར་ཐུབ་མ་ཐུབ་ཀྱི་གནད་དོན་གང་ཡང་མིན་པས་སྒེར་ཟ་བྱ་འདོད་ཀྱི་རྣམ་འགྱུར་ལྷང་ལ་བུད་དུས་སུ་ཡིན་ཡང་ལྐུག་པ་ཞིག་ཡིན་ན་ལས་སྟེར་མི་འདོད་པ་ནི་ཀུན་གསལ་རེད། གང་ལྟར་ད་དུང་གྲོགས་པོས་བཤད་པ་ལྟར་ན་གནད་དོན་འདི་ཅུང་ཆུང་ཙག་ཅིག་ཡིན་པ་རེད། ཡུལ་ཤུལ་ས་ཡོམ་རྗེས་སུ་ས་ཆར་གང་སར་ཞལ་འདེབས་བསྡུ་སློང་གི་ལས་འགུལ་འདྲ་ཞིག་སྤེལ་ཡོང་དུས་འཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོས་ཀྱང་ས་གནས་སོ་སོར་ཁ་པར་ལམ་ནས་ཞལ་འདེབས་བསྡུ་སློང་བྱས་ཏེ་ཞལ་འདེབས་ཚང་མ་ཁོས་རང་ཉིད་ཀྱི་ཡུལ་ཤུལ་མི་དམངས་རང་ལ་མཁོ་སྤྲོད་བྱ་རྒྱུའི་གསལ་བཤད་བྱས་འདུག་ལ། ཕལ་ཆེར་སྐབས་དེ་ཤེད་ཅིག་ལ་ཚོགས་གཙོ་ཁོང་ཕ་ཡུལ་ལ་བསྐྱོད་ཆོག་པའི་ཡིག་ཆའང་རག་འདུག་ཟེར། ཁོང་གིས་ད་དུང་ཕྱིར་འཁོར་མཚམས་བོད་རིགས་ཚོགས་པའི་ཚོགས་ཐོག་ཏུ་ཞལ་འདེབས་འབྱོར་ཡིག་དང་ཁོ་རང་ཡུལ་ཤུལ་དུ་བསྐྱོད་པའི་པར་སོགས་སྟོན་རྒྱུའི་སྐད་ཆའང་འདུག ཡིན་ཡང་། ཁོ་རང་ཕྱིར་སླེབས་རྗེས་ཚོགས་ཐོག་ཏུ་འབྱོར་ཡིག་སྟོན་རྒྱུ་མི་འདུག་ལ་ཞལ་འདེབས་སྐོར་གྱི་གནས་ཚུལ་ཡང་གླེང་སློང་བྱས་མ་སོང་ཟེར། ངའི་གྲོགས་པོས་ཀྱང་ཡོ་སྒོར་བརྒྱ་ཞལ་འདེབས་ཕུལ་བ་ཡིན་གསུངས་སོང་། འཇར་མན་དུ་ཁྱོན་བསྡོམས་བོད་པ་བཞི་བརྒྱ་ཟིན་ལ་ཉེ་བ་ཞིག་ཡོད་འདུག
ཡུ་སྒོར་བཅུ་ལ་སྡུག་སྐད་ཤོར་སྟངས་འདི་ཧ་ཅང་ཐབས་སྐྱོ་སེའེ་རེད་ད། མི་འདི་ཚོ་རིགས་དེ་ག་དུས་ཡིན་ན་ཡང་དམིགས་བསལ་ལ་གོམས་སོང་བས་ཡིན་རྒྱུ་རེད། ངས་བལྟས་ན་གནས་འདི་ན་སྒོར་རྡོག་མེད་པར་ལེན་རྒྱུ་ཞིག་ཅང་མི་འདུག།
