བོད། ལྷ་ཀླུ་གཉན་གསུམ།
དེ་རིང་དཀྱིལ་དབུས་སུ་འབོད་པའམ་ཨེས་སུ་རལ་གྱི་ལྷོ་ཕྱོགས། གྲོང་ཁྱེར་ཀྲེ་ལ་བས་ནས་ལྷོ་ཕྱོགས་ཨེས་ལ་གྲི་ལ་འགྲོ་བའི་རླངས་འཁོར་ཨང་གྲངས་དགུ་གསུམ་གཉིས། ཉིན་གོང་ཆུ་ཚོད་བཅུ་གཉིས་གཡས་མས་སུ་ཨེས་ལ་གྲའི་ཕྱོགས་སུ་ཤར་བསྐྱོད་བྱེད་བཞིན་པའི་སྐབས་སུ། འཇིགས་སྐུལ་བ་ཉི་ཤུའི་གྲུབ་པའི་ཚོ་ཁག་ཆུང་ཆུང་ཞིག གར་ཡོང་འདིར་ཡོང་མ་ཤེས་པར། ཐག་ཉེ་སའི་རི་སྒང་ནས་མེ་མདའ་བརྒྱབས་པ་དང་། རླངས་འཁོར་ནང་གི་མི་བདུན་གསད་འདུག་ལ། སོ་གསུམ་རྨས་འདུག རླངས་འཁོར་གཉིས་པ་ཞིག་ཡོང་བཞིན་པ་དེ་ཡི་ནང་དུ་ཁ་ལོ་བ་མ་གཏོགས་མེད་ན་ཡང་། འཇིགས་སྐུལ་བ་ཞིག་གིས་རང་ཉིད་ཀྱི་ལུས་སུ་བཏགས་པའི་འགད་རྫས་དང་མཉམ་དུ་ཁོ་རང་ཡང་ཤི་འདུག སྒེར་འཁོར་ཞིག་ལ་མེ་མདའ་བརྒྱབས་དེ་ནང་གི་མི་བཞི་གསད་འདུག གསར་འགྱུར་ད་ལྟ་རང་བཤད་བཞིན་པ་དེ་དག་ལ་ཉན་ནས་གོ་བ་ཡིན་ན། འཇིགས་སྐུལ་བ་དེ་དག་གི་ཁྲོད་ནས་མི་དགུ་ཨེས་སུ་རལ་གྱི་དམག་མི་འབྱོར་ནས་མེ་མདའ་བརྒྱབས་དེ་གསད་འདུག ནང་གི་གཉིས་ཀྱི་གཟུགས་པོའི་སྟེང་དུ་བགད་རྫས་ཀྱང་ཡོད་རབས་ཟེར་གྱི་འདུག ད་ལྟ་ཡང་ཨེས་སུ་རལ་གྱི་དམག་མི་ཡིས་འཇིག་སྐུལ་བ་ལྷག་མ་དེ་དག་གི་རྗེས་འདེད་གཏོང་གི་ཡོད་རབས་བཤད་ཀྱི་འདུག
གསར་འགྱུར་རང་ནས་བཤད་པར་ཉན་ན། འཇིགས་སྐུལ་བ་དེ་དག་ནི་ཨེས་རྗབ་རྒྱུད་ནས་ཡོང་བ་ཡིན་པར་བཤད་ཀྱི་འདུག ཨེས་རྗབ་དང་ཨེས་སུ་རལ་གྱི་ས་མཚམས་ནི་མཐའ་སྲུང་དམག་མི་དམ་པོ་དེ་འདྲའི་སྲུང་མཁན་མེད་ལ། སྲུང་དགོས་བྱུང་ན་ཡང་། བྱང་ཐང་ཆེན་མོ་ཞིག་ཡིན་པར་བཤད་ཀྱི་ཡོད། ད་ལྟ་རང་བཤད་པར་ཉན་ན་རྗེས་འདེད་གཏོང་མཁན་གྱི་དམག་མི་དེ་དག་གི་ཁྲོད་ནས་གཅིག་ལ་རྨས་སྐྱོན་ཚབ་རྐྱེན་འཕོག་རབས་བཤད་ཀྱི་འདུག
འཇིགས་སྐུལ་བའི་ཁྲོད་ནས་གསད་མ་ཐག་པའི་མི་ཞིག་གི་འདྲ་དཔར་བསྟན་ནས། མི་དེ་ཉིད་ཀྱི་འབྱུང་ཁུངས་ནས་བཤད་ན། དེ་ནི་ཨ་རྫ་ནས་ཡོང་བ་ཡིན་པར་བཤད་ཀྱི་འདུག ཁོང་ཚོས་གསར་འགྱུར་ལས་བཤད་པ་ལྟར་ན། འཇིགས་སྐུལ་བ་དེ་དག་ནི་ཨ་རྫ་ནས་ཡོང་བའི་ཁ་ཆེ་བ་རྐྱང་རྐྱང་རེད་འདུག
ལྷ་ཀླུ་གཉན་གསུམ་གྱིས་གསར་འགྱུར་གསར་པ་གསར་རྐྱང་ཞིག་བཀོད་འདུག་པར་དགའ་བསུ་ཡོད་མོད་ང་ཚོ་ལ་དེ་ཙམ་འབྲེལ་བ་མི་འདུག སྐུ་ཞབས་ཨ་ནན་ཨ་ཛར་གྱིས་འགོ་ཁྲིད་ནས་གནས་ཚང་འདི་བ་་ཚང་ལ་རྒྱལ་ཡོངས་རང་བཞིན་གྱི་གསར་བརྗེའི་ལས་འགུལ་ཆེན་མོ་ཞིག་གིས་ས་ཆེན་པོའང་ཡོམ་ཡོམ་གཡོ་བཞིན་འདུག་ན་དེའི་སྐོར་གྱི་གནས་ཚུལ་གསལ་བོ་རེ་གསུང་མཁན་ཡོད་ན་ཐུགས་རྗེ་ཆེ་ཞུ། ལས་འགུལ་འདི་ང་ཚོ་གངས་ཅན་སྐྱིད་གཤོངས་ཚང་གི་བདེ་སྡུག་ལའང་འབྲེལ་བ་དམ་ཟབ་འདུག་སྙམ།
ལྷ་ཀླུ་གཉན་གསུམ་ཐུགས་རྗེ་ཆེ། ཁྱེད་རང་གི་རྒྱལཕྱིའི་གསར་འགྱུར་འདིར་དུས་ཐོག་བཀོད་པར་ཡི་རང་བསྔགས་བརྗོད་ཡོད་ ད་དུང་མི་མཐུད་དུ་འགོད་རོག་གནང།
ཨ་རོགས། ས་དེ་ནས་དེ་མོ་ཞིག་ཡིན་ན། གཟབ་གཟབ་བྱས་ཡ།
ང་ལ་རང་གིས་༼གཞནཡུལ་འཚོ་བ་དང་ལས་ག་འདི་འདྲ་རེད༽ཞེས་བའི་མུ་མཐུད་ལོ་རྒྱུས་དེ་ཀློག་པར་སྐོམ་བ་ཆུ་བཞིན་ཡིན།།