བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།
ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།
རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།།
འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།
མཁས་དབང་དགེ་འདུན་ཆོས་འཕེལ།
རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བ་མི་བྱ་ཤཱཀྱའི་སྲས། ཅེས་པ་བྲིས་ན་འགྲིགས་འདུག་བསམ། མི་ནུས་ཅེས་པའི་ཚིག་དེ་ཁྱད་མཚར་པོ་འདུག། གང་ཤེས
དགེ་ཆོས་ཁྱེད་ལ་ཕྱག་འཚལ་ལོ།།འོག་གི་ནམ་མཁའི་རྩོ་གི་མགོ་བོནོན
ད་ཚིགས་བཅད་འདི་ཁྱད་མཚར་ཞིག་འདུག། འདི་སྟོན་པ་བཅོམ་ལྡན་འདས་ལ་གསུང་གི་ཡོད་དམ། ཡང་ན་ཁོང་གི་སྲས་རྣམས་ལ་གསུང་གི་ཡོད་མེད་གསལ་པོ་མིན་འདུག། སྔོན་གྱི་ཡིག་ཆ་ཁག་གཅིག་གི་ནང་ལ་ཤཀྱའི་སྲས་ཅེས་སྟོན་པ་ཁོང་ལ་ཡང་གོ་བཞིན་ཡོད། རྒྱུ་མཚན་ནི་ཁོང་རིགས་བརྒྱུད་ཤཀྱ་ཡིན་པས་སོ། དེ་ལྟར་ཡིན་ན། ས་ག་ཟླ་བའི་ནང་ལ། ནང་པ་རྣམས་དགེ་སྒྲུབ་བྱེད་པའི་དུས་ཚོད་འདིར། ཁ་བརྡ་ཚང་གིས་ཚིགས་བཅད་འདི་འདིར་བཀལ་ནས་མི་དམངས་ནང་ལ་རྙོག་འདྲ་སློང་རྩིས་ཡིན་ནམ། དམིགས་ཡུལ་མི་ཤེས། འདྲི་བ་ཡིན། འདིར་ཚིགས་བཅད་འདི་བཅུགམཁན་གྱི་མིང་མིན་འདུག། ཡོངས་གྲགས་དགེ་ཆོས་ཀྱི་རྩོམ་ཡིན་པ་་ཤེས་ཀྱི་ཡོད།
འོག་འདི་ལ་ཁ་བརྡ་ཚང་གི་མིང་ཞིག་འདུག། བྱས་ཙང་འདྲི་བ་ལ་བཀོད་པ་ཡིན།
སྙན་ངག་མཁན་ཚོ་རྐུན་མ་ཡིན།།
ང་རང་རྐུན་མའི་རྒྱལ་པོ་ཡིན།།
ནམ་མཁའ་ཕལ་ཆེར་དེ་མཚུངས་རེད།།
ད་དུང་འདི་འདྲ་མང་ས་རེད།།
ཨོ་་་་་དེ་རིང་ས་ག་ཟླ་བ་རེད། དགེ་བ་ཕུན་སུམ་ཚོགས་པར་ཤོག དགེ་བ་ཕུན་སུམ་ཚོགས་པར་ཤོག
ཟུར་གནས་ལགས། བདག་ཅག་གི་སྟོན་པ་དེ་ཉིད་ཤྭཀྱའི་རིགས་ལས་འཁྲུངས་པའི་སྲས་ཡིན་པས། ཤྭཀྱའི་སྲས་ཞེས་པ་འདི་གོང་ཉིད་ལ་གོ་རྒྱུ་རེད།
ལྷས་བྱིན་ཁྲོས་པའི་སྒྱོགས་ཀྱིས་རྐང་པ་རྨས། །
ལོ་དྲུག་ཟ་མས་གདུང་ནས་སྐམ་པོ་ཆགས། །
མཛེས་མའི་འཁོར་ཚོགས་སྤངས་པའི་སྐལ་ཆད་པོ། །
ཁྱོད་ལ་སྐྱབས་སུ་འགྲོ་བའི་ང་རེ་རྨོངས། །
ཁ་བརྡ་དྲ་ངོས་ཀྱི་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚོ་ཕེབས་ནས། ཚིགས་བཞི་འདིར་ཚིག་དོན་གཉིས་ཐད་ནས་འགྲེལ་བ་རེ་བསྐྱོན་ན་མ་གཏོགས། མི་ཁ་ཤས་ཀྱིས་མ་ཤེས་མུན་མདའ་འཕངས་ནས་རང་མཚང་ཁྲོམ་སྟོན་བྱེད་ཀྱིན་གདའ། ཧཧཧཧ།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
ཀླུ་སྨྱོན་ཚང་ཕེབས་ཡོད་པར་དགའ། ལོག་པར་སྨྲ་བ་དང་མ་ཤེས་སྨྲ་བ་འདི་ཚོའི་ཆེད། ཚིགས་བཞི་འདིར་འགྲེལ་བ་རྟ་ཐོག་མ་ཞིག་མཛད་ནས་འདི་ཚོ་རྗེས་སུ་འཛིན་རོགས། པ་རྒྱ་པ་ཁོ།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
ཚིག་བཞི་འདི་ནི་རྗེ་ཙོང་ཁ་པའི།
མདའ་མཚོན་གོ་ཆ་མ་བཟུང་བར། །
རང་ཉིད་གཅིག་བུས་བྱེ་བའི་བདུད། །
མ་ལུས་ཕམ་མཛད་གཡུལ་གྱི་ལས། །
ཁྱོད་ལས་གཞན་པ་སུ་ཡིས་ཤེས། །
ཞེས་པ་འབྲི་སྟངས་ལ་ལད་ཟློས་བྱས་པ་ཞིག་ཡིན་པའི་ཚོར་བ་སྟེར་བ་དང་། ད་དུང་དགེ་ཆོས་ཀྱི་དགེ་རྒན་ཡིན་ལ་མིན་ལ་བྱེད་པའི་རྡོ་སྦིས་དགེ་བཤེས་ཤེར་རྒྱམ་པའི་རྗེ་བླ་མའི་བསྟོད་པ་སྤོས་ཀྱི་རྫིང་བུ་ལའང་ལད་ཟློས་བྱས་པའི་ཚུལ་འདྲ་འདུག གང་ལྟར་མེ་ལོང་མ་བཞིན་བྱས་ན་འདི་ནི་ཟོལ་བསྟོད་ཀྱི་རྒྱན་ཞེས་པ་དེ་བེད་སྤྱད་དེ་བྲིས་པའི་སྙན་ངག་ཅིག་རེད། ངག་རྒྱུན་ལྟར་ན་འདི་ནི་དགེ་ཆོས་ཆང་གིས་བཟི་བའི་མཚན་མོ་ཞིག་ལ་ཉག་རོང་ཟླ་བཟང་གིས་བསྐུལ་ངོར་སྐར་མ་འགའི་རིང་བྲིས་པར་གྲགས།
བསྟོད་པ་འདིའི་་་་ཚིག་རྐང་དང་བོས་བྱམས་བརྩེ་བསྟན་པ་དང་་་་་གཉིས་པས་བཟོད་པ་དང་་་་་གསུམ་པས་སྙིང་རྗེ་དང་་་་་ཐ་མས་འཇིགས་རུང་འཁོར་བའི་མཚོ་ཆེན་འདི་ལས་ཐར་བར་སྟོན་པར་བློ་དང་བདེན་པའམ་སྐྱེ་བོ་སུ་ཡིས་ཀྱང་གང་ལ་འགྲན་པ་མི་ནུས་པར་སྟོན་ཡིན་པས་་་་་་ཚིག་བཅད་འདི་རང་བཞིན་བརྗོད་པའི་རྒྱན་ལ་འདོད་སོང་་་་
དབྱངས་ཨས་བསྔགས་པ།
ཕམ་སླད་འགྲན་ཟླར་ལྷགས་ཀྱང་འགྲན་བྲལ་བ།།
མཛའ་བས་གཏམས་གང་ཐབས་མཁས་མངའ་བས་ན།།
རང་གཞན་ཕམ་ལ་མ་སྦྱར་ལམ་བཟང་བསྟན།།
ལན་བརྒྱར་བསྔགས་ཀྱང་ཆ་ཤས་ཙམ་ལས་གང་།།
༧སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་།།
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།།
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག།
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།།
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།།
རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ།།
ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ།།
གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ།།
མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ།།
མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ།།
གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ།།
རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས།།
མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ།།
མགོན་པོ་ཐུགས་རྗེ་ཆེ་ལྡན་པ།།
ཐམས་ཅད་མཁྱེན་པའི་སྟོན་པ་པོ།།
བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌།།
དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།།