ཡང་གཅིག་བཤད་ན་ཡུ་རོབ་ཁག་གི་བོད་རིགས་ཚོགས་པ་ཕལ་ཆེ་བ་ཚོགས་པའི་མ་དངུལ་དཀོན་པོ་ཡིན་པ་ཀྱང་རེད། འཇར་མན་བོད་རིགས་ཚོགས་པ་ཡང་མ་དངུལ་དཀོན་པོ་ཡིན་ངེས་པས་༧གོང་ས་མཆོག་གི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས་སྒོར་རྡོག་གཏོག་ཙམ་བཟོ་འདོད་པ་ཡིན་རྒྱུ་རེད། མ་གཞི་བོད་པ་ཁ་ཤས་ནམ་རྒྱུན་ས་གནས་ཚོགས་ཆུང་དང་ཡང་ན་ས་གནས་བོད་རིགས་ཚོགས་པའི་ཁོངས་སུ་་མི་འདུག་ལ་ཚོགས་པའི་ལས་འགན་སོགས་རྩ་བ་ནས་མི་འཁུར་བ་མ་ཟད། ད་དུང་དང་བླངས་དཔྱ་དངུལ་མི་འབུལ་མཁན་ཡང་མི་ཉུང་བ་ཞིག་ཡོད་ཡོད་པ་རེད། དེ་ཚོའི་རིགས་དེ་གཞུང་ནས་ལེན་རྒྱུ་ཞིག་དང་༧གོང་ས་མཆོག་ཞལ་མཇལ་སོགས་ལ་གྲལ་མགོར་ཚང་ཁ་རྒྱག་ཀྱང་རེད། ས་གནས་བོད་རིགས་ཚོགས་ཁོངས་དང་བོད་རིགས་ཚོགས་པར་ཤ་ཞེན་འདྲ་གཏོག་ཙམ་ཡོད་ན་ཡུ་སྒོར་བཅུ་ལ་སྐད་ཅོར་ལུང་པ་གང་རྒྱགས་དགོས་དོན་མི་འདུག། དཔེར་ན་མཚན་ཚོགས་ལ་གཅིག་སོང་དང་ཡུ་སྒོར་བཅོ་ལྔ་ཉི་ཤུ་ནི་འཛིན་སྦྱང་ཁོ་རང་ལ་བདག་འགྲོ་གི་རེད་ལ་ད་དུང་དེའི་ནང་ཟ་རྒྱུ་འཐུང་རྒྱུ་ནི་རིན་གོང་མཐོ་པོ་རེད་ལ་དེ་ཚོར་ཕངས་སེམས་སྤུ་ཙམ་མེད་པར་ཡུ་སྒོར་བརྒྱ་ཉི་བརྒྱ་ནི་ཤག་ཤག་གཏོང་གི་མི་འདུག་གས། དེ་ཚོར་བསམས་ན་ཞལ་མཇལ་གྱི་སྐལ་བཟང་དེ་ལྟ་བུར་ཡུ་སྒོར་བཅུ་ལ་ཕངས་སེམས་སྐྱེས་དགོས་དོན་ཅང་མི་འདུག། འོན་ཀྱང་ཚོགས་དངུལ་དེ་ཏག་ཏག་སྤྱི་པར་སླེབས་ཡོད་མེད་དེ་བོདརིགས་ཚོགས་པའི་ཁོངས་སུ་ཡོད་མཁན་ཁོ་རང་ཚོས་རྟགས་དཔྱད་ནན་མོ་བྱེད་རྒྱུ་གལ་ཆེན་རེད།
ངོ་མ་སྐད་ཆ་དྲང་མོ་བཤད་ན་ཚོགས་གཙོ་ནས་དངུལ་སྒེར་གཅོད་བྱེད་ཀྱིན་པ་རེད་པེ་་་མི་དམངས་ཀྱིས་མིག་མཐོང་ས་ནས་དེ་འདྲ་བྱེད་ཐུབ་བམ་ཚོགས་པ་དེ་ལ་ཚོགས་གཙོ་གཅིག་པོ་ལས་གཞན་ཚོགས་མི་དེ་འདྲ་གང་ཡང་ཡོད་རྒྱུ་མ་རེད་པ་་སྐད་ཆ་ག་རེས་ཡིན་ན་གསར་པོ་དང་དྲང་མོ་བཤད་རྒྱུ་གལ་ཆེ་་་་སྤྱིར་ན་བོད་མི་ཕྱི་རྒྱལ་ལ་འགྲོ་མཁན་སོགས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྒོ་ནས་དངུལ་འབོལ་ཆེན་མགོ་བསྐོར་གཏོང་ཀི་ཡོད་པ་ཤེས་བཞིན་དུ་སྤྲོད་བཞིན་ཡོད་པ་ལ་བལྟས་ན་ལོ་གཉིས་གསུམ་རེ་ཡིས་ནང་དུ་་་གོང་ས་མཆོག་ལ་མཇལ་ཁ་གཅིག་རག་པ་དེ་ལ་སྒོར་བཅུ་ཙམ་ཡང་སྤྲོད་མི་ཐུབ་པ་འདི་ངོ་མ་ཡ་མཚན་རེད་ཡ་་་སྒེར་གྱི་ན་ཚ་དེ་འདྲ་ཡོད་ན་སྒེར་སོ་སོའི་ཐག་གཅོད་བྱེད་རྒྱུ་ལས་མི་དམངས་དཔུས་སུ་ཁུར་ནས་བོད་མི་དམངས་དཀྲུགས་ཤིང་ཀི་རིགས་སུ་མི་གཏོང་པར་ཞུ་་་་ང་ཚོ་ནས་དུས་ནམ་ཡང་ནང་ཁུལ་ལ་སྐྱོན་བརྗོད་བྱེད་པ་ལས་དགྲ་བོ་ལ་ཅི་ཡང་བཤད་མི་ཕོད་པ་འདི་གང་ལ་ཐུག་ཡིན་ན་་་་
སེམས་ན་ན་ཚ་ཡོད་མཁན་ཚོ་ངོ་ནས་ཁེག་མེད། གང་ཡིན་ཟེར་ན་རྒྱ་གར་རྡོ་རྗེ་གདན་གྱི་གསུང་ཆོས་རིན་མེད་དེར་གོམས་དྲག་པས་རྐྱེན་རེད། དཔེར་ན། བོད་པ་ཚོའི་ཟ་མ་རིན་མེད་ཟ་རྒྱུ་མང་དྲག་ནས་རིན་ཡོད་ཟ་མ་ཟ་རྒྱུ་དེ་བས་མི་དགའ། དེ་དེ་བཞིན་རེད།
དྲ་གྲོགས་ཚོར་ཞུ་རྒྱུར། འཇར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་ནི་༢༠༠༧ལོར་དངས་བླངས་ཚོགས་གཙོ་གཞོན་པར་བསྡད་པ་ཞིག་ཡིན། ༢༠༠༩ནང་དུ་ཚོགས་གཙོ་གཞོན་གཉིས་མ་འཆམ་པས་དབང་གིས་ཚོགས་གཙོས་དགོངས་པ་ཞུས་པ་རེད་། དེ་རྗེས་ད་ལྟའི་ཚོགས་གཙོར་གོ་ས་རང་ཤུགས་ཀྱི་རེག་པ་རེད་། ཁ་རྩོད་རྒྱག་མཁན་གྱི་མི་དེ་ཚོགས་མི་ཡིན་མིན་གསལ་བོ་མ་ངེས་མོད་། ད་ལྟའི་ཆར་འཇར་མན་ན་བོད་རིགས་དྲུག་བརྒྱ་བདུན་བརྒྱ་ལྷག་ཡོད ། འཇར་འཁོད་བོད་རིགས་ཚོགས་པར་ཚོགས་དངུལ་སྤྲོད་མཁན་མི་བཞི་བཅུ་ལྷག་ལས་མེད ། ཚོགས་གཙོ་དང་རྒྱུན་ལས་འཕོ་འགྱུར་གྱི་དབང་ཚད་ནི་འགན་འཛིན་ལྷན་ཚོགས་ཞེས་རྒན་རྒོན་ཁ་ཤས་ཤིག་གི་ཐག་གཅོད་བྱེད་ཀྱི་ཡོད ། ང་རང་གི་ངོས་ཀྱང་ཚོགས་དངུལ་སྤྲོད་ཀྱི་མེད་། འོན་ཀྱང་དྭངས་བླངས་དཔྱད་ཁྲལ་ལོ་རེ་བཞིན་ཆད་མྱོང་།
