གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་ཉེན་རྟོག་པས་ཉེ་ཆར་ཚེས་༡༥་ཉིན་བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་གི་ཉེ་འཁོར་དུ་དུ་ནམ་རྒྱུན་ངལ་རྩོལ་བྱེད་ཁུལ་གྱིས་སྡོད་མཁན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་གཉིས་འཛིན་བཟུང་བྱས་ཡོད་འདུག། གནས་ཚུལ་དེའི་རྐྱེན་པས་ད་ཆ་བཞུགས་སྒར་ཁུལ་གྱི་གོང་ས་མཆོག་གི་ཕོ་བྲང་གི་གཙོས་རྡ་སའི་ཉེ་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་ཇེ་དམ་དུ་བཏང་ཡོད་པ་དང་། འཇིགས་སྐུལ་བ་དེ་གཉིས་ལ་ད་ཆ་ཉེན་རྟོག་པས་བཀག་གཉེར་འདྲི་རྩད་བྱེད་བཞིན་པའི་སྒང་ཡིན་པར་ཞིབ་ཕྲའི་གནས་ཚུལ་གསར་ལམ་ཁག་ལ་བཤད་རྒྱུ་སྔ་དྲག་པ་ཉེན་རྟོག་པའི་འགོ་བས་བཤད་འདུག།
འདི་ཙོ་གསར་འགྱུར་ཞིག་མ་རེད། ཨ་ཁུ་གསུབ་ཞོགས།
གསར་འགྱུར་གལ་ཆེ་བོ་མཐོང་སོང་། །དོད་ཀྱི་རྒྱལ་ས་གཉིས་པ་དེ་ལ་སྡེ་སྲུང་དགོས་པ་དེ་གལ་ཆེན་པོ་རེད། ། ཁྱད་པར་་་
གསར་འགྱུར། ༧གོང་ས་མཆོག་གིས་ཕྱི་ཟླ་དང་པོའི་མཇུག་དང་གཉིས་པའི་ཚེས་འགོར་འབྲས་སྤུངས་ཆོས་སྒར་དུ་ཆིབས་བསྒྱུར་གྱིས། ཁོང་གིས་མཛད་པའི་དབུ་མ་རྩ་བ་ཤེ་རབ་ཀྱི་འགྲེལ་བའི་སྟེང་ནས་གསུངས་ཆོས་གནང་རྒྱུ་རེད་འདུག
འོ་ཡང་གསར་འགྱུར་ཞིག་འདུག ད་ལོའི་འཇང་དགུན་འབྲས་སྤུངས་ཆོས་སྒར་དུ་ཚོགས་འདུག ནམ་རྒྱུན་དང་མ་འདྲ་བ་ཞིག་ནི་ད་ལོའི་འཇང་དགུན་ཆོས་ལ་བཀའ་བརྒྱུད་པ་མང་པོ་སློབ་གཉེར་ལ་སླེབས་ཡོད་པའི་གསར་འགྱུར་འདུག
ཡང་གསར་འགྱུར་གལ་ཆེན་ཞིག་ཡོད། ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་སྟེ། ནེའུ་ཡོག་དང་། ནེའུ་ཇར་སེ། ཕན་ཚིན་ཝེ་ནི་ཡ། ཝ་ཤིན་ཀྲོན་སོགས་ལ་གངས་ཨིན་ཅི་༡༥ བརྒྱབ་ནས་གནམ་གཤིས་ཤིན་ཏུ་གྲངས་མོ་ཆགས་ཡོད་པས། ཚང་མས་གོས་མཐུག་པོ་གྱོན་ན་མ་གཏོགས་ཆམ་ནད་ཕོག་ཉེན་ཡོད།
ཡང་གསར་འགྱུར་གལ་ཆེན་ཞིག་ནི་བདུན་ཕྲག་འདིའི་ནང་དུ་རྒྱ་གར་གྱི་རྒྱལ་ས་རྡི་ལེ་རུ་གནམ་གཤིས་ཤིན་ཏུ་གྲང་མོ་ཆགས་ནས་མི་གསུམ་ཤི་ཡོད་པའི་གནས་ཚུལ་འདུག་ན། བོད་རིགས་རྒྱ་གར་དུ་ཕེབས་མི་རྣམས་ནས་གང་གཟབ་ཀྱིས་གྱོན་གོས་མཐུག་པོ་བསྣམས་ཕེབས་རོགས་ཟེར་ནས་བསྒྲགས་འདུག གསར་འགྱུར་ནི་ཁ་པར་བརྒྱུད་ལམ་ཁག་ནས་ཡིན།
