གསང་བའི་ལམ་ནས་བཟོ་སྐྲུན་བྱས་པའི་བོད་མིའི་སེམས་ཀྱི་ཚོར་བ་ངོ་མ་མཚོན་པའི་གློག་བརྙན་ཞིག
བོད་མི་ཚོས་བོད་དང་རྒྱ་ནག་ཨོལིམཔིཀ་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་བྱེད་པ།
ཕྱི་ལོ་༢༠༠༨ ཟླ་༨ ཚེས་༦ ཉིན་གྱི་ཉིན་གུང་ཚོུད་༡༢ ཐོག་པེ་ཅིན་དུ་གསར་འགོད་གསལ་བསྒྲགས་དང་གློག་བརྙན་སྤྱན་བསྟར་ཞུ་རྒྱུ།
ཕྱི་ལོ་༢༠༠༨ ཟླ་༨ ཚེས་༦ ཉིན་གྱི་གསར་འགོད་གསལ་བསྒྲགས།
༄༅།། །ད་རིང་ཐེངས་ཉེར་དགུའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་སའི་གྲོང་ཁྱེར་པེ་ཅིན་གྱི་ནང་དུ་བོད་ནང་གསང་བའི་སྒོ་ནས་བཟོ་སྐྲུན་དང་སྦྲགས་ཕྱི་ཟླ་གསུམ་པའི་གྱེན་ལངས་མ་བྱུང་བའི་ཉིན་ཤས་སྔོན་དུ་སྦས་གསང་གིས་ཕྱིར་གཏོང་ཐུབ་པ་བྱུང་བའི་དེ་སྔ་བྱུང་མ་མྱོང་བའི་གློག་བརྙན་ཞིག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་འགྲེམས་སྤེལ་སྤྱན་བསྟར་ཞུ་རྒྱུ་རེད། དུས་ཡུན་སྐར་མ་༢༥ ཅན་གྱི་དངོས་བྱུང་གློག་བརྙན་༼འཇིགས་བྲལ་༽ ཞེས་པ་འདི་སྙིང་སྟོབས་ཅན་གྱི་བོད་རིགས་གློག་བརྙན་བཟོ་མཁན་རུ་ཁག་ཅིག་གིས་བཟོ་སྐྲུན་གནང་ཡོད། གློག་བརྙན་འདིས་ཨོ་ལིམ་པིཀ་རྩེད་མོའི་མཚོན་རྟགས་དང་། སྐབས་དོན་གྱི་འབྲེལ་བ། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་རང་ཡུལ་དུ་ཕྱིར་ཕེབས། བོད་ནང་རྒྱ་ནག་གི་དབང་སྒྱུར་བཅས་ཀྱི་སྐོར་ལ་བོད་ནང་གི་བོད་མིའི་སེམས་ཚོར་ངོ་མ་ཇི་བཞིན་མཚོན་ཐུབ་པ་བྱས་ཡོད།་
བོད་ཤར་ཕྱོགས་ནས་ཡིན་པ། རང་ཉིད་ཀྱིས་རང་ལ་བསླབ་པའི་གློག་བརྙན་བཟོ་སྐྲུན་པ། ཞིང་པ་དོན་གྲུབ་དབང་ཆེན་དང་། ཁོ་པའི་གྲོགས་པོ་བཙུན་པ་འགོ་ལོག་འཇིགས་མེད་གཉིས་ལས་གྲུབ་པའི་རུ་ཁག་ཅིག་ནས་བོད་ནང་དུ་རྒྱ་ནག་གི་དབང་སྒྱུར་དང་། པེ་ཅིན་ཨོ་ལིམ་པིཀ་རྩེད་འགྲན། ༸གོང་ས་ཏཱ་ལའི་བླ་མ་རིན་པོ་ཆེ་བཅས་དོན་ཚན་གསུམ་གྱི་སྐོར་ལ་བོད་མི་དཀྱུས་མ་ཚོར་གསང་བའི་སྒོ་ནས་བཅར་འདྲི་ཞུས་ཏེ་དུས་ཡུན་ཚོུད་༣༥ ལས་མང་བའི་བརྙན་པར་བླངས་ཡོད།