ད་རེས་མཇལ་ཁར་བཅར་མཁན་ཐག་རིང་ཐུང་གང་ས་ནས་ཡོད་། སྒོར་བཅུ་སྤྲོད་ཐུབ་མི་ཐུབ་ཀྱི་སྐད་ཆ་ཤིག་མ་རེད་། འདི་ནི་བོད་མིའི་བཟང་སྤྱོད་དང་འགལ་བའི་གནད་དོན་ཞིག་རེད་། ངས་དཔེ་མཚོན་ཆུང་ཆུང་ཞིག་ཞུ ། ༧གོང་ས་མཆོག་ས་གནས་འདིར་ཆིབས་བསྒྱུར་ཉིན་གསུམ་རིང་བསྐྱང་བ་རེད ། འདིའི་རིང་འཇར་འཁོད་བོད་རིགས་ཚོགས་གཙོ་ཟེར་བ་དང་འགན་འཛིན་ལྷན་ཚོགས་སོགས་མི་གཅིག་གི་གྲིབ་མའང་མཐོང་རྒྱུ་མི་འདུག ། དངོས་གནས་ཡིན་ན་ཁོ་ཚོ་སྔ་ས་ནས་ས་གནས་འདིར་བཅར་ནས་ཕེབས་བསུ་དང་ས་གནས་མང་ཚོགས་ལ་ལས་ཀ་བཀོད་བསྒྲིག་བྱེད་དགོས ། ཉིན་འདི་འགའི་རིང་ང་ཚོའི་ཚོགས་ཆུང་གི་ངོས་ནས་མི་རྣམས་ཁག་བགོས་བྱས་ཏེ་ཕེབས་བསུ་དང་མཛད་འཕྲིན་སྐྱོང་ཡུལ་གྱི་ས་གནས་ཁག་ཏུ་ལས་ཀ་ཅི་ཐུབ་གང་ཐུབ་བྱས་པ་ཡིན ། ཕྱོགས་གང་ས་ནས་ཕེབས་པའི་འཇལ་བཅར་རྣམས་ལ་སྡོད་གནས་དང་ཞལ་ལག་སོགས་བཀོད་བསྒྲིག་བྱས་པ་ཡིན ། ཚེས་༢༤་ཉིན་གྱི་ཞོགས་པར་བཀའ་སློབ་གནང་ཡུལ་གྱི་ཚོགས་ཁང་སྒཽ་འགྲམ་དུ་བོད་རིགས་ཚོགས་གཙོ་དང་རྒྱུན་ལས་མ་ཡིན་པའི་ཁོ་རང་གི་རོགས་པ་ཁ་ཤས་སྔ་བོ་ནས་འབྱོར་འདུག ། སྐྱེས་དམན་ཞིག་དང་ཕོ་གསར་གཉིས་ཀྱིས་དངུལ་བསྡུ་བཞིན་འདུག ། ཚོགས་གཙོ་ཁོ་རང་གིས་ཚོགས་ཁང་སྒོ་བཀག་ཏེ་བསྡད་འདུག ། དང་པོར་ཚོགས་ཁང་གི་གླ་ཡིན་ཚུལ་དང་རྗེས་ནས་ཞལ་འདེབས་རེད་ཟེར། མི་གཅིག་གིས་ཚོགས་གཙོར་སྐད་ཆ་དྲིས་བ་ངའི་ཐོས་བྱུང་། ཚོགས་གཙོས་ཞལ་འདེབས་རེད་ཟེར ། མི་དེས་ཞལ་འདེབས་ཡིན་ན་ག་ཚོད་སྤྲད་ན་འདོད་པ་རེད་བ་ཟེར ། ཚོགས་གཙོས་བཤད་རྒྱུར་དང་པོ་སྒོར་བཅུ་སྤྲད་ནས་དེའི་སྒང་ལ་ག་ཚོད་སྤྲོད་ན་འདོད་པ་རེད༎ མི་དེས་བཤད་རྒྱུར་འདི་འདྲའི་ཞལ་འདེབས་བསྡུ་སྟངས་ཞིག་གང་ནས་དར་བ་རེད་ཟེར ། འགྲམ་གྱི་མི་མང་པོ་གད་མོ་དགོད་ཀྱི་འདུག ། གལ་སྲིད་ཁྱོད་རང་ཚོ་ཉིན་འདིར་ས་གནས་འདིར་ཡོད་ན་སྒོར་བཅུ་བློས་ཐོང་མི་ཐོང་གི་གནད་དོན་ཞིག་མིན་པར་སེམས་སུ་རང་བཞིན་གྱི་མ་བདེ་ཞིག་དང་ངོ་ཚ་ཞིག་སླེབས་འོང་།