འཇིགས་སྐུལ་བ་མང་དུ་འགྲོ་རྒྱུ་རེད། ཨ་རུ་འཇིགས་རྒོལ་དམག་དོན་ཕལ་ཆེར་ཕམ་ལ་ཉེ་བས་རྒྱལ་སྤྱིའི་སྟེང་བྷུན་ལ་ཌིན་གྱིས་ཉམ་ཆུང་ཚོའི་རང་དབང་འཐབ་རྩོད་བྱེད་པའི་ལམ་ལུགས་ཤིག་གསར་དུ་བཏོད་པ་ལྟ་བུ་ཆགས་པ་འགྱུར་ཞིང་། དེ་ལྟར་གྱུར་ནས་ལམ་ལྷོང་ཡོང་ཚེ་མང་པོ་ཞིག་གིས་མིག་དཔེ་ལྟ་ངེས་རེད།
༧གོང་ས་མཆོག་གིས་མཛད་པའི་་་་་་དབུ་མ་རྩ་བ་ཤེ་རབ་ཀྱི་འགྲེལ་བ་་་་་ཞེས་པ་ཞིག་ཡོད་དམ། ཡོད་ན་བལྟ་འདོད་ཤིན་དུ་ཆེ། བོད་ཡིག་ནང་དུ་ཡོད་དམ་དབྱིན་ཇི་ནང་དུ་ཡོད། སྤྱིར་༧གོང་ས་མཆོག་གིས་མཛད་པའི་་འགྲེལ་བ་་་ཁག་ཡོད་དམ། ཡོད་ན་གསུངས་རོགས་དང།
ཕྱི་མི་རིགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ལས་ནང་གི་འཇིགས་སྐུལ་རིང་ལུགས་པ་ཉེན་ཁ་ཆེ། བདེ་སྲུང་ལས་བྱེད་པ་རྣམས་ཀྱིས་དོགས་ཟོན་བྱེད་དགོས་ན་དེ་དག་ལ་བྱེད་དགོས།
དྷ་སར་གསར་འགྱུར་འདི་དེ་འདྲ་གལ་ཆེན་དུ་བརྩི་གི་མི་འདུག་ལ། ཡིད་ཆེས་ཀྱང་བྱེད་ཀི་མི་འདུག དེང་སང་བོད་ཕྲུག་ཚོ་ཇ་ཧ་ཅང་མང་དུ་གྱུར་པ་དང་སྤྱིར་དྷ་སར་མི་མང་པོ་ཆགས་ཡོང་དུས་བློ་རྡེག་ཏུ་སྐོར་སྲུང་བ་ཇེ་མང་དུ་གཏོང་དགོས་ཐཏུགས་པས་འདི་འདྲ་བཤད་པ་རེད་སོགས་འདྲ་མིན་བཤད་མཁན་འདུག གར་ལྟར་ཀྱང་དྷ་སའི་མི་ཚོས་འདིའི་སྐོར་དེ་འདྲ་གལ་ཆེན་དུ་བརྩི་གི་མི་འདུག་ལགས།
༡ ༧གོང་ས་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་འཕེབས་དུས་དང་ཕྱིར་ལོག་འཕེབས་སྐབས་འཕེབས་ལམ་གཡས་གཡོན་དུ་མཇལ་ཁ་བ་རྣམས་ཧ་ཅང་ཐག་ཉེ་པོ་དང་ཚང་ཁ་ཚ་པོ་བྱེད་ཞི་བདའ་།
༢ དེ་བཞིན་རྒྱ་གར་ས་གནས་ཁག་དང་ ཕྱི་རྒྱལ་ཁག་དུ་འཆིབས་བསྒྱུར་གནང་སྐབས་ཀྱང་མཇལ་ཁ་བ་རྣམས་ཚང་ཁ་རྒྱབས་ཏེ་ཧ་ཅང་ཐག་ཉེ་པོ་དང་ཟང་ཟིང་བྱེད་ལེ་བདའ་།