གློག་བརྙན་བཟོ་སྐྲུན་པ་ཁོང་གཉིས་ཀྱིས་རང་ཉིད་ལ་ཉམས་མྱོང་དེ་ཙམ་མེད་པ་མ་ཟད། མ་གནས་ཨ་སྒོར་༣༠༠ ཅན་གྱི་བརྙན་འཕྲིན་པར་ཆས་ཤིག་འཁྱེར་ཏེ་བོད་མཐོ་སྒང་གི་ས་གནས་ཡོངས་དང་། བོད་ཤར་ཕྱོགས་ཀྱི་ས་ཆ་ཁུག་སྐྱོག་ཡོད་ཚད་དུ་མོཊར་ས྄ྭཡིཀལ་ལམ། སྦག་སྦག་བཞོན་ཏེ་འགྲུལ་སྐྱོད་བྱས། ཐོག་མ་ནས་ཁོང་ཚོའི་དམིགས་ཡུལ་ནི་བོད་མིའི་མགྲིན་དབྱངས་དེ་པེ་ཅིན་རྩེད་འགྲན་ཐོག་སླེབས་ཐུབ་པ་བྱ་རྒྱུ་དེ་ཡིན། དཔེར་ན། གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱིས་ཁོ་པའི་གློག་བརྟན་གྱི་ནང་དུ་ “བོད་མི་ཚོ་པེ་ཅིན་དུ་ཕྱིན་ཏེ་དེར་སྐད་འབོད་བྱེད་རྒྱུ་ཞེ་དྲགས་ཁག་པོ་རེད།་ དེར་བརྟེན་ང་ཚོས་གློག་བརྙན་འདི་བརྒྱུད་དེ་བོད་ནང་གི་བོད་མིའི་སེམས་ཚོར་ངོ་མ་དེ་སྟོན་རྒྱུར་ཐག་གཅོད་བྱས་པ་ཡིན།” ཞེས་བརྗོད་ཡོད།
ཕྱི་ལོ་༢༠༠༧ གྱི་ཟླ་བ་བཅུ་པ་ནས་༢༠༠༨ ཀྱི་ཟླ་བ་གསུམ་པ་བར་བཅར་འདྲི་ཐེངས་བརྒྱ་ལས་མང་བ་ཞིག་བྱས་ཏེ་བརྙན་པར་དུ་བཅུག་ཡོད། བོད་མི་རྒན་གཞོན་དང་མཐོ་དམན་དབྱེ་བ་མེད་པར་དཔེར་ན། ཞིང་པ་དང་། འབྲོག་པ། འཚོང་པ། སློབ་ཕྲུག དགེ་འདུན་པ་བཅས་བོད་མི་འཚོ་བ་བཟང་ཞན་ཚང་མའི་སྙིང་ལ་བརྣག་པའི་སེམས་ཚོར་སྒྲ་འཇུག་བྱས་ཡོད། ཁོང་ཚོའི་གོ་སླ་ལ་དོན་གསལ་བའི་ལན་འདེབས་ཀྱི་བདེན་རྟགས་ནི་མནར་གཅོད་དང་མི་རིགས་དབྱེ་འབྱེད་ཀྱི་འོག་ཏུ་བོད་མི་ཚོས་མི་ཚེ་ཇི་ལྟར་སྐྱེལ་བཞིན་པ་དེ་ལས་རྟོགས་ཐུབ།
བཅར་འདྲི་དང་ལེན་པ་ཚོའི་བརྗོད་པ་ཟུར་འདོན་གཤམ་གསལ།།
” དངོས་གནས་བྱས་ན་ང་ཚོ་རྩེད་འགྲན་ལ་བརྟེན་ནས་དགའ་འོས་པ་ཞིག་རེད། འོན་ཀྱང་གནས་ཚུལ་མང་པོ་ཞིག་ལ་འགྲེལ་བརྗོད་ལོག་པར་བྱེད་ཀྱི་འདུག རྒྱ་ནག་དང་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་དུ་རྒྱ་ནག་ལ་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་གོ་སྐབས་གནང་བ་རེད།”
” ཕྱི་མི་ཚོས་བོད་མི་རྣམས་སྐྱིད་པོ་དང་བདེ་པོ་ཡོད་པ་བསམ་སྲིད་པ་རེད། ཡིན་ན་ཡང་དངོས་ཡོད་གནས་ཚུལ་ནི་བོད་མི་རྣམས་ལ་རང་གི་སྡུག་བསྔལ་གཞན་ལ་ཤོད་པའི་རང་དབང་ཡོད་པ་མ་རེད།”