དག་པས་འདོད་ཆགས་བྲལ་བར་གྱུར།།
དགེ་བས་ངན་སོང་ལས་གྲོལ་ཞིང༌།།
གཅིག་ཏུ་དོན་དམ་མཆོག་གྱུར་བ།།
ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།།
གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།།
བསླབ་པ་དག་ལ་རབ་ཏུ་གནས།།
ཞིང་གི་དམ་པ་ཡོན་ཏན་ལྡན།།།
དགེ་འདུན་ལ་ཡང་ཕྱག་འཚལ་ལོ།།
བདེ་གཤེགས་སྲས་བཅས་ཀུན་ཀྱི་ཐུགས་བསྐྱེད་དང་།།
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།།
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
༧ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདིར་ཀུན་ལ་དགེ་ཞིང་ཤིས་པའི་སྨོན་འདུན་ཞུ།
དྲ་གྲོགས་རྣམས་པ་ལགས།
བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།
ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།
རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།།
འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།
ཚིགས་བཅད་འདི་ཉག་རོང་ཟླ་བཟང་གི་གསུངས་མ་ཡིན་ནམ།
སྨད་པའི་ཟོལ་གྱིས་བསྟོད་པའི་ཆ་ཡི་ཀ་ཕྲེང་མུ་འགོད།
ཀ་ཅི་དར་གོས་ཚབ་ཏུ་ངུར་སྨྲིག་གོས་བསྣབས་ཏེ།།
ཁ་ཟས་སྤྱོད་ཚེ་སྨན་གྱི་འདུ་ཤེས་རང་བསྟེན་པའི།།
གའུ་ཏམ་ཞེས་བྱ་འཁོར་བའི་ཕུན་ཚོགས་ལ་སྐྲག་དེ།
ང་ཡི་གཏན་གྱི་སྐྱབས་གནས་མི་བསླུ་བར་རུང་ངམ།།
དགེ་ཆོས་ལགས།
ཆང་བསྐྱལ་བའི་ཚོར་བ་བན་བུན་ནས།།
ཟོལ་བསྟོད་ཀྱི་རྒྱན་གྱི་བསྟོད་པ་འདིས།།
བྱམས་བརྩེ་ཡི་བདག་ཉིད་རྟོགས་ཆེད་དུ།།
སྙན་ངག་གི་ཉམས་འགྱུར་ཕུལ་དུ་བྱུང་།།
མེ་ལོང་མའི་རྩ་བར་།
གལ་དེ་སྨད་པ་བཞིན་བསྟོད་ནས་།
སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད་།
གང་དུ་ཉེ་བར་ཐོབ་གྱུར་པ་།
འདི་ནི་ཟོལ་གྱིས་བསྟོད་པར་བཤད་། ཅེས་གསུང་སོ་།
བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་གྱིས།
ཕ་རོལ་མུན་པའི་གདུང་བ་ཕམ་མཛད་ཅིང་།
བདེ་ཆེན་དག་པའི་ཞིང་དུ་གཤེགས་པའི་སྲས།
ཤཀྱའི་སྲས་མཆོག་དེ་ལ་ཕྱག་འཚལ་ལོ།
དགེ་ལེཊ་ལྷུན་གྲུབ་ཕུན་ཚོགས་ཉིན་མོ་འདིར།།
དགེ་ལྡན་བཀྲ་ཤིས་དོན་འགྲུབ་ཡོང་བའི་སླད།།
དགེ་བཅུ་ཁྲིམས་སྲུང་ཚོཊ་གསག་སྒྲིབ་སྦྱང་གིས།།
དགེ་བས་འགྲོ་ཀུན་འཁོར་བ་ལས་སྒྲོལ་ཤོག།
སྲིད་པའི་བདེ་དགའ་དུག་ཏུ་མཐོང་ནས་རྒྱལ་སྲིད་འབྱོར་པ་རྒྱང་རིང་དོར། །
ཉེ་འབྲེལ་བདུད་ཀྱི་གཡབ་མོར་དགོངས་ནས་གྲོགས་མེད་དབེན་པའི་རི་སུལ་བསྙེགས། །
ཀུན་རྟོག་འཁོར་བའི་འཁྲུལ་གཞིར་གཟིགས་ཏེ་འཛིན་མེད་ངང་དུ་ལྷོད་ལ་བཞུགས། །
སྐྱེས་ནས་སྐྱེ་བའི་ཕྲེང་བ་ཀུན་ཏུ་དད་བརྒྱས་འདུད་དོ་ཤཱཀྱའི་ཏོག །