༣ ལྷག་པར་༧གོང་ས་མཆོག་ཨ་རི་སོགས་ཕྱི་རྒྱལ་ཁག་དུ་འཆིབས་བསྒྱུར་གནང་སྐབས་མཛད་རིམ་ཧ་ཅང་དམ་ཞིང་མཛད་བྲེལ་ཆེ་བའི་ཁར་སྐུ་ངལ་གསོ་བའི་དུས་ཡུན་འདེང་ངེས་མེད་པའི་༧གོང་ས་མཆོག་ལ་ཧ་ཅང་སྐུ་སྙེས་པོ་འདུག་ དཔེ་ན་ ཉེ་ལམ་ཁེ་ན་ཌར་འཆིབས་བསྒྱུུར་སྐབས་ཁེ་ལི་ཕོར་ནིཡའི་སྤྱི་ཁྱབས་བློན་ཆེན་གྱི་བཅམ་མོ་རི་ཡ་ཤིརྰཡེ་ཝར་ནས་༧གོང་ས་མཆོག་ལ་བརྙན་འཕྲིན་ཐོག་བཅར་འདྲི་གནང་སྐབས་ ༧གོང་ས་མཆོག་སྐུ་ཧ་ཅང་སྙེས་པོ་ཡོད་པ་མཇལ་ཞི་འདུག་ བརྙན་འཕྲིན་དེ་ཚང་མའི་བལྟ་ཐུབ་ལེ་རེད་།
༧གོང་ས་མཆོག་གི་སྐུ་ཆས་ལྷག་གཙོ་ཆེ་བ་ངེད་ཚོ་བོད་མི་རིགས་ལ་གཞན་ཆི་ཡོད་ ༧གོང་ས་མཆོག་ཕན་ཚུན་འཆིབས་བསྒྱུར་གྱི་མཛད་རིམ་ཐོག་མར་བཟོ་སྐབས་སུ་ཉིན་རེའི་མཛད་རིམ་བར་སྐུ་ངལ་གསོ་བའི་དུས་ཡུན་མི་མྱུང་བ་གང་མཚམས་འབུལ་དགོས་ཞི་བདའ་ སྐུ་ངལ་གསོ་ཡུན་རིང་སུ་གང་ལའང་མཇལ་ཁ་དང་དམིགས་བསལ་མེད་པར་སྐུ་སྒེར་ཡིག་ཚང་ངམ/ལས་བྱེད་ ཡང་ན་བདེ་སྲུང་ལས་ཁུང་ནས་སྒྲིགས་གཞི་དམ་འཛིན་བརྟན་པོ་གནང་དགོས་ཞི་བདའ་ ལོ་མང་གོང་ཁེ་ན་ཌར་འཆིབས་བསྒྱུར་སྐབས་མི་མང་ནས་༧གོང་ས་མཆོག་གི་མཛད་རིམ་ཡངས་དུ་འམ་ ལྷོད་དུ་བཟོ་དགོས་ལེའི་མི་མང་ནས་རེ་བསྐུལ་སྙན་ཞུར་ས་རྟགས་བསྡུ་རུབ་བྱས་ཏེ་ཕུལ་ཡོད་ཀྱང་ ད་ལྟའང་༧གོང་ས་མཆོག་ཕྱི་རྒྱལ་ཁག་དུ་འཆིབས་བསྒྱུར་གྱི་མཛད་རིམ་ཁག་ལྷོད་དུ་བཟོས་ལེའི་འགྱུར་བ་མཐོང་ཞི་མི་བདའ་ དེ་ཐད་སྐུ་སྒེར་ཡིག་ཚང་ངམ་ བདེ་སྲུང་ལས་ཁུང་གཉིས་ནས་བཏང་འཛིན་དམ་པོ་བྱེད་དགོས་ཞི་བདའ་ འདི་རང་གི་བསམ་ཚུལ་དང མཐོང་ཚུལ་ རེ་བསྐུལ་ཡིན་ རང་གི་ནོར་བུ་དེ་རང་གི་ཡག་པོ་སྲུང་རྒྱུར་འཐུས་ཤོར་གཏོང་ཐལ་ལེ་མ་རེད་།
bonpo ལགས་ ༧ གོང་ས་མཆོག་གིས་མཛད་གནང་བ་་་་་་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ཟིན་བྲིས་ཟེར་བའི་ཕྱག་དེབ་ཅིག་་་་བཀའ་འབུམ་སྡུད་སྒྲིག་ཁང་ནས་འགྲེམས་སྤེལ་བྱས་འདུག །
༸སྐུའི་སྐྱུ་ཕྱྭའི་སྐོར་ལ་འགྱོད་ཐལ་མེད་པ་ཅིག་ཚང་མས་གཟབ་དགོས་རེད།
bonpo ལགས་ ༧ གོང་ས་མཆོག་གིས་མཛད་གསུངས་གནང་བའི་<>སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཟིན་བྲིས་བཏབ་པ་ཞིག་ཡོད་པ་དེ་རེད། ཕྱག་དེབ་དེ་བཀའ་འབུམ་སྡུད་སྒྲིག་ཁང་ནས་འགྲེམས་སྤེལ་བྱས་འདུག །