“བོད་ཀྱི་ས་ཆ་ག་པར་བལྟས་ཀྱང་རྒྱ་མིས་ཁེངས་བསྡད་ཡོད། བོད་མི་གཅིག་ཡོད་ས་དེར་རྒྱ་མི་བཅུ་ནས་བཅོ་ལྔ་བར་དུ་ཡོད་རེད།”
“༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་བརྙན་འཕྲིན་འདི་གཟིགས་རྒྱུའི་ཆེད་དུ་ངས་རང་ཉིད་ཀྱི་རང་སྲོག་བློས་གཏོང་དགོས་བྱུང་ཡང་དགའ་ཞིང་སྤྲོ་ཞིང་གོ་སྐབས་འདི་དྭང་ལེན་བྱེད་ཀྱི་ཡིན།”
སྒེར་ལ་ཉེན་ཁ་ཆེན་པོ་དངོས་སུ་ཡོད་ཀྱང་གློག་བརྙན་འདིའི་ནང་གསལ་བའི་མི་གྲངས་ཉི་ཤུ་ཐམ་པ་ཚང་མས་རང་རང་གི་གདོང་པ་གློག་བརྙན་ནང་དུ་སྟོན་རྒྱུར་ཁས་ལེན་ཞུས་ཡོད། དབང་ཆེན་ལཊ་ཀྱིས་གསུངས་པར་གཞིགས་ན། ” བཅར་འདྲི་དྭང་ལེན་ཞུ་མཁན་འགའ་ཞིག་གིས་ང་ཚོས་ཁོང་ཚོའི་གདོང་པ་ཡིན་ཅིག་མིན་གཉིས་ཀྱིས་གློག་བརྙན་ནང་དུ་སྟོན་དགོས་ཡོད། དེ་མིན་ཁོང་ཚོས་ང་ཚོར་སྐད་ཆ་བཤད་པའི་དགོས་པ་མི་འདུག་ཟེར་གྱི་འདུག་” ཅེས་གསུངས། བརྗོད་ཚིག་འདི་ནས་ཁོང་ཚོས་པེ་ཅིན་གྱིས་བོད་ཐོག་བཤད་པའི་རྫུན་གཏམ་ལ་དགག་པ་རྒྱག་རྒྱུའི་འདོད་པ་ཤུགས་དྲག་ཆེན་པོ་ཡོད་པ་མངོན་ཐུབ།
ཉེན་ཚབས་ཆེ་བའི་གློག་བརྙན་འདི་བཟོ་སྐབས་དོན་གྲུབ་དབང་ཆེན་གྱིས་རང་ཉིད་ཀྱི་གསང་མིང་འཇིགས་མེད་ཟེར་བའི་འོག་ཏུ་ལས་དོན་བསྒྲུབས། འཇིགས་མེད་དང་འཇིགས་བྲལ་གཉིས་བོད་སྐད་ནང་དོན་གཅིག་ཡིན། དེས་ན་ཁོང་གི་གསང་མིང་དང་། ལས་འཆར་འདི་དང་འབྲེལ་བའི་སྐྱེས་བུ་ཡོད་དོ་ཅོག་གི་སྙིང་སྟོབས་བཅས་ལ་བརྟེན་ནས་གློག་བརྙན་གྱི་མིང་ལ་འཇིགས་བྲལ་ཞེས་བཏགས།
ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ ཉིན་བརྙན་འཕྲིན་གྱི་ཊེབ་ཐག་རྣམས་ཕྱི་ལ་བཏང་ཟིན་མ་ཐག་དོན་གྲུབ་དབང་ཆེན་དང་། འགོ་ལོག་འཇིགས་མེད་གཉིས་འཛིན་བཟུང་བྱས་འདུག་ ཁོང་གཉིས་ད་ལྟ་བཀག་ཉར་བྱས་ཡོད། དབང་ཆེན་དོན་གྲུབ་ནི་ཨ་མདོ་ཟི་ལིང་གི་གུང་ཤེང་བིང་གུན་ནང་བཀག་ཉར་བྱས་ཡོད་པ་དང་། འགོ་ལོག་འཇིགས་མེད་ནི་ཀན་སུའི་ནང་གི་ལིང་ཤི་ཡ་ཞེས་པའི་གྲོང་སྡེའི་བཀག་ཉར་ཁང་ཞིག་ཏུ་ཡོད་པ་ཐ་མ་དེ་མཐོང་ཡོད།
ཁོང་ཚོས་ཊེབ་ཐག་རྣམས་སུ་སིར་བསྐུར་ཏེ་དབང་ཆེན་གྱི་ཚ་བོ་རྒྱལ་ལྗོངས་ཚུལ་ཁྲིམས་ཀྱིས་ཐ་མའི་ཞུ་སྒྲིག་བཏུབ་གསུམ་བྱས་པ་རེད། ཕྱི་ལོ་༢༠༠༢ ལོར་བོད་ནས་བྲོས་བྱོལ་དུ་ཕེབས་པའི་རྒྱལ་ལྗོངས་ཚུལ་ཁྲིམས་ཀྱིས་གློག་བརྙན་འདི་བཟོ་སྐྲུན་གྱི་ཆེད་དུ་ (Fliming for Tibet )ཞེས་པ་ཞིག་གསར་འཛུགས་གནང་ཡོད།
———————————————————————————————-
གནས་ཚུལ་མང་བ་མཁྱེན་རྟོགས་དང་། གློག་བརྙན་དྲ་རྒྱ་བརྒྱུད་དེ་གཟིགས་ན་(www.leavingfearbehind.com)
ཞེས་པའི་དྲ་ཚིགས་འདིར་ཕེབས། རྒྱ་ནག་ནང་དུ་དྲ་གནས་ཁག་ནས་འཚོལ་ཐབས་གནང་བ་ཡིན་ན་རྒྱ་གཞུང་གི་བཀག་འགོག་ཡོ་བྱད་ལས་གཡོལ་ཐབས་སུ་གཉེན་ཆས་ཀྱི་ཡོ་བྱད་གཞན་གྱི་དགོས་མཁོ་ཡོད། དྲ་གནས་ཁག་གི་བྱ་ར་འགོག་པའི་ཆེད་དུ་འོས་མཚམས་ཅན་གྱི་གདམ་ཁ་ནི་་ VPN (Virtual Private Network) དང་། ཡང་ན། ངཔྲདྲསྣྲདྣརྣ ཞེས་པ་གནས་འཕྲིན་དྲ་བའི་ནང་དོན་ཟུར་གཡོལ་ཐུབ་པའི་དྲ་རྫུས་འབྱུང་ཁུངས་ཀྱི་གཉེན་ཆས་བཀོལ་སྤྱོད་བྱེད་དགོས།
གློག་འཕྲིན་བརྒྱུད་དེ་འབྲེལ་བ་གནས་ས་ནི་ (infor@leavingfearbehind.com)ཡིན།།
པདྨ་ཚེ་དབང་ཤཱསྟྲིས་དབྱིན་སྐད་ནས་ཕབ་སྒྱུར་བྱས།
གློག་བརྙན་འདི་ང་ཚོར་ངོ་སྤྲོད་བྱས་པ་ཐུགས་རྗེ་ཆེ། བོད་དོན་གྱི་རང་དབང་འཐབ་རྩོད་ཁྲོད་དཔའ་ཐུལ་མང་བོ་གཅིག་འཕྲོ་གཅིག་མཐུད་ནས་ཡོང་བཞིན་པ་འདིར་བལྟས་ན། ཡེ་ཤེས་ཀྱི་ ་་མ་འོངས་པའི་མཐོང་སྣང་་་ དེ་འཁྲུལ་བའི་སྣང་བ་ཞིག་ཡིན་པ་ང་ཚོར་ངེས་ཤེས་སྟེར་གྱི་འདུག
ངའི་མཐོང་སྣང་དེ་འཁྲུལ་སྣང་ཞིག་རྩ་བ་ནས་མིན་པ་དེ་ནི་གློག་བརྙན་དེའི་ནང་དུ་བོད་མི་གཅིག་ཡོད་སར་རྒྱ་མི་བཅུ་དང་བཅོ་ལྔ་རེ་ཡོད་པ་དང་། གློག་བརྙན་འདི་ཕྱི་ཕྱོགས་སུ་བསླེབས་མ་ཐག་གློག་བརྙན་པར་ལེན་པ་འཛིན་བཟུང་བྱས་པ། པེ་ཅིན་དུ་གློག་བརྙན་དེ་བསྟན་མ་ཐག་ཏུ་རྒྱ་དམར་གྱིས་བཀག་འགོག་བྱས་པ་འདིས་གསལ་བོར་བསྟན་འདུག དཔའ་བོ་རེ་ཟུང་གིས་མི་རིགས་ཤིག་སྐྱོབ་མི་ཐུབ། གལ་སྲིད་མི་རིགས་ཕྱེད་ཀ་དཔའ་བོ་མ་ཆགས་ན་མི་རིགས་དེ་དབང་སྒྱུར་བའི་བཙན་འོག་ནས་ཐར་ཐུབ་ཟེར་བ་ནི་སྟོང་བཤད་རང་རེད།
