རྒྱང་མིག
ལོ་གསར་རྙིང་གཉིས་ཀྱི་བར་མཚམས
སྨག་གནག་པའི་མཚན་མོའི་དཀྱིལ་དབུས
དེ་རིང་སང་ཉིན་གཉིས་ཀྱི་དབྱེ་མཚམས
ཏག་ཏག་དུས་ཚོད་དེར
འཇིག་རྟེན་གྱི་སྣང་སྐྱིད་ཅན་ཚོ
བྲེལ་བྲེལ་འཚུབ་འཚུབ་ངང
མཚན་ཚོགས་སྤྲོ་སྐྱིད་ཁང་དུ་འདུར་རྒྱུག་རྒོད
ཐ་མག་གི་དུ་རླངས་རླུང་ལ་བསྐུར་བཞིན
ཆང་རག་གི་དྲི་མ་ལུས་པོར་སྣམ་བཞིན
མེ་སྟག་མཆེད་བཞིན་པ་ལྟར་གྱི་ཚོགས་རའི་ནང་
ཁ་མདོག་སྣ་ཚོགས་ཀྱི་འོད་སྣང་ངོགས་སུ
སྒྲ་མཐོའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན
དེང་རབས་ཀྱི་ཞབས་བྲོ་ངེས་མེད་དག་རྒྱག
ཆ་ལུགས་དང་ཐོབ་ཐང་མི་འདྲ་བའི་དབང་གིས
ནུབ་ཕྱོགས་ས་ཁུལ་འདིར
ཕོ་ལས བུད་མེད་ར་བཟི་བ་མང་ཞིང་
ཕོ་ལས བུད་མེད་ཚོའི་ཁ་དབང་དཔུང་ཤུགས་མཐོ
ཆང་རག་གི་ཧུབ་ཁ་འདྲེན་ས་ན
གསལ་ལ་མི་གསལ་བའི་འཁུན་སྒྲ་དང་སུད་སྒྲ་རྒོད
བཟི་ཁ་དང་ཆགས་སེམས་འདྲེས་ཞོར
དགའ་སྣང་དང་རེ་སྨོན་འདྲེས་ཞོར
འཇིགས་དང་བག་ཚའི་བཅོས་རྟོག་ལས་གྲོལ
ཅི་ཡང་མཐོང་དུ་ཡོད་ཅིང ཅི་ཡང་མྱོང་རྒྱུ་ཡོད
དུས་ཚོད་དེར བཟི་ཁ་ཡང་མཁོ
ལོ་གསར་རྙིང་གཉིས་ཀྱི་བར་མཚམས་སུ། །
སྨག་གནག་པའི་སྐར་ཚོགས་མཚན་དཀྱིལ་ལ། །
དུས་དེ་རིང་སང་ཉིན་དབྱེ་མཚམས་སུ། །
དུས་དེ་ལ་སྤྱི་ལོའི་ལོ་གསར་ཚེས། །
2014 ཧེབ་པི། ནིའུ། ཨེར།