དཔའ་བོ་དེ་ཚོ་ཆ་ཤས་གཅིག་རེད། ངས་ཕྱོགས་མང་པོ་ཞིག་ནས་རེ་བ་མཐོང་གི་འདུག རེ་བ་ཚང་མའི་གཞི་རྩ་གཙོ་བོ་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་གི་ཁྲིམས་གཉིས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཞིག་ཡོད་པ་དེ་རེད། དེ་ཐག་བཅད་ཚར་བཅད་ཡོད་པའི་དོན་དག་ཅིག་རེད། དེ་ནི་ཐེ་ཚོམ་སྐྱེ་དགོས་མེད་པ་ཞིག་རེད། ད་དྲི་བ་ཞིག་ལྷག་ཡོད་པ་ནི་ལོ་ག་ཚོད་འགོར་གྱི་རེད། དེ་རེད། དེ་ང་ཚོས་ཚོད་དཔག་གིས་བཤད་ཁག་པོ་རེད། ཁྱེད་ཚོ་བླ་སྤྲུལ་རྣམ་པས་མོ་རེ་བརྒྱབས། ལྷ་རེ་ཕབ་དེ་འདྲ་བྱས་ཅང་མ་ཤེས་ན།
ཨོ་སྐུ་་ཞབས་མགོན་པོ་ལྷ་དང་བླ་མའི་མོ་ལུང་ལ་ཐུགས་ཡིད་ཆེས་ན། རྡ་རམ་ས་ལ་རུ་མོ་བ་གྲགས་ཅན་ཀརྨ་པ་དང་ལྷ་སྲུང་གྲགས་ཅན་སྲུང་མ་དམར་ནག་གཉིས་ཡོད་པ་རེད། དེ་ཚོར་བཀའ་འདྲི་རེ་གནང་རོགས། ང་ལྟ་བུའི་སྤྲུལ་རྫུན་རང་མགོ་མི་ཐོན་པ་ཞིག་གིས། བོད་ཆེན་པོའི་མདུན་ལམ་ཇི་ལྟར་ཤེས། ཡིན་ན་ཡང་། རྗེས་དཔག་གིས་རྩོམ་ཡིག་རེ་སྤེལ་བ་ལ་འགལ་བ་ཅང་མ་མཐོང་ལགས།
ང་ཚོས་ཁ་གདངས་ནས་མིག་གཅེར་ཏེ་འདུག གསར་འགྱུར་འདི་འདྲ་རེ་གོ་མཚམས་ང་ཚོས་ཕན་ཚུན་གླེང་མོལ་བྱེད། རེ་བ་ཆེ་ས་ནས་རྒྱོབས༎ གྲ་སྒྲིག་སྡུག་ས་ནས་བྱོས༎ འདི་ང་ཚོའི་ལངས་ཕྱོགས་བྱེད་ཡ།
ཡེ་ཤེས་ཟེར་མཁན་འདིར་གཞན་དང་མི་འདྲ་བར་གྱོད་འཛུགས་ས་མང་པ་འདི་ཅི་ཡིན་ནམ། མི་འདིས་ཤེས་མི་ཤེས་གཉིས་ཀར་ཇུས་གཏོགས་མི་བྱེད་ས་ཞིག་ཕལ་ཆེར་མེད་པ་འདྲ། ཇུས་གཏོགས་བྱེད་པ་ནི་སྤྱིར་སྐྱོན་ཞིག་ཏུ་མི་མཐོང་མོད།ཡིན་ནའང་རྒྱུ་མཚན་བགྲངས་རྒྱུ་མེད་པར་ཅ་ཅོ་སྒྲོག་པ་འདིས་ཁོ་རང་མ་གཞི་ནས་མི་གྱོད་དགའ་ཅན་ཞིག་ཡིན་པའི་ཐོག་ལ་དཀའ་ངལ་སྣོན་མར་འཕྲད་རྒྱུའི་ཉེན་ཁ་ཆེ་བར་མཐོང་། ཉེན་ཁ་ཞེས་ཞེད་སྣང་ཅན་ཞིག་བཤད་ཀྱི་མེད་པར་ཉུང་མཐའ་ཡང་ཁོའི་སྐད་ཆར་ཉན་མཁན་དང་རྩོམ་ཡིག་ཀློག་མཁན་ཇེ་ཉུང་དུ་འགྲོ་མདོག་འདུག གང་ལྟར་ང་ལ་མཚོན་ན་མི་འདིར་ཨ་ཐང་ཆད་འགོ་བརྩམས་སོང་།